༢ ཏི་མོ་ཐེའུ། 4 - གློ་བ།1 དཀོན་མཆོག་གི་གདོང་དུ་དང་། གསོན་པོ་དང་གཤིན་པོ་གཉིས་ཀྱི་ཁྲིམས་གཅོད་མཛད་ཀྱིན་མཱ་ཤི་ཀ་ཡེ་ཤུའི་གདོང་དུ། དེ་ནས་ཁོང་པ་ཡི་ལྡབ་ལེ་ཕེབས་བསུ་དང་རྒྱལ་སྲིད་ལ་རྟེན་ཏེ་ང་ཁྱོད་ལ་འདི་རེ་ལྕག་བརྒྱབ་བ་ཡིན། 2 དཀོན་མཆོག་གི་བཀའ་ཤོད། དུས་ཡིན་གྱིན་དང་མིན་གྱིན་གཉིས་ཀ་ར་ལ་གྲ་སྒྲིག་སྡོད། དེ་ནས་བཟོད་པ་ཆེ་ཐོག་ནས་སློབ་སྦྱོང་གི་ཐོག་ནས་མི་ཀྱ་ལ་བསླབ་བྱ་རྒྱོབ། སྐྱོན་སྟོན། དེ་ནས་སེམས་ཤུགས་སྤོར། 3 གི་བྱས་རེ་སྨྲ་ན་མི་ཀྱ་ཡི་ལྟ་བ་དྲང་བདེན་གྱི་བསླབ་བྱ་ལ་ཉན་ཉིད་མེད་འདོད་ད། རང་གིས་ཉན་ཉིད་འདོད་ཀྱིན་ལབ་ཀྱ་དང་རང་གི་འཐད་ཀྱིན་སློབ་དཔོན་ཀྱ་བཙལ་ཡས་ཀྱི་དུས་ཤར་གྱི་ལགས། 4 དེ་ནས་བདེན་པ་ནས་ལོག་སྟེ་ཁུངས་ལུང་མེད་ཀྱིན་གཏམ་རྒྱུད་ཀྱ་ཡི་གཤམ་ལ་འབྲངས་ཀྱི་ལགས། 5 ཁྱོད་རང་ཙོག་བའི་བརྟན་པོ་སྡོད། སྡུག་པོ་ཀྱ་བཟོད་པ་བྱེད། དེ་ནས་གཏམ་བཟང་ཤོད། དེ་ནས་ཁྱོད་རི་ཞབས་ཏོག་སྒྲུབ་ཏུ་ཆུག པའུ་ལུ་ཡི་མཐའ་མའི་བཀའ། 6 ང་ནི་གསེར་སྐྱེམས་འབུལ་ཡས་ལ་འབུལ་རིན་ཏེ། ང་འདའ་ཡས་ཀྱི་དུས་བབ་ཚར་འདུག། 7 ངས་དམག་བཟང་ང་འཐྲབས་འོད། དེ་ནས་ངས་བང་སྡུར་གོ་བཏང་ཚར་འོད། དེ་ནས་ངས་དད་པ་སྲུངས་འོད། 8 ད་དེ་ནས་ཧ་ལ་ངའི་ཕྱིར་ལ་དྲང་བདེན་གྱི་དབུ་རྒྱན་བཞག་འོད་ད་ལགས། དེ་ནས་འོ་དེ་དྲང་བདེན་གྱི་ཁྲིམས་དཔོན་གཙོ་བོས་འོ་དེ་ཉིན་མོ་གོ་ལ་ང་ལ་གནང་གི་ལགས། དེ་ནས་ང་ལ་གཅིག་ཀ་མིན་ད་ཁོང་པ་ཡིས་ལྡབ་ལེ་ཕེབས་བསུ་ལ་དགའ་མཁན་གི་རི་ལ་གནང་གི་ལགས། 9 ང་ཙ་རུ་མགྱོགས་སེ་འོངས་ཡས་ལ་གི་ཐུབ་ཏུ་ཐབས་ཤེས་བྱེད། 10 གི་བྱས་རེ་སྨྲ་ན་དེ་མཱ་འཇིག་རྟེན་འདི་ལ་ཆགས་ཏེ་ང་ལ་སྤངས་རེ་ཐེ་ས་ལོ་ནི་ཀེ་རུ་ལ་སོང་། དེ་ནས་ཀ་རེ་སི་ཀེན་ནི་ག་ལ་ཏི་ཡཱ་ཡུལ་ཕྱོགས་ལ་ལ་སོང་། དེ་ནས་ཏི་ཏོས་ནི་དལ་མ་ཏི་ཡཱ་ཡུལ་ཕྱོགས་ལ་ལ་སོང་། 11 ལུ་ཀ་གཅིག་ཀ་ངའི་མུ་ལ་འོད། ངའི་ཞབས་ཏོག་གི་ལས་ཀ་ལ་མར་ཀུ་ང་ལ་ཕན་ཐོགས་བ་བྱས་རེ་ཁོ་ལ་བཙལ་རེ་ཁྱོའི་མུ་ལ་འཁྲིད་དེ་ཤོག། 12 ཏུ་ཁི་ཀོས་ལ་ངས་ཨེ་ཕེ་སུ་རྒྱལ་ས་རུ་བརྫངས་འོད། 13 ཁྱོད་འོང་བའི་གང་ལ་ངས་ཏོ་རོ་ཨཱས་རྒྱལ་ས་རུ་ཀར་པུའི་ཙ་རུ་བཞག་ཞ་ཕི་གོས་དང་དཔེ་ཆ་ཀྱ་དང་། དམིགས་བསལ་དུ་པགས་ཤོག་ཀྱ་འཁྱེར་ཏེ་ཤོག། 14 ཟངས་བཟོ་མཁན་ཨ་ལེག་སན་དེར་གྱིས་ང་ལ་དམི་ཅིག་གི་གནོད་བསྐྱལ་སོང་། དེ་ནས་ཁོས་བྱས་བྱ་ཡི་ལན་གཙོ་བོས་ཁོ་ལ་གནང་གི་ལགས། 15 ཁྱོད་འང་ཁོ་ནས་གཟབ་གཟབ་བྱེད། གི་བྱས་རེ་སྨྲ་ན་ཁོ་འོ་རི་གཏམ་བཟང་ལ་དམི་ཅིག་གི་ངོ་ལོག་བྱེད་འདིག། 16 ཁྲིམས་དཔོན་གྱི་གདོང་དུ་ང་ཐེངས་དང་པོ་ཁྲིམས་ཞུས་གང་ལ། གི་རི་ཡིས་ང་ལ་སྤངས་རེ་ང་ཕྱོགས་ལ་སུའང་ལངས་ཀྱི་མིན་འདུག། འདིའི་ལན་གོ་ཁོང་ཀྱ་ཁར་ལ་མ་ཕོག་བར་ཤོག། 17 ཡིན་ནའང་ངའི་ཐོག་ནས་གཏམ་བཟང་ཚང་པོ་བཤད་ཡས་ལ། དེ་ནས་ཡ་ཧུ་དཱ་པ་མིན་གྱིན་མི་རིགས་གི་རི་ཡིས་ཧ་གོ་ཡས་ཀྱི་ཕྱིར་ལ། གཙོ་བོ་ངའི་མུ་ལ་བཞུགས་ཏེ་ང་ལ་ཤུགས་གནང་སོང་། དེ་ནས་འཆི་བའི་ཁ་ནས་ང་ལ་སྐྱོབ་མཛད་སོང་། 18 གཙོ་བོས་ང་ལ་བྱ་བ་ངན་པ་གི་རི་ནས་སྐྱོབ་མཛད་ཀྱི་ལགས། དེ་ནས་ཁོང་པ་ཡིས་ནམ་མཁའི་རྒྱལ་སྲིད་ཀྱི་ཕྱིར་ལ་ང་ལ་ཐར་པ་མཛད་ཀྱི་ལགས། ཁོང་པ་ལ་རྒྱུན་ནས་རྒྱུན་དུ་གཟི་བརྗིད་འོང་བར་ཤོག། ཨ་མེན། མཐའ་མའི་འཚམས་འདྲི། 19 པི་རིས་ཀཱ་དང་ཨ་ཀུ་ལཱ་གཉིས་བོ། དེ་ནས་ཨོ་ནེ་སི་ཕོ་རུའི་ནང་མི་གི་རི་ལ་འཚམས་འདྲི་ཞུས། 20 ཨེ་ར་སི་ཏུ་ནི་ཀོ་རིན་ཐུ་རྒྱལ་ས་རུ་བསྡད་སོང་། དེ་ནས་ཏོ་རོ་ཕི་མོས་ནད་པ་བྱུང་རེ་མི་ལེ་ཏུ་རུ་རང་བཞག་པའི། 21 དགུན་ཁ་ཤར་ཡས་ཨེན་ལ་རང་ངའི་ཙ་རུ་འོང་ཡས་ཐབས་ཤེས་བྱེད། དེ་ནས་ཨེའུ་བུ་ལུ་ཡིས་ཁྱོད་ལ་འཚམས་འདྲི་ཞུའི། དེ་ནས་པུ་དེན་དང་། ལི་ནུ་དང་། ཀ་ལོ་དི་ཡཱ་དང་། སྤུན་གི་རི་ཡིས་འང་ཁྱོད་ལ་འཚམས་འདྲི་ཞུའི། 22 གཙོ་བོ་ཁྱོའི་སེམས་ནང་དུ་བཞུགས་བར་ཤོག། གཙོ་བོའི་ཐུགས་རྗེ་ཁྱེད་ཀྱ་མུ་ལ་འོང་བར་ཤོག །། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.