མཛད་པ། 12 - གློ་བ།ཡ་ཀོབ་བསད་པ། དེ་ནས་པེ་ཏྲོ་བཙོན་ཁང་དུ་ཆུད་པ། 1 འོ་དེ་དུས་ཚོད་ལ་རྒྱལ་བོ་ཧེ་རོ་དཱེ་ཡིས་ཆོས་ཚོགས་ཀྱི་མི་རིང་འགའ་ལ་སྡུག་པོ་བཏང་ཡས་འགོ་བཙུགས་པ་ལགས། 2 ཡོ་ཧ་ནན་གྱི་ནུ་བོ་ཡ་ཀོབ་ལ་ཁོས་གྲི་ཡིས་བསད་དུ་བཙུགས་པ་ལགས། 3 ཡ་ཧུ་དཱ་པ་མི་ཀྱ་འོ་དེ་ལ་ཉམ་མོ་དགའ་གིན་གོ་མཐོང་རེ། ཁོས་པེ་ཏྲོ་ལའང་ཟིམ་དུ་བཙུགས་པ་ལགས། འོ་དེ་གང་ལ་སྐྱུར་རྩི་མེད་ཀྱིན་གྱང་ག་ཟ་གིན་དུས་ཆེན་གོ་ལགས། 4 ཡ་ཧུ་དཱ་པ་ཀྱ་ཡི་པེ་སག་གི་དུས་ཆེན་རྫོགས་ཏེ་གཤམ་ལ་ཁོ་ལ་མི་མང་ཀྱ་ཡི་གདོང་དུ་ཁྲིད་ཡས་བསམས་ཏེ། ཁོས་པེ་ཏྲོ་ལ་ཟིམ་ཏེ་བཙོན་ཁང་ནང་དུ་འདགས་པ་ལགས། དེ་ནས་དམག་མི་བཅུ་དྲུག་ནས་ཁག་བཞི་བཞི་བྱས་རེ། རེ་མོས་བརྒྱབ་སྟེ་ཁོ་ལ་སྲུང་ཡས་ལ་བསྐོས་བ་ལགས། 5 འོ་བྱས་རེ་པེ་ཏྲོ་བཙོན་ཁང་དུ་འདགས་པ་ལགས། ཡིན་ནའང་ཆོས་ཚོགས་ཀྱིས་སེམས་གཏིང་ནས་ཁོའི་ཕྱིར་ལ་དཀོན་མཆོག་ལ་སྨོན་ལམ་བརྒྱབ་པ་ལགས། པེ་ཏྲོ་བཙོན་ཁང་ནས་ཐར་པ། 6 ཧེ་རོ་དཱེ་ཡིས་པེ་ཏྲོ་ལ་མི་མང་ཀྱ་ཡི་གདོང་ལ་ཁྲིད་དེ་འོངས་ཡས་སྨྲ་གིན་མཚན་ཨེན་མ་གོ་ལ། པེ་ཏྲོ་ལྕགས་ཐག་གཉིས་ཀྱིས་བསྡམས་དེ་དམག་མི་གཉིས་ཀྱི་གུང་དུ་ཉལ་རེ་བསྡད་འོད་ད་ལགས། གཞན་མ་དམག་མི་གཉིས་བོ་བཙོན་ཁང་གི་སྒོ་བསྲུངས་རེ་བསྡད་འོད་ད་ལགས། 7 ཧ་ཏག་པ་ལ་དཀོན་མཆོག་གི་བང་ཆེན་གཅིག་འོ་དུ་རུ་མཐོང་བ་ལགས། དེ་ནས་ནང་གི་རི་རུ་འོད་བརྒྱབ་པ་ལགས། དེ་ནས་བང་ཆེན་གྱིས་པེ་ཏྲོ་ལ་ཕྱོགས་གཅིག་ནས་འགུལ་འགུལ་བཏང་རེ་གཉིད་སད་དེ། མགྱོགས་སེ་ལོངས། སྨྲས་རེ་སྨྲས་བ་ལགས། དེ་ནས་ཁོས་ལག་པ་ནས་ལྕགས་ཐག་གོ་གྲོལ་བ་ལགས། 8 དེ་ནས་དཀོན་མཆོག་གི་བང་ཆེན་གྱིས་ཁོ་ལ་སྨྲས་བ་ལགས། ཁྱོད་རི་སྐ་བུ་སྒྲིལ་རེ་པོ་ལེ་གོན། དེ་ནས་པེ་ཏྲོ་ཡིས་འོ་དེ་རེ་བྱས་བ་ལགས། དེ་ནས་བང་ཆེན་གྱིས་ཁོ་ལ་སྨྲས་བ་ལགས། ཁྱོད་རི་གོས་གོན་ཏེ་ངའི་གཤམ་པ་ལ་ཤོག 9 དེ་ནས་པེ་ཏྲོ་བཙོན་ཁང་ཕི་ལ་ཁོའི་གཤམ་པ་ལ་འབྲངས་རེ་སོང་བ་ལགས། ཡིན་ནའང་བང་ཆེན་གྱིས་གི་བྱེད་ཀྱིན་གོ་དངོས་གནས་ཡིན་གྱིན་གོ་ཁོས་ཧ་མ་གོ་བ། ཁོ་རང་མཐོང་སྣང་གཅིག་མཐོང་བ་ཡིན་གྲོ་སྨྲས་རེ་བསམས་པ་ལགས། 10 དེ་ནས་ཁོང་གཉིས་བོ་སྲུང་མཁན་དང་པོ་དང་གཉིས་བ་ནས་ཐར་ཏེ་རྒྱལ་ས་ཕྱོགས་ལ་འགྲོ་གིན་ལྕགས་ཀྱི་སྒོ་གདོང་དུ་སླེབས་པ་ལགས། འོ་དེ་སྒོ་དེ་ཁོང་གཉིས་བོའི་ཕྱིར་ལ་འོ་བྱས་རེ་རང་བས་རེ་ཁོང་གཉིས་བོ་ཕི་ལ་ཐོན་པ་ལགས། དེ་ནས་སྲང་གག་གཅིག་ནས་འགྲོའི་གང་ལ་བང་ཆེན་གོ་ཧ་ཏག་པ་ལ་ཡལ་རེ་སོང་བ་ལགས། 11 དེ་ནས་པེ་ཏྲོ་ཡིས་གི་བྱུང་གིན་གོ་ཧ་གོ་སྟེ་སྨྲས་བ་ལགས། ད་དེ་བདེན་པ་ལགས་སྨྲས་རེ་ངས་ཧ་གོ་སོང་། གཙོ་བོ་དཀོན་མཆོག་གིས་ཁོ་རང་གི་བང་ཆེན་བརྫངས་རེ་ང་ལ་ཧེ་རོ་དཱེ་ཡི་དབང་ཆ་དང་། ཡ་ཧུ་དཱ་པ་མི་ཀྱ་ཡི་རེ་བ་ནས་ང་ལ་སྐྱོབ་མཛད་སོང་། 12 དེ་ཧ་གོ་སྟེ་ཁོ་མར་ཀུ་སྨྲ་མཁན་ཡོ་ཧ་ནན་གྱི་ཨ་མ་མིར་ཡམ་གྱི་ཁང་པ་རུ་སོང་བ་ལགས། འོ་དུ་རུ་མི་དམི་ཅིག་གི་མང་ང་འཛོམས་དེ་སྨོན་ལམ་བརྒྱབ་བའི་བསྡད་འོད་ད་ལགས། 13 པེ་ཏྲོ་ཡིས་སྒོ་བརྡུངས་བ་ལགས། དེ་ནས་རོ་དེ་སྨྲ་མཁན་གཡོག་མོ་གོ་སྒོ་རྩ་རུ་སུ་འདུག་སྨྲས་རེ་ལྟ་རུ་འོངས་བ་ལགས། 14 པེ་ཏྲོ་ཡི་སྐད་ངོ་ཤེས་རེ་མོ་དམི་ཅིག་གི་ཉམ་མོ་དགྱེས་བ་ལགས། དེ་ནས་སྒོ་གོ་མ་པེ་བ་ནང་ལ་བང་བཏང་རེ་སོང་རེ་པེ་ཏྲོ་སྒོ་རྩ་རུ་འདུག་སྨྲས་རེ་བཤད་པ་ལགས། 15 ཁོང་ཀྱ་ཡིས་མོ་ལ་ཁྱོད་སྨྱོ་བ་མ་ལེ་སྨྲས་རེ་སྨྲས་བ་ལགས། ཡིན་ནའང་མོས་འོ་དེ་པེ་ཏྲོ་རང་ལགས་སྨྲས་རེ་ཐ་པུད་དེ་བསྡད་དེ་ཁོང་ཀྱ་ཡིས་མོ་ལ་སྨྲས་བ་ལགས། འོ་དེ་ཁོའི་བང་ཆེན་ཡིན་གྲོ། 16 ཡིན་ནའང་པེ་ཏྲོ་སྒོ་བརྡུངས་རེ་བསྡད་འོད་ད་ལགས། དེ་ནས་ཁོང་ཀྱ་ཡིས་སྒོ་པེ་རེ་བལྟས་གང་ལ་ཁོ་ལ་མཐོང་རེ་དམི་ཅིག་གི་ཧ་ལས་བ་ལགས། 17 པེ་ཏྲོ་ཡིས་ཁོང་གི་རི་ལ་ཁ་པ་སྡོད་སྨྲ་ཡས་ལ་མཛུབ་ཏེ་བྱས་བ་ལགས། དེ་ནས་བཙོན་ཁང་ནས་ཕི་ལ་གཙོ་བོ་ཡིས་གང་གི་བྱས་རེ་བཏོན་སོ་སྨྲས་རེ་གི་རི་ལ་བཤད་པ་ལགས། ལབ་དེ་ཡ་ཀོབ་དང་སྤུན་ཀྱ་ལ་ཤོད་སྨྲས་རེ་ཁོ་ཡུལ་གཞན་མ་གཅིག་ལ་སོང་བ་ལགས། 18 ནམ་ལངས་རེ་པེ་ཏྲོ་ལ་གི་བྱུང་བ་ལེ་སྨྲས་རེ་དམག་མི་ཀྱ་ནང་དུ་དམི་ཅིག་གི་རྙོག་གྲ་ཆེ་བྱུང་བ་ལགས། 19 ཧེ་རོ་དཱེ་ཡིས་ཁོ་རི་དམག་མི་ཀྱ་ལ་པེ་ཏྲོ་ལ་བཙལ་ཡས་ལ་བཀའ་གནང་བ་ལགས། ཡིན་ནའང་ཁོང་ཀྱ་ཡིས་ཁོ་ལ་མ་རྙེད་པ་ལགས། དེ་ནས་སྲུང་མཁན་ཀྱ་ལ་དྲི་བ་བསྐུལ་བ་ལགས། དེ་ནས་ཁོང་ཀྱ་ལ་སོད་སྨྲས་རེ་བཀའ་གནང་བ་ལགས། འོ་དེ་གཤམ་ནས་ཧེ་རོ་དཱེ་ཁོ་རང་ཡུ་དེ་ཡཱ་ནས་ཀེ་སར་ཡཱ་རུ་ཞག་མོ་ཏི་ཏེ་གཅིག་བསྡད་དུ་སོང་བ་ལགས། ཧེ་རོ་དཱེ་གྲོངས་བ། 20 ཏཱ་ཨར་དང་སི་དཱོན་གྱི་མི་ཀྱ་མུ་ལ་ཧེ་རོ་དཱེ་དམི་ཅིག་གི་འཚིག་པ་བཟས་བ་ལགས། ཡིན་ནའང་འོ་དེ་རྒྱལ་ས་ཡི་ཟ་མ་ཀྱ་རྒྱལ་བོ་ཧེ་རོ་དཱེའི་རྒྱལ་ཁབ་ནས་རག་ལུས་ད་ལགས། འོ་བྱས་རེ་ཁོང་ཀྱ་ཡི་ཚོགས་པ་གཅིག་བཱ་ལ་སི་ཏོ་སྨྲ་གིན་རྒྱལ་ཁང་གི་དཔོན་པོ་ལ་ཐུག་སྟེ་ཁོས་མུ་ལ་ལབ་འཇམ་པོ་མ་བྱས་རེ། དེ་ནས་ཧེ་རོ་དཱེ་རྩ་རུ་སོང་རེ་འཆམས་རོགས་བྱེད་སྨྲས་རེ་ཞུ་བ་འབུལ་ཡས་ལ་ཁོས་རོགས་བ་ལེན་པ་ལགས། 21 དེ་ནས་ཁོང་ཀྱ་མུ་ལ་ཐུག་ཡས་ལ་བསྐོས་ཀ་ཉིན་མ་གོ། རྒྱལ་བོ་ཡིས་གོན་གྱིན་གོས་གོ་ཧེ་རོ་དཱེ་ཡིས་གོན་དེ། ཁྲིམས་གཅོད་ཀྱི་ཁྲི་ལ་བཞུགས་ཏེ་མི་མང་ཀྱ་ལ་བཀའ་གནང་བ་ལགས། 22 འདི་ནི་མིའི་སྐད་མིན་ད་ལྷ་ཡི་གསུང་སྐད་ལགས་སྨྲས་རེ་མི་མང་ཀྱ་ཕེ་ར་བརྒྱབ་སྟེ་བསྡད་པ་ལགས། 23 ཧེ་རོ་དཱེ་ཡིས་མི་མང་ཀྱ་ཡི་བསྟོད་སྒྲ་གོ་དཀོན་མཆོག་ལ་མ་ཕུལ་བར་ཁོ་རང་རང་ཁས་ལེན་ཏེ། ལམ་སང་གཙོ་བོ་དཀོན་མཆོག་གི་བང་ཆེན་གྱིས་ཁོ་ལ་ཆད་པ་བཀལ་བ་ལགས། དེ་ནས་འབུ་ཡིས་བཟས་རེ་ཁོ་ཤི་བ་ལགས། 24 ཡིན་ནའང་དཀོན་མཆོག་གི་བཀའ་ཁྱབ་སྟེ་སོང་རེ། དད་པ་བྱེད་མཁན་ཀྱ་མང་དུ་མང་དུ་འཕེལ་རེ་སོང་བ་ལགས། 25 དེ་ནས་བར་ན་བཱ་དང་ཤ་ཨུལ་ཁོ་རི་ལས་ཀ་གི་རི་ཡེ་རུ་ཤ་ལེམ་ཐུག་པའི་གྲུབ་སྟེ་མར་ཀུ་སྨྲ་མཁན་ཡོ་ཧ་ནན་ལ་ཁྲིད་དེ་ལོག་སྟེ་སོང་བ་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.