མཛད་པ། 13 - གློ་བ།བར་ན་བཱ་དང་ཤ་ཨུལ་ལ་འདམ་པ། 1 ཨན་ཏི་ཡོག་རྒྱལ་ས་ཡི་ཆོས་ཚོགས་ལ་མངོན་ཤེས་མཁན་ཀྱ་དང་། སློབ་དཔོན་ཀྱ་མང་ང་འོད་ད་ལགས། ཁོང་ཀྱ་བར་ན་བཱ་དང་། ནེ་གར་སི་མེ་ཡོན་དང་། ཀུ་རེ་ནཱེའི་ལུ་ཀི་ཡཱུ་དང་། རྒྱལ་བོ་ཧེ་རོ་དཱེ་མུ་ལ་འཚར་ཚ་མཱ་ནཱ་ཧེན་དང་། ཤ་ཨུལ་ལགས། 2 ཁོང་ཀྱ་སྨྱུང་གནས་ལ་བཞུགས་ཏེ་གཙོ་བོ་ལ་བསྟོད་པ་ཕུལ་རེ་བསྡད་དེ་གང་ལ། དམ་པའི་ཐུགས་ཉིད་ཀྱིས་འོ་དེ་ཀྱ་ལ་གསུངས་བ་ལགས། བར་ན་བཱ་དང་ཤ་ཨུལ་ལ་ངས་ཁོང་ཀྱ་ལ་འབོད་པ་ལས་ཀའི་ཆེད་དུ་པད་རེ་ཞོག། 3 འོ་བྱས་རེ་ཁོང་ཀྱ་ཡིས་སྨྱུང་གནས་དང་སྨོན་ལམ་གོ་སྒྲུབ་ཚར་ཏེ་ཁོང་གཉིས་བོ་ཁར་ལ་ལག་པ་བཞག་སྟེ་དབང་གནང་བ་ལགས། དེ་ནས་ཁོང་ཀྱ་ལ་བརྫངས་བ་ལགས། བར་ན་བཱ་དང་ཤ་ཨུལ་སཱ་ཡིབ་པུ་རུས་རུ། 4 དམ་པའི་ཐུགས་ཉིད་ཀྱིས་བརྫངས་ཛ་བར་ན་བཱ་དང་ཤ་ཨུལ་ཨན་ཏི་ཡོག་རྒྱལ་ས་ནས་སེ་ལུ་ཀི་ཡཱ་རྒྱལ་ས་རུ་སོང་བ་ལགས། འོ་དེ་ནས་ཁོང་ཀྱ་རྒྱ་མཚོ་ནས་འགྲུལ་བརྒྱབ་སྟེ་ས་ཡིབ་པུ་རུས་ལ་སོང་བ་ལགས། 5 སཱ་ལ་མཱི་རྒྱལ་ས་རུ་སླེབས་ཏེ་ཡ་ཧུ་དཱ་པ་ཀྱ་ཡི་ཚོགས་ཁང་ཀྱ་ནང་དུ་འཛུལ་རེ། ཁོང་ཀྱ་ཡིས་དཀོན་མཆོག་གི་བཀའ་བཤད་པ་ལགས། འོ་དེ་ལས་ཀ་ལ་རོགས་བ་བྱེད་ཡས་ལ་ཁོང་ཀྱ་ཡིས་མར་ཀུ་སྨྲ་མཁན་ཡོ་ཧ་ནན་ལའང་མུ་ལ་ཁྲིད་འོད་ད་ལགས། 6 སཱ་ཡིབ་པུ་རུས་ནང་གི་རི་འགྲུལ་བརྒྱབ་ཚར་ཏེ་ཁོང་ཀྱ་པཱ་ཕོས་སྨྲ་གིན་རྒྱལ་ས་རུ་སླེབས་པ་ལགས། འོ་དུ་རུ་ཁོང་ཀྱ་ཡིས་བར་ཡེ་ཤུ་སྨྲ་མཁན་ཡ་ཧུ་དཱ་པ་མིག་འཕྲུལ་བྱེད་མཁན་མི་གཅིག་ཐུག་པ་ལགས། ཁོ་ཁོ་རང་ལ་ང་མངོན་ཤེས་མཁན་ཡིན་སྨྲས་རེ་སྨྲ་ལགས། 7 འོ་དེ་མིག་འཕྲུལ་བྱེད་མཁན་དེ་སཱ་ཡིབ་པུ་རུས་ཀྱི་སེར་གེའུ་པའུ་ལུས་སྨྲ་མཁན་དཔོན་པོ་ཆེའི་ནང་ལ་འགྲོ་ཅིག་བྱེད་ད་ལགས། སེར་གེའུ་པའུ་ལུ་གོ་མི་མཁས་བ་གཅིག་ལགས། ཁོ་ལ་དཀོན་མཆོག་གི་བཀའ་ཉན་ཡས་འདོད་པ་བྱས་རེ་བར་ན་བཱ་དང་ཤ་ཨུལ་ལ་སྐད་བཏང་དུ་བརྫངས་བ་ལགས། 8 ཡིན་ནའང་ཨེ་ལུ་མཱས་སྨྲ་མཁན་མིག་འཕྲུལ་བྱེད་མཁན་གྱིས་(དེ་ཁོས་གྷི་རིག་མིང་ལགས) བར་ན་བཱ་དང་ཤ་ཨུལ་ལ་སྡུག་པོ་སྟེར་ཏེ། དཔོན་པོ་ཆེ་གོ་ལ་དད་པ་ནས་ཁ་སློག་ཡས་བྱེད་བ་ལགས། 9 ཤ་ཨུལ་(ཁོ་ལ་པའུ་ལུ་སྨྲ་ལགས)དམ་པའི་ཐུགས་ཉིད་ཀྱིས་ཁངས་རེ་ཨེ་ལུ་མཱས་ལ་བལྟས་རེ་བསྡད་དེ་སྨྲས་བ་ལགས། 10 ཁྱོད་ལབ་བཟང་ང་གི་རིའི་དགྲ་ལགས། དེ་ནས་སྤྱོད་པ་ཨ་དང་ཟོག་གིས་ཁངས་ཁ་བདུད་ཀྱི་ཕྲུ་བ་ལགས། ཁྱོད་གཙོ་བོའི་ལམ་བཟང་ང་གོ་ནོངས་ཡས་ལ་ནམ་མའང་འབོར་ཡས་མིན་ནེ། 11 ད་ལྟོས། གཙོ་བོའི་ཁྲིམས་ཁྱོད་ཁར་ལ་ཕོག་འོད་ད་ལགས། ཁྱོད་ཞ་ར་འབྱུང་རེ་དུས་ཚོད་ག་ཚོད་ཉིན་མ་ཡི་འོད་གོའང་མཐོང་གི་མ་ལགས། འོ་དེ་གང་ལ་རང་འོ་དེའི་མིག་ལ་སྲིང་པ་ནག་པོ་ཅོག་རེ་ཁོར་པ་ལགས། དེ་ནས་འོ་དེ་ཞ་ར་བྱུང་བ་ལགས། དེ་ནས་ལག་པ་ཡིས་ཧ་ལ་ཚུར་ལ་རོགས་བ་བྱེད་མཁན་གཅིག་བཙལ་བ་ལགས། 12 གཙོ་བོ་ཡི་བསླབ་བྱ་ལ་འོད་ཀྱིན་ཤུགས་མཐོང་རེ་དཔོན་པོ་ཆེ་གོ་དམི་ཅིག་གི་ཧ་ལས་བ་ལགས། དེ་ནས་ཁོས་གཙོ་བོ་ཁར་ལ་དད་པ་བྱས་བ་ལགས། པི་སི་དི་ཡཱ་རྒྱལ་རབས་ཀྱི་ཨན་ཏི་ཡོག་རྒྱལ་ས་རུ། 13 པའུ་ལུ་དང་ཁོའི་རོགས་བ་ཀྱ་པཱ་ཕོས་རྒྱལ་ས་ནས་གྲུ་གཟིངས་བཞོན་ཏེ། པམ་ཕིལ་ཡཱ་རྒྱལ་རབས་ཀྱི་རྒྱལ་ས་པེར་གེ་རུ་སླེབས་པ་ལགས། འོ་དེ་ནས་མར་ཀུ་སྨྲ་མཁན་ཡོ་ཧ་ནན་གྱིས་པའུ་ལུ་དང་བར་ན་བཱ་ལ་བོར་ཏེ་ཡེ་རུ་ཤ་ལེམ་ཕྱོགས་ལ་ལོག་པ་ལགས། 14 པའུ་ལུ་དང་བར་ན་བཱ་གོ་པེར་གེ་ནས་པི་སི་དི་ཡཱ་རྒྱལ་རབས་ཀྱི་ཨན་ཏི་ཡོག་རྒྱལ་ས་རུ་སོང་བ་ལགས། དེ་ནས་དམ་པའི་ངལ་གསོ་གིན་ཉིན་མོ་ལ་འོ་དེ་མི་གཉིས་ཚོགས་ཁང་དུ་སོང་རེ་བསྡད་པ་ལགས། 15 མོ་ཤེ་ཡིས་གནང་ན་ཆོས་ཁྲིམས་དང་མངོན་ཤེས་མཁན་ཀྱ་ཡིས་བྲིས་བྲ་དེབ་ནས་སྒྲོག་ཚར་ཏེ། ཚོགས་ཁང་གི་དཔོན་པོ་ཀྱ་ཡིས་པའུ་ལུ་དང་བར་ན་བཱ་ལ་སྐད་བཏང་རེ་སྨྲས་བ་ལགས། ནུ་བོ་ཀྱ་བོ། ཁྱེད་རང་ཀྱ་མུ་ལ་མི་ཀྱ་ལ་སེམས་ཤུགས་གནང་གིན་ལབ་རེ་འོད་ན་གསུངས་རོགས་གནང་། 16 དེ་ཧ་གོ་སྟེ་པའུ་ལུ་ལངས་བ་ལགས། དེ་ནས་ལག་པ་ཡིས་མཛུབ་ཏེ་བྱས་རེ་ལབ་དེ་བཏང་བ་ལགས། ཡིས་ར་ཨེལ་པ་སྤུན་ཀྱ་དང་དཀོན་མཆོག་ལ་དད་པ་བྱེད་མཁན་མི་གཞན་མ་ཀྱ་བོ། ངའི་ལབ་ཉན་རོགས་གནང་། 17 ཡིས་ར་ཨེལ་པ་བརྒྱུད་པ་ཡི་དཀོན་མཆོག་གིས་འོ་རི་དང་པའི་ཕ་མ་ཀྱ་ལ་བདམས་མཛད་སོང་། དེ་ནས་ཁོང་ཀྱ་ཨེ་ཇེབ་རྒྱལ་ཁབ་ཏུ་བསྡད་དེ་གང་ལ། ཁོང་ཀྱ་ཡིས་མི་རིགས་མང་ང་འཕེལ་རུ་བཅུག་བ་མཛད་སོང་། ཁོང་པའི་ནུས་མཐུ་སྟོན་ཏེ་དཀོན་མཆོག་གིས་ཁོང་ཀྱ་ལ་ཨེ་ཇེབ་རྒྱལ་ཁབ་ནས་བཏོན་ད་མཛད་སོང་། 18 ཁོང་ཀྱ་རི་སྟོང་ལ་བསྡད་དེ་གང་ལ་དཀོན་མཆོག་གིས་ལོ་བཞི་བཅུ་ཐུག་པའི་བཟོད་གོམ་བྱས་རེ་ཁོང་ཀྱ་ཡི་ལྟ་རྟོག་མཛད་སོང་། 19 ཁོང་པ་ཡིས་ཀ་ནཱན་རྒྱལ་ཁབ་ཀྱི་མི་རིགས་བདུན་ལ་མེད་ད་ལ་བཏང་ང་མཛད་སོང་། དེ་ནས་འོ་དེ་རྒྱལ་ཁབ་ཀྱི་ས་ཆ་འོ་རི་དང་པོའི་ཕ་མ་ཀྱ་ཡི་དབང་ཆ་ལ་གནང་བ་ལགས། 20 འོ་དེ་ཐུག་པའི་ལོ་བཞི་བརྒྱ་ལྔ་བཅུ་ཚོད་ཚད་བྱུང་ཚར་ལགས། འོ་དེ་གཤམ་ནས་དཀོན་མཆོག་གིས་ཁོང་ཀྱ་ཡི་གུང་དུ་ཁྲིམས་བཅད་ཡས་ལ་ཁྲིམས་དཔོན་ཀྱ་བསྐོས་སོང་། འོ་དེ་ཁྲིམས་དཔོན་ཀྱ་ཡིས་གཅིག་གི་གཤམ་པ་ནས་གཅིག་བྱས་རེ། མངོན་ཤེས་མཁན་སཱ་མུ་ཨེལ་གྱི་དུས་ཚོད་ཐུག་པའི་ལས་ཀ་བྱས་བ་ལགས། 21 འོ་དེ་གཤམ་ནས་འོ་རི་དང་པོའི་ཕ་མ་ཀྱ་ཡིས་རྒྱལ་བོ་དགོས་ལི་སྨྲས་རེ་ཞུ་བ་ཕུལ་བ་ལགས། དེ་ནས་དཀོན་མཆོག་གིས་ཁོང་ཀྱ་ལ་བེན་ཡ་མཱིན་གྱི་བརྒྱུད་པ་ཡི་ཀི་སི་ཡི་བི་ཛ་ཤ་ཨུལ་ལ་རྒྱལ་བོ་བསྐོས་གནང་བ་ལགས། ཤ་ཨུལ་གྱིས་ལོ་བཞི་བཅུ་ཐུག་པའི་རྒྱལ་ཁང་ཟིམ་པ་ལགས། 22 དེ་ནས་དཀོན་མཆོག་གིས་ཁོ་ལ་བཏོན་ཏེ་དཱ་བིད་ལ་རྒྱལ་བོ་བསྐོས་མཛད་པ་ལགས། དཱ་བིད་ཀྱི་སྐོར་ལ་དཀོན་མཆོག་གིས་དེ་རེ་གསུངས་འོད་ད་ལགས། ཡེ་སེའི་བི་ཛ་དཱ་བིད་ལ་ཐུག་བའི་གང་ལ་ངའི་སེམས་པ་འཐད་ཀྱིན་མི་འབྱོར་སོང་། ཁོས་ངའི་ཕྱིར་ལ་བྱེད་དགོས་ཀྱིན་ལས་ཀ་གི་རི་སྒྲུབ་ཏུ་བཅུག་གི་ལགས། 23 ཁོང་པ་ཡིས་མཛད་ཛ་དམ་བཅའ་གྲུབ་སྟེ་དཀོན་མཆོག་གིས་ཡིས་ར་ཨེལ་པ་ཀྱ་ཡི་ཕྱིར་ལ། རྒྱལ་བོ་དཱ་བིད་ཀྱི་བརྒྱུད་པ་ནས་རང་སྐྱབས་མགོན་གཅིག་བརྫངས་ང་མཛད་སོང་། ཁོང་པ་ནི་ཡེ་ཤུ་ལགས། 24 ཡེ་ཤུ་ཡིས་ཁོ་རི་ཕྱག་ལས་འགོ་འཛུགས་ཡས་ཨེན་ལ་ཁྲུས་གསོལ་གནང་མཁན་ཡོ་ཧ་ནན་འོངས་བ་ལགས། ཁོས་ཡིས་ར་ཨེལ་གྱི་མི་ཀྱ་ལ་རང་གི་སྡིག་པ་སྤངས་རེ་སེམས་བསྒྱུར་ཡས་དང་ཆུའི་ཁྲུས་གསོལ་ལེན་ཡས་ཀྱི་བཀའ་བཤད་པ་ལགས། 25 ཁོ་རི་ལས་ཀ་སྒྲུབ་གུ་བྱེད་འདིག་གང་ལ་ཡོ་ཧ་ནན་གྱིས་སྨྲས་བ་ལགས། ཁྱེད་ཀྱ་ང་སུ་ཡིན་གྲོའི་སྨྲས་རེ་བསམས་བའི་འོད་དོ། ང་ནི་སྐྱབས་མགོན་གོ་མིན། ཡིན་ནའང་ཁོང་པ་ང་གཤམ་ནས་ཕེབས་བའི་འོད་ད་ལགས། དེ་ནས་ང་ནི་ཁོང་པ་ཡི་པོ་ལེའི་སྒྲོག་ཐག་བཀྲོལ་རིན་ཁ་ཡས་མེད། 26 སྤུན་ཀྱ་བོ། ཨབ་ར་ཧམ་གྱི་བརྒྱུད་པའི་ཕྲུ་བ་ཀྱ་དང་། དཀོན་མཆོག་ལ་འཇིགས་སྣང་བྱེད་ཀྱིན་ཡ་ཧུ་དཱ་པ་མིན་མཁན་ཀྱ་བོ། འདི་ཐར་པ་ཡི་བཀའ་དེ་དཀོན་མཆོག་གིས་འོ་རང་གི་རིའི་ཕྱིར་ལ་གནང་བ་ལགས། 27 ཡིན་ནའང་ཡེ་རུ་ཤ་ལེམ་དུ་བསྡད་མཁན་ཀྱ་དང་། ཁོང་ཀྱ་དཔོན་པོ་ཀྱ་ཡིས་ཡེ་ཤུ་ལ་སྐྱབས་མགོན་གོ་ལགས་སྨྲས་རེ་ངོ་མ་ཤེས་བ་ལགས། མངོན་ཤེས་མཁན་ཀྱ་ཡིས་ཆོས་ཁྲིམས་ལ་བྲིས་བྲ་ལབ་དམ་པའི་ངལ་གསོ་གིན་ཉིན་མ་ལ། ཙོག་བའི་སྒྲོག་གིན་བྱས་རེའང་ཁོང་ཀྱ་ཡིས་ཧ་མ་གོ་པ་ལགས། ཡེ་ཤུ་ལ་བསད་ཡས་ཆད་པ་སྟེར་ཏེ་ཁོང་ཀྱ་ཡིས་ཆོད་ཁྲིམས་ལ་ཁོང་པ་ཡི་སྐོར་ལ་བྲིས་བྲ་ལབ་གོ་གྲུབ་པ་ལགས། 28 འོ་དེ་ཀྱ་ཡིས་ཡེ་ཤུ་ལ་བསད་ཡས་ཁུངས་མ་རྙེད་པ་ལགས། ཡིན་ནའང་ཁོང་ཀྱ་ཡིས་ཡེ་ཤུ་ལ་བསད་དགོས་ཀྱི་ལགས་སྨྲས་རེ། པི་ལ་ཏུ་ལ་ཞུ་བ་ཕུལ་བ་ལགས། 29 དེ་རེ་བྱས་རེ་ཆོས་ཁྲིམས་ལ་ཁོང་པ་ཡི་སྐོར་ལ་བྲིས་བྲ་ལབ་གི་རི་གྲུབ་སྟེ་ཁོང་ཀྱ་ཡིས་ཁོང་པ་ལ་རྒྱང་ཤིང་ནས་མ་ལ་པབ་སྟེ། དེ་ནས་དུར་ཁྲོད་དུ་བཞག་པ་ལགས། 30 ཡིན་ནའང་དཀོན་མཆོག་གིས་ཡེ་ཤུ་ལ་འཆི་བ་ནས་གསོན་པོ་བཞེངས་མཛད་པ་ལགས། 31 ག་ལིལ་རྒྱ་རབས་ནས་ཁོང་པ་མུ་ལ་ཡེ་རུ་ཤ་ལེམ་དུ་འོངས་བ་ཀྱ་ཡིས། ཞག་མོ་དམི་ཅིག་གི་མང་ང་ཐུག་པའི་ཁོང་པ་ལ་མཇལ་ཡས་རག་པ་ལགས། དེ་ནས་ཁོང་ཀྱ་གོ་ད་ལྟ་ཡིས་ར་ཨེལ་གྱི་མི་ཀྱ་ཡི་ཕྱིར་ལ་ཁོང་པ་ལ་མཇལ་ཇ་དཔང་པོ་ཀྱ་ལགས། 32 ད་འེ་ཀྱ་ཁྱེད་རང་ཀྱ་ལ་དེ་གཏམ་བཟང་བཤད་ཡས་ཡིན། དཀོན་མཆོག་གིས་འོ་རི་དང་པོའི་ཕ་མ་ཀྱ་ལ་མཛད་ཛ་དམ་བཅའ། 33 ཁོང་པ་ཡིས་ཁོང་ཀྱ་ཡི་ཕྲུ་བ་ཀྱ་ཕྱིར་ལ་རང་འགྲུབ་མཛད་འོད་ད་ལགས། ཡེ་ཤུ་ལ་འཆི་བ་ནས་གསོན་པོ་བཞེངས་བའི་གང་ལ་ཁོང་པ་ཡིས་འོ་དེ་ཆོད་དམ་འོ་རི་ཕྱིར་ལ་རང་གྲུབ་མཛད་པ་ལགས། ད་དཀོན་མཆོག་གིས་ཁོང་པ་ལ་འཆི་བ་ནས་གསོན་པོ་བཞེངས་ཀྱི་ལགས་སྨྲ་གིན་ལབ་ཀྱི་སྐོར་ལ། གསུངས་མགུར་གྱི་ལེའུ་གཉིས་བ་ལ་འོ་བྱས་རེ་བྲིས་འོད་ད་ལགས། ཁྱོད་ངའི་བི་ཛ་ཡིན། དི་རིང་ང་ནི་ཁྱོའི་ཡབ་ཡིན། 34 དེ་ནས་ཁོང་པ་ལ་ལྡབ་ལེ་ནམ་མའང་བསད་མེད་དགོས་ཀྱིན་བྱས་རེ། གསོན་པོ་བཞེངས་བ་མཛད་ཀྱི་ལགས་སྨྲ་གིན་ལབ་ཀྱི་སྐོར་ལ། དཀོན་མཆོག་གིས་དེ་རེ་གསུངས་འོད་ད་ལགས། དཱ་བིད་ལ་དམ་བཅའ་མཛད་ཛ་དམ་པ་དང་སྨོན་ལམ་དངོས་གནས་གོ། ང་ཁྱེད་ཀྱ་ཡི་ཁོག་ཏུ་བརྫངས་ང་ཡིན། 35 ཡང་གསུངས་མགུར་གྱི་གཞན་མ་གླུ་ལ་དཱ་བིད་རྒྱལ་བོ་ཡིས་དེ་རེ་བྲིས་འོད་ད་ལགས། དཀོན་མཆོག་ཁོང་པ་ཡིས་ཁྱོད་རི་དམ་པའི་མི་ལ་རུལ་རེ་རྫོགས་དུ་བཅུག་གི་མ་ལགས། 36 དེ་ལབ་གོ་དཱ་བིད་ཀྱིས་ཁོ་རི་སྐོར་ལ་སྨྲས་བ་མ་ལགས། གི་བྱས་རེ་སྨྲ་ན་ཁོ་རི་དུས་ཚོད་ལ་དཀོན་མཆོག་གི་འདོད་པ་ནས་ལས་ཀ་བྱས་ཚར་ཏེ་ཁོ་ནི་ཤི་བ་ལགས། དེ་ནས་ཁོ་རི་དང་པོའི་ཕ་མ་མུ་ལ་བསྐུངས་ཏེ་རུལ་བ་ལགས། 37 ཡིན་ནའང་དཀོན་མཆོག་གིས་འཆི་བ་ནས་གསོན་པོ་བཞེངས་ཀྱིན་གོ་འོ་དེ་རེ་བྱས་རེ་མ་རུལ་བ་ལགས། 38 འོ་བྱས་རེ་སྤུན་ཀྱ་བོ། ཡེ་ཤུ་ནས་སྡིག་པ་འདག་གི་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ལ་ཤོག 39 ཡེ་ཤུ་ལ་དད་པ་བྱེད་མཁན་ཀྱ་གི་རི་སྡིག་པ་ནས་ཐར་པ་ཐོབ་ཏེ། དཀོན་མཆོག་གི་དྲུང་དུ་དྲང་པོ་འབྱུང་གི་ལགས། དེ་ལས་ཀ་མོ་ཤེ་ཡིས་གནང་ན་ཆོས་ཁྲིམས་ཀྱི་འགྲུབ་མ་ཐུབ་པ་ལགས། 40 འོ་བྱས་རེ་གཟབ་གཟབ་བྱས་རེ་སྡོད། དེ་ནས་མངོན་ཤེས་མཁན་ཀྱ་ཡིས་གསུངས་ས་དེ་ལབ་ཀྱ་ཁྱེད་རང་ཀྱ་ཁར་ལ་མ་འབྱུང་བར་ཤོག 41 ཁྱེད་སྨད་སྤྲ་པབ་མཁན་ཀྱ་བོ། ཧང་སངས་བྱེད། དེ་ནས་མེད་ད་ལ་སོང་། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་དུས་ཚོད་ལ་ང་དེ་རེ་ལས་ཀ་གཅིག་བྱེད་ཡས་ཡིན། འོ་དེ་ལས་ཀ་ཡི་སྐོར་ལ་སུས་འང་ཁྱེད་ཀྱ་ལ་སྨྲ་ནའང། ཁྱེད་ཀྱ་ཡིས་དད་པ་བྱེད་ཀྱི་མ་ལགས། 42 པའུ་ལུ་དང་བར་ན་བཱ་ཚོགས་ཁང་ནས་ཐོན་ཏེ་གང་ལ། མི་ཀྱ་ཡིས་གཞན་མ་ངལ་གསོ་གིན་ཉིན་མ་ལ་དེ་ལབ་ཀྱ་ཡི་སྐོར་ལ་འེ་ལ་དོ་རང་འང་གསུང་རོགས་གནང་སྨྲས་རེ་ཞུ་བ་ཕུལ་བ་ལགས། 43 ཚོགས་འདུ་རྫོགས་ཏེ་ཡ་ཧུ་དཱ་པ་ཀྱ་དང་ཡ་ཧུ་དཱ་པའི་ཆོས་བརྩིས་མཁན་གཞན་མ་མི་རིགས་ཀྱི་མི་ཀྱ། པའུ་ལུ་དང་བར་ན་བཱ་ཡི་གཤམ་ལ་སོང་བ་ལགས། པའུ་ལུ་དང་བར་ན་བཱ་ཡིས་འོ་དེ་ཀྱ་མུ་ལ་ལབ་བཏང་རེ། ཙོག་བའི་དཀོན་མཆོག་གི་སྙིང་རྗེ་ནང་སྡོད་སྨྲས་རེ་ལྕག་བརྒྱབ་པ་ལགས། 44 གཞན་མ་ངལ་གསོ་གིན་ཉིན་མ་ལ་གཏམ་བཟང་ཉན་ཡས་ལ་རྒྱལ་ས་ཡི་མི་མང་ཆེ་གི་རི་རུབས་ཏེ་འོངས་བ་ལགས། 45 ཡ་ཧུ་དཱ་པ་ཀྱ་ཡིས་མིའི་འཚང་ཀ་དེ་རེ་མང་ང་མཐོང་རེ་པའུ་ལུ་དང་བར་ན་བཱ་ཁར་ལ་ཕྲག་དོག་བྱས་བ་ལགས། འོ་དེ་ཀྱ་ཡིས་པའུ་ལུ་ཡི་གསུངས་ཀྱིན་ལ་འཕྱ་ལེ་བྱས་རེ་སྨད་སྤྲ་པབ་པ་ལགས། 46 ཡིན་ནའང་པའུ་ལུ་དང་བར་ན་བཱ་ཡིས་ཡོལ་ལེ་འཇིགས་སྐྲག་མི་བྱེད་ད་སྨྲས་བ་ལགས། ཁྱེད་ཀྱ་རྩ་རུ་ཨེན་ལ་དཀོན་མཆོག་གི་བཀའ་བཤད་དགོས་ཡས་འོད། ཡིན་ནའང་ཁྱེད་རང་ཀྱ་ཡིས་མ་མཉན་པ་ལགས། ཁྱེད་རང་ཀྱ་རང་ལ་མཐའ་མེད་ཀྱིན་ཚེ་སྲོག་གོ་འཐོབ་ཡས་མེད་ཀྱིན་བཟོས་བ་ལགས། འོ་བྱས་རེ་འེ་ཀྱ་གཞན་མ་མི་རིགས་ཀྱི་མི་ཀྱ་རྩ་རུ་འགྲོ་བ་ལགས། 47 གི་བྱས་རེ་སྨྲ་ན་གཙོ་བོ་ཡིས་འེ་ལ་འཛམ་གླིང་གི་མཐའ་ཐུག་པའི་མི་ཀྱ་ཡི་ཐར་པ་ཐོབ་བར་ཤོག་སྨྲས་རེ། ངས་ཁྱེད་ཀྱ་ལ་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཡི་ཁོག་ཏུ་འོད་འབྱུང་ཡས་ལ། བསྐོས་བ་ཡིན་གསུངས་རེ་དེ་རེ་བཀའ་གནང་བ་ལགས། 48 དེ་ལབ་ཧ་གོ་སྟེ་ཡ་ཧུ་དཱ་པ་མིན་གྱིན་མི་ཀྱ་ཉམ་མོ་དགྱེས་རེ་གཙོ་བོ་ཡིས་གནང་ན་བཀའ་ལ་བསྟོད་སྒྲ་ཕུལ་བ་ལགས། མཐའ་མེད་ཀྱིན་ཚེ་སྲོག་གི་ཕྱིར་ལ་ཨེན་མ་ནས་ཧ་ལ་རང་དཀོན་མཆོག་ནས་བདམས་ད་གི་རི་ཡིས་ཡེ་ཤུ་མཱ་ཤི་ཀ་ཁར་ལ་དད་པ་བྱས་བ་ལགས། 49 གཙོ་བོའི་བཀའ་འོ་དེ་ས་ཆ་ཡི་ཕྱོགས་གི་རི་ལ་ཁྱབ་པ་ལགས། 50 ཡིན་ནའང་ཡ་ཧུ་དཱ་པ་ཀྱ་ཡིས་ཡ་ཧུ་དཱ་པའི་ཆོས་ལུགས་བྱེད་མཁན་བུ་མོ་ཁག་ཆེ་ཀྱ་དང་། རྒྱལ་ས་ཡི་དཔོན་པོ་ཀྱ་ལ་ཁོག་བརྒྱངས་བ་ལགས། དེ་ནས་ཁོང་ཀྱ་ཡིས་འོ་དེ་རྒྱལ་ས་ཡི་མི་ཀྱ་ལ་པའུ་ལུ་དང་བར་ན་བཱ་ལ་སྡུག་པོ་བཏང་ཡས་ལ་བསླབས་པ་ལགས། དེ་ནས་ཁོང་གཉིས་བོ་ལ་འོ་དེ་རྒྱལ་རབས་ནས་ཕི་ལ་བཏོན་པ་ལགས། 51 དེ་ནས་པའུ་ལུ་དང་བར་ན་བཱ་ཡིས་འོ་དེ་མི་ཀྱ་ལ་དཀོན་མཆོག་གིས་རང་ཁྲིམས་བཅད་ཀྱི་ལགས་སྨྲས་རེ་སྟོན་ཡས་ལ་ཁོ་རི་རྐང་པ་ཡི་ཐ་ལ་སྲུག་སྟེ། དེ་ནས་ཨི་ཀོ་ནི་ཡོན་རྒྱལ་ས་ཕྱོགས་ལ་སོང་བ་ལགས། 52 དེ་ནས་དད་པ་བྱེད་མཁན་ཀྱ་དགའ་སྤྲོ་དང་དམ་པའི་ཐུགས་ཉིད་ཀྱིས་ཁངས་བ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.