མཛད་པ། 16 - གློ་བ།ཏི་མོ་ཐེའུ་ཡིས་པའུ་ལུ་དང་སིལ་བ་ནུ་མུ་ལ་ལས་ཀ་བྱེད་བ། 1 པའུ་ལུ་དེར་བེ་དང་ལུས་ཏྲ་རུ་ཕེབས་ཏེ་འོ་དུ་རུ་ཏི་མོ་ཐེའུ་སྨྲ་མཁན་ཉེ་གནས་གཅིག་འོད་ད་ལགས། ཁོའི་ཨ་མ་གོ་གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་མཁན་ཡ་ཧུ་དཱ་པ་ལགས། དེ་ནས་ཨ་རྒས་གོ་གྷི་རིག་ལགས། 2 ལུས་ཏྲ་དང་ཨི་ཀོ་ནི་ཡོན་ལ་འོད་མཁན་དད་པ་བྱེད་མཁན་ཀྱ་ཡིས། ཏི་མོ་ཐེའུ་ལ་མི་དྲང་པོ་ལགས་སྨྲས་རེ་བརྩིས་ལ་ལགས། 3 པའུ་ལུ་ཡིས་ཁོ་ལ་མུ་ལ་འཁྲིད་ཉིད་འདོད་པ་ལགས། དེ་ནས་ཡ་ཧུ་དཱ་པ་ཀྱ་ལ་གིན་ད་སྐྱོན་མ་བྱུང་བར་ཤོག་སྨྲས་རེ། ཁོས་ཏི་མོ་ཐེའུ་ཡི་ལྤགས་བོ་བཅད་དེ་རྟགས་བརྒྱབ་ཀྱིན་སྲོལ་གོ་བྱས་བ་ལགས། གི་བྱས་རེ་སྨྲ་ན་འོ་དེ་ས་ཆ་ལ་བསྡད་མཁན་ཡ་ཧུ་དཱ་པ་ཀྱ་ལ། ཏི་མོ་ཐེའུ་ཡི་ཨ་རྒས་གྷི་རིག་ལགས་སྨྲ་གིན་ལབ་ཆ་འོད་ད་ལགས། 4 འོ་དེ་གཤམ་ནས་ཁོང་ཀྱ་རྒྱལ་ས་རྒྱལ་ས་རུ་སོང་བ་ལགས། དེ་ནས་ས་ཆ་གི་རི་ལ་འོད་མཁན་གཙོ་བོའི་ཉེ་གནས་ཀྱ་ལ་ཡེ་རུ་ཤ་ལེམ་གྱི་སྐུ་ཚབ་དང་། དད་པ་བྱེད་མཁན་ཆོས་ཚོགས་ཀྱི་འགོ་ཁྲིད་ཀྱ་ཡིས་གྲོས་བྱས་བྱ་ལབ་ཀྱ་བཤད་པ་ལགས། དེ་ནས་དེ་ལབ་ཀྱ་རྩིས་སྨྲས་རེ་བསླབ་བྱ་སྟེར་པ་ལགས། 5 དེ་རེ་བྱས་རེ་ཆོས་ཚོགས་ཀྱི་མི་ཀྱ་ཡི་དད་པ་ཤུགས་ཆེ་རུ་སོང་བ་ལགས། དེ་ནས་ཉིན་མ་ཏེན་ཀྱ་དད་པ་བྱེད་མཁན་མི་ཀྱ་མང་དུ་སོང་བ་ལགས། པའུ་ལུ་ཡིས་ཏོ་རོ་ཨཱས་རྒྱལ་ས་རུ་མཐོང་ཐ་མཐོང་སྣང་། 6 དམ་པའི་ཐུགས་ཉིད་ཀྱིས་པའུ་ལུ་དང་། སིལ་བ་ནུ་དང་། ཏི་མོ་ཐེའུ་ལ་ཨེ་ཞི་ཡཱ་ཕྱོགས་ལ་གཏམ་བཟང་བཤད་དུ་འགྲོ་ཡས་ལ་བཀག་མཛད་དེ། ཁོང་ཀྱ་ཕ་རུག་ཡཱ་དང་ག་ལ་ཏི་ཡཱ་ཕྱོགས་ནས་བྱུང་རེ་སོང་བ་ལགས། 7 མོ་སི་ཡཱ་རྒྱལ་རབས་ཀྱི་ས་མཚམས་ལ་སླེབས་ཏེ། ཁོང་ཀྱ་ཡིས་བི་ཐ་ནི་ཡཱ་རྒྱལ་རབས་ཕྱོགས་ལ་འགྲོ་ཡས་བསམ་བློ་བཏང་བ་ལགས། ཡིན་ནའང་ཡེ་ཤུ་ཡི་ཐུགས་ཉིད་ཀྱིས་ཁོང་ཀྱ་ལ་འོ་དུ་རུའང་འགྲོ་རུ་མ་བཅུག་པ་ལགས། 8 འོ་བྱས་རེ་ཁོང་ཀྱ་མོ་སི་ཡཱ་བྱུང་རེ་ཤ་རེ་ཏོ་རོ་ཨཱས་རྒྱལ་ས་རུ་སོང་བ་ལགས། 9 འོ་དེ་དགོང་མོ་རང་པའུ་ལུ་ཡིས་མཐོང་སྣང་ལ། མ་ཀེ་དོན་ཡཱ་ཕྱོགས་ཀྱི་མི་གཅིག་ལངས་རེ་དེ་རེ་ཞུ་བ་འབུལ་གྱིན་གོ་མཐོང་བ་ལགས། ཁྱེད་རང་མ་ཀེ་དོན་ཡཱ་ལ་ཕེབས་རོགས་གནང་། དེ་ནས་འེ་ཀྱ་ལ་རོགས་བ་མཛད་རོགས་གནང་། 10 པའུ་ལུ་ཡིས་འོ་དེ་རེ་མཐོང་སྣང་མཐོང་རེ། འེ་ཀྱ་ཨུ་ཀུ་ར་མ་ཀེ་དོན་ཡཱ་ཕྱོགས་ལ་འགྲོ་ཡས་ལ་གྲ་སྒྲིག་བྱུང་བའི། གི་བྱས་རེ་སྨྲ་ན་འོ་དེ་ས་ཆའི་མི་ཀྱ་ལ་གཙོ་བོ་ཡི་གཏམ་བཟང་བཤད་ཡས་ལ། དཀོན་མཆོག་གིས་རང་བོས་མཛད་པ་ལགས་སྨྲ་གིན་ལབ་འེ་ཀྱ་ལ་ཆ་བྱུང་སོང་། ལི་དེ་ཡཱ་ཡིས་ཡེ་ཤུ་ལ་དད་པ་བྱེད་བ། 11 ཏོ་རོ་ཨཱས་རུ་གྲུ་གཟིངས་བཞོན་ཏེ་འེ་ཀྱ་ཤ་རེ་ཧ་ཀན་གྱི་སཱ་མོ་ཐར་ཀེ་ཕྱོགས་ལ་སོང་བའི། ཉེ་དྲོ་གོ་ནེ་ཨ་པོ་ལི་རྒྱལ་ས་རུ་སླེབས་སོང་། 12 འོ་དེ་ནས་མ་ཀེ་དོན་ཡཱ་ཕྱོགས་ཀྱི་གཙོ་རྒྱལ་ས་ཕི་ལིབ་པཱི་ཕྱོགས་ལ་འེ་ཀྱ་གོམ་པ་བཙུགས་ཏེ་སོང་བའི། འོ་དེ་རྒྱལ་ས་གོ་རོ་མཱ་པ་ཀྱ་ཡི་དབང་ཆ་ལ་འོད་ད་ལགས། འོ་དུ་རུ་འེ་ཀྱ་ཉིན་མ་ག་ཞིང་བསྡད་པའི། 13 རྒྱལ་ས་ཡི་ཕི་ལ་གཙང་པོའི་མཐའ་མ་ལ་ཡ་ཧུ་དཱ་པ་ཀྱ་ཡི་གསོལ་བ་བརྒྱབ་ས་ས་ཆ་འོད་གྲོ་སྨྲས་རེ་བསམས་ཏེ། འེ་ཀྱ་ངལ་གསོ་གིན་ཉིན་མ་ལ་འོ་དུ་རུ་སོང་བའི། དེ་ནས་འོ་དུ་རུ་འཛོམས་ཏེ་བསྡད་ད་བུ་མོ་ཀྱ་མུ་ལ་བསྡད་དེ་ལབ་བཏང་བའི། 14 འི་ཀི་ལབ་མཉན་མཁན་ཀྱ་ནས་ལི་དི་ཡཱ་མིང་འོད་མཁན་བུ་མོ་གཅིག་འདུག མོ་ཐི་ཡ་ཏི་རཱ་སྨྲ་གིན་ས་ཆ་ནས་འོངས་རེ། ཕི་ལི་པི་རུ་གོང་ཆེ་བྱེད་ཀྱིན་ཚོས་སྨུག་པོ་འགོ་སྣམ་གྱི་ཚོང་བརྒྱབ་བ་ལགས། ལི་དེ་ཡཱ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཡིན་ནའང་དཀོན་མཆོག་ལ་བརྩིས་མཁན་སྐྱེས་དམན་ལགས། པའུ་ལུ་ཡིས་སྨྲ་གིན་ལབ་ལ་མཉན་ཡས་ལ་གཙོ་བོ་ཡིས་མོའི་སེམས་གྲ་སྒྲིག་བྱས་བ་ལགས། 15 དེ་ནས་དད་པ་བྱས་རེ་ལི་དེ་ཡཱ་དང་མོའི་ནང་མི་ཡིས་ཁྲུས་གསོལ་ལེན་པ་ལགས། འོ་དེ་གཤམ་ནས་མོས་འེ་ཀྱ་ལ་མོ་རི་ནང་ལ་བསྡད་ཡས་ལ་ཞུ་བ་ཕུལ་རེ་སྨྲས་བ་ལགས། ཁྱེད་རང་ཀྱ་ཡིས་ང་ལ་དངོས་གནས་རང་གཙོ་བོ་ལ་དད་པ་བྱས་བྱ་ནུ་མོ་བརྩིས་ལི་འོད་ན། འི་ཀི་ནང་ལ་འོངས་རེ་འེ་ཀྱ་མུ་ལ་བཞུགས་རོགས་གནང་། དེ་རེ་བྱས་རེ་མོས་འེ་ཀྱ་ལ་མོ་རི་ནང་ལ་འགྲོ་ཡས་བཟོས་སོང་། པའུ་ལུ་དང་སིལ་བ་ནུ་ལ་བཙོན་ཁང་ལ་འདགས་པ། 16 ཉིན་མ་གཅིག་འེ་ཀྱ་གསོལ་བ་བརྒྱབ་ས་ས་ཆ་ལ་འགྲོའི་གང་ལ། གཡོག་མོ་གཅིག་ལ་ཐུག་སོང་། མོ་ལ་གནོད་པ་གཅིག་འཛུལ་འོད་ད་ལགས། དེ་ནས་འོ་དེ་གནོད་པ་ཡི་ཤུགས་ནས་མོ་མི་གཞན་མ་ཀྱ་ཡི་མ་འོངས་པ་ལ་འབྱུང་ཡས་འོད་ཀྱིན་ལབ་ཀྱ་བཤད་དེ། མོ་རི་བདག་པོ་ཀྱ་ཡི་ཕྱིར་ལ་དམི་ཅིག་གི་ཨ་ལེ་དགའ་བཟོས་བ་ལགས། 17 འདི་བུ་མོ་དེ་པའུ་ལུ་དང་འི་ཀི་གཤམ་པ་ལ་འབྲངས་རེ་འོངས་རེ་དེ་རེ་སྨྲས་རེ་ཕེ་ར་བརྒྱབ་པ་ལགས། འདི་མི་དེ་ཀྱ་མཐོ་ཤོས་དཀོན་མཆོག་གི་གཡོག་པོ་ཀྱ་ལགས། དེ་ནས་དེ་ཀྱ་ཐར་པ་རག་ཡས་ཀྱི་ལམ་ཁ་ཡི་སྐོར་ལ་ཁྱེད་ཀྱ་ལ་བཤད་ད་ལགས། 18 དེ་ནས་མོས་དེ་རེ་ཉིན་མ་མང་ང་བྱས་བ་ལགས། ཡིན་ནའང་པའུ་ལུ་ཡིས་མོས་དེ་རེ་ཕེ་ར་བརྒྱབ་ཀྱིན་གོ་འཐད་ད་མ་ཤེས་བ་འོ་དེ་གནོད་པ་ལ་སྨྲས་བ་ལགས། གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་ཁྱོད་འདི་བུ་མོའི་ནང་ནས་འཐོན་ཏེ་ཤོག དེ་ནས་ཁོས་དེ་རེ་སྨྲ་ལུང་མེད་ད་ལ་འོ་དེ་གནོད་པ་གོ་ཐོན་ཏེ་འོངས་བ་ལགས། 19 ད་འོ་དེ་བུ་མོའི་བདག་པོ་དེ་ཀྱ་ཡིས་འོ་དེ་བུ་མོ་ནས་ཨ་ལེ་འོངས་ས་གོ་མེད་ཀྱིན་ཤེས་རེ་པའུ་ལུ་དང་སིལ་བ་ནུ་ལ་ཟིམ་ཏེ། དེ་ནས་ཁྲིམས་བཅད་ས་ས་ཆ་རུ་དྲུད་དེ་ཁྱེར་ཏེ་སོང་བ་ལགས། 20 དེ་ནས་རོ་མཱ་པ་དཔོན་པོ་ཀྱ་གདོང་དུ་ལངས་རེ་ཁོང་ཀྱ་ཡིས་སྨྲས་བ་ལགས། དེ་ཡ་ཧུ་དཱ་པ་ཀྱ་ཡིས་འོ་རི་རྒྱལ་ས་རུ་སྡུག་པོ་སྟེར་རིའི། 21 དེ་ནས་འོ་རི་རོ་མཱ་པ་ཁྲིམས་ལ་མེད་ཀྱིན་དང་རྩི་ཡས་མེད་ཀྱིན་ཆོས་ལུགས་ཀྱ་དེ་ཀྱ་ཡིས་བསླབས་བའི། 22 འོ་དེ་གང་ལ་རང་མི་ཀྱ་ཁོང་གཉིས་བོ་ལ་སྡུག་པོ་སྟེར་ཡས་ལ་རུབས་སྟེ་འོངས་བ་ལགས། དེ་ནས་དཔོན་པོ་ཀྱ་ཡིས་ཁོང་གཉིས་བོའི་གོས་ལག་བུད་དེ་ལྕགས་ཐག་གི་གཞུ་ཡས་བཀའ་གནང་བ་ལགས། 23 དམི་ཅིག་གི་ཨ་བཞུས་ཚར་ཏེ་ཁོང་ཀྱ་ཡིས་ཁོང་གཉིས་བོ་ལ་བཙོན་ཁང་དུ་འདགས་ཏེ། བཙོན་ཁང་གི་སྒོ་སྲེ་གོ་ལ་ག་མོ་མ་སྲུང་ཡས་ལ་བཀའ་གནང་བ་ལགས། 24 དེ་བཀའ་འབྱོར་ཏེ་འོ་དེ་སྒོ་སྲེ་ཡིས་ཁོང་གཉིས་བོ་ལ་བཙོན་ཁང་གི་ནང་བུག་ཡོག་གོ་ལ་ཁྲིད་པ་ལགས། དེ་ནས་ཁོང་ཀྱ་ཡི་རྐང་པ་གོ་གདུང་མ་ཀྱ་ཡི་ཁོག་ལ་བསྡམས་པ་ལགས། 25 ད་མཚན་གྱི་ཏིག་ཏིག་ལ་པའུ་ལུ་དང་སིལ་བ་ནུ་གསོལ་བ་བརྒྱབ་སྟེ། དཀོན་མཆོག་ལ་བསྟོད་གླུ་ཕུལ་རེ་བསྡད་པ་ལགས། དེ་ནས་གཞན་མ་བཙོན་པ་ཀྱ་མཉན་ཏེ་བསྡད་འོད་ད་ལགས། 26 འོ་དེ་གང་ལ་ཧ་ཏག་པ་ལ་དམི་ཅིག་གི་འཇིགས་སྐྲག་ཆེ་སུང་གུ་བརྒྱབ་སྟེ། བཙོན་ཁང་གི་འགྲམ་གོའང་འཁྲུག་འཁྲུག་བྱུང་བ་ལགས། དེ་ནས་སྒོ་ཀྱ་གི་རི་བས་བ་ལགས། དེ་ནས་བཙོན་པ་གི་རིའི་ལྕགས་ཐག་ཀྱ་གྲོལ་བ་ལགས། 27 བཙོན་ཁང་སྲུང་མཁན་སྒོ་སྲེ་གོ་གཉིད་སད་དེ་འོ་དུ་རུ་ཁོས་སྒོ་གི་རི་བས་རེ་བསྡད་ད་མཐོང་བ་ལགས། དེ་ནས་བཙོན་པ་གི་རི་བྲོས་རེ་སོང་བ་ཡིན་གྲོ་སྨྲས་རེ་བསམས་ཏེ། ཁོ་ཁོ་རང་ལ་བསད་ཡས་ལ་ཁོ་རི་གྲི་གོ་བཏོན་པ་ལགས། 28 ཡིན་ནའང་པའུ་ལུ་ཡིས་ཕེ་ར་བརྒྱབ་སྟེ་སྨྲས་བ་ལགས། ཁྱོད་ཁྱོད་རང་ལ་མ་བསད། འེ་ཀྱ་གི་རི་དེ་རུ་རང་འོད། 29 དེ་ཧ་གོ་སྟེ་བཙོན་ཁང་སྲུང་མཁན་སྒོ་སྲེ་ཡིས་ཀྱུང་སྦོར་སྨྲས་རེ་བང་བཏང་རེ་ནང་དུ་སོང་བ་ལགས། དེ་ནས་འཇིགས་སྐྲག་ཡིས་གཟུགས་འདར་རི་འདར་རི། ཁོ་པའུ་ལུ་དང་སིལ་བ་ནུ་ཡི་གདོང་དུ་ཕྱག་འཚལ་བ་ལགས། 30 དེ་ནས་ཁོས་ཁོང་གཉིས་བོ་ལ་ཕི་ལ་ཁྲིད་དེ་སོང་རེ་དེ་རེ་སྨྲས་བ་ལགས། དགེ་རྒན་ཀྱ་བོ། ང་ལ་ཐར་པ་འཐོབ་ཡས་ལ་ངས་གི་བྱེད་དགོས་གུ་ལེ། 31 ཁོང་ཀྱ་ཡིས་སྨྲས་བ་ལགས། གཙོ་བོ་ཡེ་ཤུ་ལ་དད་པ་བྱེད། དེ་ནས་ཁྱོད་ལ་ཐར་པ་འཐོབ་ཀྱི་ལགས། དེ་ཁྱོད་དང་ཁྱོའི་ནང་མི་གི་རིའི་ཕྱིར་ལ་ཐར་པ་ལགས། 32 དེ་ནས་པའུ་ལུ་དང་སིལ་བ་ནུ་ཡིས་ཁོ་དང་ཁོའི་ནང་མི་གི་རི་ལ་གཙོ་བོའི་སྐོར་ལ་བཤད་པ་ལགས། 33 མཚན་མོ་འོ་དེ་དུས་ཚོད་གོ་ལ་རང་སྒོ་སྲེ་ཡིས་པའུ་ལུ་དང་སིལ་བ་ནུ་ལ་ཁྲིད་དེ་ཁོང་ཀྱ་ཡི་རྨ་གོ་འཁྲུད་བ་ལགས། དེ་ནས་ཁོ་དང་ཁོའི་ནང་མི་གི་རི་ཡིས་ཁྲུས་གསོལ་ལེན་པ་ལགས། 34 དེ་ནས་སྒོ་སྲེ་ཡིས་ཁོང་གཉིས་བོ་ལ་ཁོ་རི་ནང་དུ་ཁྲིད་དེ་ཟ་མ་སྟེར་པ་ལགས། དེ་ནས་ཁོ་དང་ཁོའི་ནང་མི་གི་རི་ཡིས་དཀོན་མཆོག་ལ་དད་པ་བྱས་རེ་ཁོང་གི་རི་ཉམ་མོ་དགྱེས་བ་ལགས། 35 ཉེ་དྲོ་ནམ་ལངས་རེ་རོ་མཱ་པ་དཔོན་པོ་ཀྱ་ཡིས་དམག་མི་རིང་འགའ་ལ། འོ་དེ་མི་གཉིས་བོ་ལ་འགྲོ་རུ་ཆུག་སྨྲ་གིན་བཀའ་དེ་བཙོན་ཁང་སྲུང་མཁན་སྒོ་སྲེ་ལ་སྟེར་ཡས་ལ་བརྫངས་བ་ལགས། 36 དེ་ནས་བཙོན་ཁང་སྲུང་མཁན་སྒོ་སྲེ་ཡིས་པའུ་ལུ་ལ་སྨྲས་བ་ལགས། ཁྱེད་རང་གཉིས་བོ་ལ་བཏོན་ཏེ་རྫོངས་སྨྲས་རེ་རོ་མཱ་པ་དཔོན་པོ་ཡིས་བཀའ་གནང་འདུག འོ་བྱས་རེ་ཁྱེད་རང་ཀྱ་སེམས་སྐྱིད་པོ་འབྱུང་རེ་ཕེབས། 37 ཡིན་ནའང་པའུ་ལུ་ཡིས་དམག་མི་ཀྱ་ལ་སྨྲས་བ་ལགས། འེ་ཀྱ་རོམ་རྒྱལ་ཁབ་ཀྱི་མི་བྱུང་རེའང་ཁོང་ཀྱ་ཡིས་འི་ཀི་ཁྲིམས་མ་བཅད་པ་ལའང་། འེ་ཀྱ་ལ་མི་མང་ཀྱ་ཡི་གདོང་དུ་དམི་ཅིག་གི་ཨ་བཞུས་སོང་། དེ་ནས་དོ་རང་འང་འེ་ཀྱ་ལ་བཙོན་ཁང་ལ་འདགས་སོང་། ད་འེ་ལ་ཁ་པ་བཏོན་ཡས་བྱེད་ད་ལེ། དེ་འོང་ཆོག་ཡས་མེད་ད་ལགས། ཁོང་ཀྱ་རང་འོངས་རེ་འེ་ཀྱ་ལ་དེ་ནས་ཕི་ལ་བཏོན་དགོས་ཀྱི་ལགས། 38 འོ་དེ་དམག་མི་ཀྱ་ཡིས་འོ་དེ་ལབ་རོ་མཱ་པ་དཔོན་པོ་ཀྱ་ལ་སྨྲས་བ་ལགས། དེ་ནས་པའུ་ལུ་དང་སིལ་བ་ནུ་རོམ་རྒྱལ་ཁབ་ཀྱི་མི་ལགས་སྨྲས་རེ་གོ་སྟེ་ཁོང་ཀྱ་འཇིགས་པ་ལགས། 39 འོ་བྱས་རེ་ཁོང་ཀྱ་འོངས་རེ་པའུ་ལུ་དང་སིལ་བ་ནུ་ལ་དགོངས་པ་ཞུས་བ་ལགས། དེ་ནས་ཁོང་ཀྱ་ལ་ཕི་ལ་བཏོན་ཏེ་འོ་དེ་རྒྱལ་ས་འབོར་ཏེ་འགྲོ་ཡས་ལ་ཞུ་བ་ཕུལ་བ་ལགས། 40 དེ་ནས་པའུ་ལུ་དང་སིལ་བ་ནུ་བཙོན་ཁང་ནས་ཐོན་ཏེ་ལི་དི་ཡཱ་ཡི་ནང་ལ་སོང་བ་ལགས། དེ་ནས་དད་པ་བྱེད་མཁན་སྤུན་ཀྱ་ལ་ཐུག་སྟེ་ཁོང་ཀྱ་ལ་སེམས་ཤུགས་སྤར་ཏེ་འོ་དེ་ས་ཆ་བོར་ཏེ་སོང་བ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.