མཛད་པ། 14 - གློ་བ།ཨི་ཀོ་ནི་ཡོན་རྒྱལ་ས་རུ། 1 ཨེན་ཏི་ཡོག་ཏུ་ཅོག་རེ་པའུ་ལུ་དང་བར་ན་བཱ་ཨི་ཀོ་ནི་ཡོན་རྒྱལ་ས་ལའང་ཡ་ཧུ་དཱ་པ་ཀྱ་ཡི་ཚོགས་ཁང་དུ་སོང་རེ། འོ་དུ་རུ་ཁོང་ཀྱ་ཡིས་ཆོས་ཤུགས་ཆེ་བཤད་དེ་དམི་ཅིག་གི་མང་ང་ཡ་ཧུ་དཱ་པ་དང་། གྷི་རིག་མི་ཀྱ་གཙོ་བོ་ལ་དད་པ་བྱེད་མཁན་བྱུང་བ་ལགས། 2 ཡིན་ནའང་དད་པ་མི་བྱེད་མཁན་ཡ་ཧུ་དཱ་པ་ཀྱ་ཡིས་ཡ་ཧུ་དཱ་པ་མིན་མཁན་མི་ཀྱ་ལ། ཁོག་པ་བརྒྱངས་རེ་དད་པ་བྱེད་མཁན་ཀྱ་ཡི་དགྲ་ལ་བསླངས་བ་ལགས། 3 འོ་བྱས་རེ་པའུ་ལུ་དང་བར་ན་བཱ་འོ་དེ་རྒྱལ་ས་རུ་ཉིན་མ་མང་ང་བསྡད་པ་ལགས། ཁོང་གཉིས་བོ་ཡིས་སྙིང་ཆེ་བྱས་རེ་གཙོ་བོའི་ཐུགས་རྗེ་ཡི་སྐོར་ལ་ཆོས་བཤད་པ་ལགས། དེ་ནས་གཙོ་བོ་ཡིས་ཁོང་ཀྱ་ལ་ཧང་སང་གིན་རྟགས་དང་། ལས་ཀ་ཀྱ་བྱེད་ཡས་ལ་ཤུགས་གནང་རེ་ཁོང་ཀྱ་ཡིས་བཤད་ཀྱིན་ལབ་གོ་བདེན་པ་ལགས་སྨྲས་རེ་དཔང་པོ་གནང་བ་ལགས། 4 ཡིན་ནའང་རྒྱལ་ས་ཡི་མི་ཀྱ་ཕྱོགས་གཉིས་ལ་ཁ་བྲལ་བ་ལགས། མི་རིང་འགའ་ཡ་ཧུ་དཱ་པ་ཀྱ་ཕྱོགས་ལ། དེ་ནས་མི་རིང་འགའ་གོ་སྐུ་ཚབ་ཀྱ་ཕྱོགས་ལ་སོང་བ་ལགས། 5 ཡ་ཧུ་དཱ་པ་མིན་མཁན་གྱི་མི་ཀྱ་དང་། ཡ་ཧུ་དཱ་པ་ཀྱ་དང་། ཁོང་ཀྱ་ཡི་དཔོན་པོ་ཀྱ་རུབས་ཏེ་པའུ་ལུ་དང་བར་ན་བཱ་ལ་བརྙས་བཅོས་བཤད་དེ། རྡོ་གོང་བཞུས་ཏེ་བསད་ཡས་གྲོས་བྱས་བ་ལགས། 6 ཡིན་ནའང་པའུ་ལུ་དང་བར་ན་བཱ་ཡིས་དེ་ལབ་ཧ་གོ་སྟེ། ཁོང་ཀྱ་བྲོས་རེ་སོང་རེ་ལུ་ཀོ་ནི་ཡཱ་ས་ཆ་ལ་འོད་ཀྱིན་ལུས་ཏྲ་དང་དེར་བེ་རྒྱལ་ས་རུ་སོང་བ་ལགས། 7 འོ་དེ་རྒྱལ་ས་གཉིས་བོ་དང་གཡས་གཡོན་ལ་འོད་ཀྱིན་ས་ཆ་ཀྱ་ལ། ཁོང་ཀྱ་ཡིས་གཙོ་བོ་ཡིས་གནང་ན་གཏམ་བཟང་བཤད་པ་ལགས། ལུས་ཏྲ་དང་དེར་བེ་རྒྱལ་ས་རུ། 8 ལུས་ཏྲ་རྒྱལ་ས་རུ་མི་ཞ་ཀྱོག་བ་གཅིག་བསྡད་ད་ལགས། ཁོ་སྐྱེས་ནས་ཧ་ལ་རང་ཞ་ཀྱོག་བ་བྱུང་རེ་ནམ་མའང་གོམ་པ་བཙུགས་མ་ཐུབ་པ་ལགས། 9 པའུ་ལུ་ལབ་བཏང་བའི་གང་ལ་ཁོ་ག་མོ་མ་ཞིབ་ལྟ་བྱས་རེ་མཉན་ཏེ་བསྡད་འོད་ད་ལགས། པའུ་ལུ་ཡིས་འང་ཁོའི་ངོ་རོང་ལ་ག་མོ་མ་བལྟས་རེ། འོ་དེ་མི་ལ་ཁོ་རང་དྲག་ཐུབ་ཡས་ཡི་དད་པ་འོད་ཀྱིན་གོ་མཐོང་བ་ལགས། 10 པའུ་ལུ་ཡིས་དམི་ཅིག་གི་སྐད་ཆེ་ལ་སྨྲས་བ་ལགས། ཁྱོད་རེ་རྐང་པ་ཁར་ལ་ཀྲོང་བའི་ལོངས། དེ་རེ་སྨྲ་གིན་གོ་གོ་ལུང་མེད་ད་ལ། འོ་དེ་མི་ཨུ་ཀུ་ར་ལངས་བ་ལགས། དེ་ནས་ཁོ་རི་རྐང་པ་བཙུགས་ཏེ་གོམ་པ་བརྒྱབ་པ་ལགས། 11 པའུ་ལུ་ཡིས་དེ་རེ་ལས་ཀ་བྱས་བྱ་མཐོང་རེ་འོ་དེ་ས་ཆ་ཡི་མི་ཀྱ་ཡིས་ཁོ་རི་ལུ་ཀོ་ནི་ཡཱ་སྐད་ལ་ཕེ་ར་བརྒྱབ་སྟེ་སྨྲས་བ་ལགས། ལྷ་ཀྱ་ནི་མི་བྱུང་རེ་འོ་རང་ཀྱ་རྩ་རུ་ཕེབས་འདུག 12 ཁོང་ཀྱ་ཡིས་བར་ན་བཱ་ལ་ཟི་འུས་སྨྲ་མཁན་ལྷ་བསམས་པ་ལགས། དེ་ནས་པའུ་ལུ་གོ་ལབ་བཏང་མཁན་གོ་བྱས་རེ་ཁོ་ལ་ཧེར་མཱེ་སྨྲ་མཁན་ལྷ་བསམས་པ་ལགས། 13 ཟི་འུས་ལྷ་ཡི་ལྷ་ཁང་གོ་འོ་དེ་རྒྱལ་ས་ཡི་མཐའ་མ་ལ་རང་འོད་ད་ལགས། འོ་དེ་ལྷ་ཁང་གི་མཆོད་དཔོན་གྱིས་གླུང་དང་མེ་ཏོག་ཀྱ་ཁྱེར་དེ་རྒྱལ་ས་ཡི་སྒོ་རུ་འོངས་བ་ལགས། ཁོང་ཀྱ་ཡིས་བར་ན་བཱ་དང་པའུ་ལུ་ཡི་གདོང་དུ་གླུང་ཀྱ་དམར་མཆོད་འབུལ་ཡས་ལ་གྲ་སྒྲིག་བྱས་བ་ལགས། 14 དེ་ལབ་ཧ་གོ་ལུང་མེད་ད་ལ་པའུ་ལུ་དང་བར་ན་བཱ་སེམས་པ་སྐྱོ་རེ་རང་རང་གི་གོས་ལག་རལ་བ་ལགས། དེ་ནས་བང་བཏང་རེ་མིའི་ཚང་ཀ་ལ་སོང་རེ་ཕེ་ར་བརྒྱབ་སྟེ་སྨྲས་བ་ལགས། 15 ཁྱེད་རང་ཀྱ་ཡིས་འདི་གི་བྱེད་ད་ལེ། འེ་ཀྱའང་ཁྱེད་རང་ཀྱ་ཅོག་རེ་མི་ཡིན། འེ་ཀྱ་ཁྱེད་རང་ཀྱ་ལ་གཏམ་བཟང་བཤད་ཡས་སྨྲས་རེ་འོངས་བ་ཡིན། དེ་རེ་ཆོ་མེད་ཀྱིན་ལས་ཀ་འབོར་ཏེ་ནམ་མཁའི་ཞིང་ཁམས་དང་། འཛམ་བུ་གླིང་དང་། རྒྱ་མཚོ། དེ་ནས་འོ་དུ་རུ་འོད་ཀྱིན་གི་རི་བཀོད་གནང་མཁན་གསོན་པོ་དཀོན་མཆོག་ལ་ཡིད་ཆེས་བྱེད་དགོས་གུ་ལགས། 16 ཨེན་མའི་མི་ཀྱ་ལ་དཀོན་མཆོག་གིས་རང་འཐད་ཀྱིན་གོ་བྱེད་དུ་བཅུག་མཛད་པ་ལགས། 17 ཁོང་པ་ཡིས་ལས་བཟང་ང་བྱེད་ཡས་ལ་བོར་མ་མཛད་པ་ལགས། ཁོང་པ་ཡིས་ནམ་མཁའ་ནས་ཆར་བ་བཏང་རེ། དེ་ནས་དུས་ཚོད་ལ་ལོ་ཏོག་བཟོ་བ་མཛད་པ་ལགས། ཟ་མ་མོད་ཆོ་ལི་གནང་རེ་མི་ཀྱ་ཡི་སེམས་དགའ་སྤྲོ་ཡིས་ཁངས་མཛད་པ་ལགས། དེ་རེ་མཛད་དེ་དཀོན་མཆོག་གི་ཕྱག་ལས་ཀྱ་ཡིས་རང་ཁོང་པ་ཡི་དཔང་པོ་གནང་ང་ལགས། 18 དེ་ལབ་གི་རི་སྨྲས་རེ་པའུ་ལུ་དང་བར་ན་བཱ་རང་ལ་འབུལ་ཡས་ལ་གྲ་སྒྲིག་བྱས་བྱ་དམར་མཆོད་ལ། དམི་ཅིག་གི་དཀའ་ལས་བྱས་རེ་བཀག་ཐུབ་པ་ལགས། 19 འོ་དེ་གཤམ་ནས་ཨན་ཏི་ཡོག་དང་། ཨི་ཀོ་ནི་ཡོན་རྒྱལ་ས་ནས་ཡ་ཧུ་དཱ་པ་རིང་འགའ་འོ་དུ་རུ་འོངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་མི་ཚོགས་ཀྱི་གུང་དུ་ལབ་བཟོས་བ་ལགས། ཁོང་ཀྱ་ཡིས་པའུ་ལུ་ལ་རྡོ་གོང་གི་བཞུས་པ་ལགས། དེ་ནས་ཁོ་ཤི་བ་ལགས་བསམས་ཏེ་དྲུད་དེ་སོང་རེ་རྒྱལ་ས་ཕི་ལ་བཏོན་པ་ལགས། 20 ཡིན་ནའང་ཉེ་གནས་ཀྱ་འོངས་རེ་པའུ་ལུ་ཡི་མཐའ་སྐོར་ལ་འཛོམས་པ་ལགས། དེ་ནས་ཁོ་ལངས་རེ་རྒྱལ་ས་ཕྱོགས་ལ་སོང་བ་ལགས། ཉེ་དྲོ་གོ་ཁོ་བར་ན་བཱ་མུ་ལ་དེར་བེ་རྒྱལ་ས་རུ་སོང་བ་ལགས། སི་རི་ཡཱ་ཕྱོགས་ཀྱི་ཨན་ཏི་ཡོག་རྒྱལ་ས་རུ་ལོག་པ། 21 པའུ་ལུ་དང་བར་ན་བཱ་དེར་བེ་རྒྱལ་ས་རུ་གཏམ་བཟང་བཤད་དེ། མི་དམི་ཅིག་གི་མང་ང་ལ་གཙོ་བོ་ཡེ་ཤུའི་ཉེ་གནས་བཟོས་བ་ལགས། འོ་དེ་གཤམ་ནས་ཁོང་ཀྱ་ལུས་ཏྲ་དང་ཨི་ཀོ་ནི་ཡོན་རྒྱལ་ས་ནས་བྱུང་རེ་པི་སི་དི་ཡཱ་རྒྱལ་རབས་ཀྱི་ཨན་ཏི་ཡོག་ཏུ་ལོག་པ་ལགས། 22 ཁོང་ཀྱ་ཡིས་འོ་དེ་ས་ཆ་ཀྱ་ལ་འོད་མཁན་གཙོ་བོའི་ཉེ་གནས་ཀྱ་ལ་ཤུགས་ཆེ་བཟོས་རེ། དད་པ་ལ་བསྡད་ཡས་ལ་སེམས་ཤུགས་སྟེར་པ་ལགས། དཀོན་མཆོག་གི་རྒྱལ་ཁབ་ལ་སླེབ་ཡས་ཨེན་ལ་འོ་རང་གིས་དམི་ཅིག་གི་མང་ང་སྡུག་པོ་ཟོད་པ་བྱས་རེ་བསྡད་དགོས་ཀྱི་ལགས་སྨྲ་གིན་ལབ་བསླབས་པ་ལགས། 23 ཁོང་ཀྱ་ཡིས་ཆོས་ཚོགས་གི་རི་ལ་འགོ་ཁྲིད་ཀྱ་བཀོད་བ་ལགས། དེ་ནས་སྨྱུང་གནས་ལ་བཞུགས་ཏེ་གསོལ་བ་བརྒྱབ་སྟེ། འོ་དེ་ཉེ་གནས་ཀྱ་ལ་ཁོ་རི་དད་པ་བྱས་བྱ་གཙོ་བོའི་ཕྱག་ལ་ཕུལ་བ་ལགས། 24 པི་སི་དི་ཡཱ་ནས་བྱུང་རེ་ཁོང་ཀྱ་པམ་ཕིལ་ཡཱ་ལ་ལོག་སྟེ་འོངས་བ་ལགས། 25 པེར་གེ་ཏུ་ཁོང་ཀྱ་ཡིས་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྐོར་ལ་བཤད་པ་ལགས། འོ་དེ་གཤམ་ནས་ཁོང་ཀྱ་ཨ་ཏྲ་ལི་ཡཱ་ཕྱོགས་ལ་བབ་པ་ལགས། 26 འོ་དུ་རུ་གྲུ་གཟིངས་བཞོན་ཏེ་ཨན་ཏི་ཡོག་རྒྱལ་ས་རུ་ལོག་པ་ལགས། འོ་དེ་རྒྱལ་ས་རུ་རང་ཨེན་མ་གཙོ་བོ་ལ་དད་པ་བྱེད་མཁན་ཀྱ་ཡིས། པའུ་ལུ་དང་བར་ན་བཱ་ལ་དཀོན་མཆོག་གི་ཐུགས་རྗེ་ལ་ཕུལ་རེ། གཏམ་བཟང་བཤད་ཀྱིན་ལས་ཀ་ལ་བརྫངས་བ་ལགས། དེ་ནས་ད་ལྟ་འོ་དེ་ལས་ཀ་གྲུབ་སྟེ་ཁོང་ཀྱ་འོ་དུ་རུ་རང་ལོག་པ་ལགས། 27 ཨན་ཏི་ཡོག་ཏུ་ལོག་སྟེ་འོངས་ཚར་ཏེ་པའུ་ལུ་དང་བར་ན་བཱ་དད་པ་བྱེད་ཀྱིན་ཆོས་ཚོགས་ཀྱི་མི་གི་རི་ལ་སྐད་བཏང་བ་ལགས། དཀོན་མཆོག་གིས་ཁོང་ཀྱ་ཐོག་ནས་ལས་ཀ་ག་རེ་ག་རེ་མཛད་སོང་། དེ་ནས་ག་རེ་བྱས་རེ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱི་མི་ཀྱ་ལ། དད་པ་བྱེད་ཡས་ཀྱི་ལམ་སྟོན་མཛད་སོང་སྨྲས་རེ་ཁོང་ཀྱ་ཡིས་འོ་དེ་ཀྱ་ལ་སྨྲས་བ་ལགས། 28 འོ་དེ་གཤམ་ནས་ཁོང་ཀྱ་ཞག་མོ་ཨ་རུང་མང་ང་འོ་དུ་རུ་འོད་ཀྱིན་ཉེ་གནས་ཀྱ་མུ་ལ་བསྡད་པ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.