Biblia Todo Logo
Bìoball air-loidhne

- Sanasan -

མཛད་པ། 11 - གློ་བ།


པེ་ཏྲོ་ཡེ་རུ་ཤ་ལེམ་དུ་ལོག་པ།

1 དེ་ནས་སྐུ་ཚབ་ཀྱ་དང་ཡུ་དེ་ཡཱ་རུ་འོད་མཁན་ཀྱ་ཡིས་ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡིས་འང་། དཀོན་མཆོག་གི་བཀའ་ཁས་ལེན་བྱས་འདུག་སྨྲས་རེ་ཧ་གོ་པ་ལགས།

2 འོ་བྱས་རེ་པེ་ཏྲོ་ཡེ་རུ་ཤ་ལེམ་དུ་སླེབས་ཏེ་ཡ་ཧུ་དཱ་པ་དད་པ་བྱེད་མཁན་ཀྱ་ཡིས་ཁོ་ལ་སྐྱོན་བཙུགས་པ་ལགས།

3 ཁོང་ཀྱ་ཡིས་སྨྲས་བ་ལགས། ཁྱོད་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་རྩ་རུ་མགྲོན་ལ་སོང་རེ་ཁོང་ཀྱ་མུ་ལ་བཟའ་མ་བཟས་འདུག

4 དེ་ནས་པེ་ཏྲོ་ཡིས་ཁོང་ཀྱ་ལ་གི་བྱུང་གིན་གོ་གི་རི་རིམ་མེ་ལ་བཤད་པ་ལགས།

5 ཡོ་ཕཱ་རྒྱལ་ས་རུ་ང་སྨོན་ལམ་བརྒྱབ་བའི་གང་ལ། ངས་མཐོང་སྣང་གཅིག་མཐོང་སོང་། རས་ཆེ་ཅོག་རེ་གཅིག་ནམ་མཁའི་ཞིང་ཁམས་ནས་ཟུར་བཞི་ནས་བཏགས་ཏེ་ངའི་ཁར་ལ་བབ་ཀྱིན་ངས་མཐོང་སོང་།

6 ངས་འོ་དེ་རས་ལ་བལྟས་གང་ལ་རྐང་པ་བཞི་འོད་མཁན་དུད་འགྲོ་ཀྱ་དང་། རི་དྭགས་སེམས་ཅན་ཀྱ་དང་། ལྟོ་འགྲོ་ཀྱ་དང་། གནམ་གྱི་བྱ་སྣ་ཁ་གི་རི་མཐོང་སོང་།

7 དེ་ནས་ངས་དེ་རེ་གསུངས་ཀྱིན་སྐད་གཅིག་གོ་སོང་། པེ་ཏྲོ། ལོངས། དེ་ནས་བསད་དེ་ཟོ།

8 ཡིན་ནའང་ངས་དེ་རེ་སྨྲས་བའི། གཙོ་བོ། འདི་ང་མི་བྱེད། གི་བྱས་རེ་སྨྲ་ན་ངས་ཁ་ནང་དུ་བཙོག་པ་ཡང་ན་མེད་གཙང་ང་གིན་ད་ནམ་མའང་བཙུགས་མ་མྱོང་།

9 ཡིན་ནའང་ནམ་མཁའི་ཞིང་ཁམས་ནས་སྐད་ཀྱིས་ལྡབ་ལེ་གསུངས་སོང་། དཀོན་མཆོག་གིས་གཙང་མ་བཟོས་ས་གོ་ལ་ཁྱོད་མེད་གཙང་ང་སྨྲས་རེ་མ་སྨྲ།

10 ལེ་མོ་གསུམ་ཐུག་པའི་དེ་རེ་བྱུང་སོང་། དེ་ནས་འོ་དེ་རས་གོ་ནམ་མཁའི་ཞིང་ཁམས་ཕྱོགས་ལ་ཁྱེར་སོང་།

11 ལམ་སང་འེ་བསྡད་ས་ཁང་པ་རུ་ཀེ་སར་ཡཱ་ནས་བརྫངས་ཛ་མི་གསུམ་སླེབས་སོང་།

12 དེ་ནས་དམ་པའི་ཐུགས་ཉིད་ཀྱིས་ང་ལ་དོགས་པ་གིན་ད་མི་བྱེད་ད་ཁོང་ཀྱ་མུ་ལ་སོང་གསུངས་སོང་། དེ་ནས་དུ་རུ་འོད་མཁན་སྤུན་དྲུག་ངའི་མུ་ལ་སོང་རེ་འེ་གི་རི་འོ་དེ་མི་ཡི་ནང་དུ་སོང་བའི།

13 ཁོས་འེ་ཀྱ་ལ་བང་ཆེན་གཅིག་ཁོ་རི་ནང་དུ་ཁོའི་རྩ་རུ་མཐོང་རེ་དེ་རེ་གསུངས་ཀྱིན་གོ་འེ་ལ་བཤད་སོང་། ཡོ་ཕཱ་རུ་མི་གཅིག་ལ་སི་མོན་སྨྲ་གིན་པེ་ཏྲོ་ལ་འབོད་རུ་རྫོངས།

14 ཁྱོད་དང་ཁྱོའི་ནང་མི་གི་རི་ལ་གང་བྱས་རེ་སྐྱོབ་ཡས་སྨྲས་རེ་ཁོས་ཁྱོད་ལ་བཀའ་གནང་གི་ལགས།

15 དེ་ནས་ང་ལབ་བཏང་བའི་གང་ལ། འོ་རང་ཀྱ་ཡི་ཁར་ལ་འགོ་མ་དམ་པའི་ཐུགས་ཉིད་བབ་ཀྱིན་ཅོག་རེ་ཁོང་ཀྱ་ཁར་ལ་བབ་སོང་།

16 ཡོ་ཧ་ནན་གྱིས་ཆུའི་ཁྲུས་གསོལ་གནང་བ་ལགས། ཡིན་ནའང་ཁྱེད་ཀྱ་ལ་དམ་པའི་ཐུགས་ཉིད་ཀྱི་ཁྲུས་གསོལ་འབྱོར་གྱི་ལགས་སྨྲས་རེ། གཙོ་བོ་ཡིས་གསུངས་ཀྱིན་བཀའ་གོ་ངས་དྲན་བྱུང་།

17 འོ་བྱས་རེ་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱས་རེ་དཀོན་མཆོག་གིས་འོ་རང་ལ་གནང་ན་གནང་སྦྱིན་ཅོག་རེ། ཁོང་ཀྱ་ལ་འོ་དེ་གནང་རེ་མེད་ད་ལ། དཀོན་མཆོག་ལ་བཀག་གིན་ང་སུ་ལགས་སེ།

18 དེ་ནས་དེ་ཧ་གོ་སྟེ་ཁོང་ཀྱ་ཡིས་པེ་ཏྲོ་ལ་སྐྱོན་བཙུགས་ཡས་བོར་ཏེ་དཀོན་མཆོག་ལ་བསྟོད་པ་འདི་རེ་ཕུལ་བ་ལགས། ད་ཧ་ན་དཀོན་མཆོག་གིས་ཡ་ཧུ་དཱ་པ་མིན་མཁན་ཀྱ་ལའང་ཁོ་རི་སྡིག་པ་སྤངས་རེ་སེམས་བསྒྱུར་ཡས་དང་། མཐའ་མེད་པའི་ཚེ་སྲོག་འཐོབ་ཡས་ཀྱི་གོ་སྐབས་གནང་འདུག


ཨན་ཏི་ཡོག་ཏུ་ཆོས་ཚོགས།

19 སེ་ཏེ་ཕཱན་བསད་དེ་དད་པ་བྱེད་མཁན་ཀྱ་ལ་སྡུག་པོ་མྱངས་བའི་གང་ལ། ཁོང་ཀྱ་ཕོ་ནི་ཀེ་དང་། ས་ཡིབ་པུ་རུས་དང་། སི་རི་ཡཱ་ཡི་ཨན་ཏི་ཡོག་གི་རྒྱལ་ས་ཀྱ་ལ་འགྲུལ་བརྒྱབ་སྟེ་གྲམ་པ་ལགས། ཁོང་ཀྱ་ཡིས་ཡ་ཧུ་དཱ་པ་ཀྱ་ལ་གཅིག་ཀ་དཀོན་མཆོག་གི་བཀའ་བཤད་པ་ལགས།

20 གི་ཡིན་ན་ས་ཡིབ་པུ་རུས་དང་། ཀུ་རེ་ནཱེ་ནས་ཨན་ཏི་ཡོག་ཏུ་སླེབས་ལ་དད་པ་བྱེད་མཁན་རིང་འགའ་ཡིས། གཙོ་བོ་ཡེ་ཤུ་སྐོར་ལ་ཡ་ཧུ་དཱ་པ་མིན་མཁན་ཀྱ་ལ་བཀའ་བཤད་པ་ལགས།

21 གཙོ་བོ་ཡི་དབང་ཁོང་ཀྱ་མུ་ལ་བྱུང་རེ་མི་དམི་ཅིག་གི་མང་ང་ཡིས་དད་པ་བྱས་རེ་གཙོ་བོ་ཕྱོགས་ལ་བསྒྱུར་པ་ལགས།

22 ཡེ་རུ་ཤ་ལེམ་དུ་འོད་ཀྱིན་ཆོས་ཚོགས་རུ་དེ་ལབ་ཀྱ་གོ་སྟེ། ཁོང་ཀྱ་ཡིས་བར་ན་བཱ་ལ་ཨན་ཏི་ཡོག་ཏུ་བརྫངས་བ་ལགས།

23 འོ་དུ་རུ་སླེབས་ཏེ་དཀོན་མཆོག་གི་ཐུགས་རྗེའི་འབྲས་བུ་མཐོང་རེ་ཁོ་དམི་ཅིག་གི་ཉམ་མོ་དགྱེས་བ་ལགས། དེ་ནས་དད་པ་བྱེད་མཁན་ཀྱ་ལ་དོ་རང་འང་གཙོ་བོའི་ནང་བརྟན་པོ་བྱུང་རེ་བསྡད་ཡས་ལ་སེམས་ཤུགས་སྤར་པ་ལགས།

24 བར་ན་བཱ་ནི་མི་བཟང་པོ་དང་། དམ་པའི་ཐུགས་ཉིད་དང་། དད་པ་ཡིས་ཁངས་ཁ་མི་གཅིག་ལགས། ཁོའི་བྱས་རེ་མི་དམི་ཅིག་གི་མང་ང་ཡིས་གཙོ་བོ་ལ་དད་པ་བྱས་བ་ལགས།

25 དེ་ནས་བར་ན་བཱ་ཤ་ཨུལ་ལ་བཙལ་རུ་ཏྲར་སོ་རུ་སོང་བ་ལགས།

26 དེ་ནས་ཁོ་ལ་ཤ་ཨུལ་རྙེད་པ་ལགས། དེ་ནས་ཁོ་ལ་ཨན་ཏི་ཡོག་ཏུ་ཁྲིད་དེ་འོངས་བ་ལགས། ལོ་གཅིག་གང་ཚང་ཁོང་ཀྱ་འོ་དུ་རུ་འོད་ཀྱིན་ཆོས་ཚོགས་ཀྱི་མི་ཀྱ་མུ་ལ་ཐུག་པ་ལགས། དེ་ནས་མི་དམི་ཅིག་གི་མང་ང་ལ་ཆོས་བསླབས་པ་ལགས། ཉེ་གནས་ཀྱ་ལ་ཐེངས་འགོ་མ་མཱ་ཤི་ཀ་བ་སྨྲས་རེ་ཨན་ཏི་ཡོག་ཏུ་སྨྲས་བ་ལགས།

27 འོ་དེ་གང་ལ་ཡེ་རུ་ཤ་ལེམ་ནས་ཨན་ཏི་ཡོག་ཏུ་མངོན་ཤེས་མཁན་རིང་འགའ་ཕེབས་པ་ལགས།

28 ཨ་ག་བུ་སྨྲ་གིན་མངོན་ཤེས་མཁན་གཅིག་ཚོགས་པ་ཡི་ཁོག་ལ་ལངས་རེ། དམ་པའི་ཐུགས་ཉིད་ནས་ས་ཆ་གི་རི་དམི་ཅིག་ཆེ་མུ་གེ་ལ་ཤོར་གྱི་ལགས་སྨྲས་རེ་མངོན་མཁྱེན་པ་ལགས། (ཀཱ་ལོ་དེའུ་རྒྱལ་བོ་ཡི་དུས་ཚོད་ལ་མངོན་ཤེས་དེ་གྲུབ་པ་ལགས)

29 འོ་བྱས་རེ་ཨན་ཏི་ཡོག་ཏུ་འོད་ཀྱིན་དད་པ་བྱེད་མཁན་ཀྱ་ཡིས་ཡུ་དེ་ཡཱ་རུ་བསྡད་མཁན་སྤུན་ཀྱ་ལ་རོགས་བ་བྱེད་ཡས་ལ། མི་རེ་མི་རེ་ནས་གི་ཐུབ་ཏུ་སྐུར་ཡས་གྲོས་བྱས་བ་ལགས།

30 དེ་རེ་བྱས་རེ་འོ་དེ་ཨ་ལེ་གོ་ཆོས་ཚོགས་གི་འགོ་ཁྲིད་ཀྱ་ལ་འབུལ་ཡས་ལ་བར་ན་བཱ་དང་ཤ་ཨུལ་གྱི་ལག་ཀ་ལ་བསྐུར་པ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan