Biblia Todo Logo
Bìoball air-loidhne

- Sanasan -


༢ ཏི་མོ་ཐེའུ། 3 - གློ་བ།


མཐའ་མའི་དུས་ཀྱི་ཉེན་ཁ།

1 མཐའ་མའི་དུས་ལ་དུས་གག་བ་འོང་གི་ལགས་སྨྲས་རེ་ཁྱོད་ཤེས་ལ་བྱེད།

2 གི་བྱས་རེ་སྨྲ་ན་མི་ཀྱ་རང་ལ་ཆགས་ཀྱིན་དང་དངུལ་ལ་ཆགས་ཀྱིན། སྤོབས་པ་ཆེ་དང་ང་རྒྱལ་ཅན། ཚིག་རྩུབ་བ་སྨྲ་མཁན་དང་ཕ་མ་ལ་མི་བརྩིས་མཁན། དྲིན་མི་དྲན་མཁན་དང་ཆོས་ལ་མི་བརྩིས་མཁན།

3 དེ་ནས་བརྩེ་སེམས་མེད་མཁན་དང་སྡང་སེམས་ཅན། ཕྲ་མ་བརྒྱབ་མཁན་དང་ཚོད་མི་ཟིམ་མཁན། གདུག་རྩུབ་ཅན་དང་དགེ་བ་ལ་མེད་དགའ་མཁན།

4 དེ་ནས་ངོ་ལོག་ཅན་དང་བསམ་བློ་མེད་མཐོང་མཁན། ང་རྒྱལ་གྱིས་ཁངས་ཁ་དང་དཀོན་མཆོག་ལས་ལྷག་འདོད་ཡོན་ལ་ཆགས་མཁན།

5 དེ་ནས་ཆོས་སེམས་བྱེད་དོག་དོག་བྱེད་མཁན། ཡིན་ནའང་འོ་དེའི་དབང་ལ་ཁས་མེད་ལེན་གྱིན་འོང་གི་ལགས། དེ་རེ་མི་ཀྱ་ནས་འཛེམ།

6 ཁོང་ཀྱ་ནས་རིང་འགའ་མགོ་སྐོར་བཏང་རེ་མིའི་ནང་ཀྱ་ལ་འཛུལ་རེ། སྡིག་པ་དང་འདོད་པ་སྣ་ཚོགས་ཀྱིས་བསྣེམས་ཏེ་བསྡད་ད་སྐྱེས་དམན་སྐྱོ་བ་ཀྱ་ལ་རང་གི་དབང་དུ་བསྡུ་ལ་ལགས།

7 དེ་རེ་སྐྱེས་དམན་ཀྱ་ཙོག་བའི་སྦྱང་ཡས་ཐབས་ཤེས་བྱེད་ད་ལགས། ཡིན་ནའང་བདེན་པ་གོ་ནམ་མའང་ཤེས་མི་ཐུབ་བ་ལགས།

8 ཡཱན་ནེ་དང་ཡཱམ་བ་རེ་གཉིས་བོས་མོ་ཤེ་ལ་ངོ་ལོག་བྱས་ཀྱིན་ཅོག་རེ། ཀླད་པ་རུལ་ར་དང་དད་པ་ཟོག་པོ་འོད་ཀྱིན་འདི་མི་ཀྱ་ཡིས་འང་བདེན་པ་ལ་ངོ་ལོག་བྱེད་ད་ལགས།

9 ཡིན་ནའང་འོ་དེ་མི་གཉིས་བོ་ལ་བྱུང་བྱ་ཅོག་རེ། ཁོང་ཀྱ་གླེན་ད་ཡིན་མཁན་གོ་གི་རིའི་གདོང་དུ་མངོན་ཏེ་ཁོང་ཀྱ་ཧ་མི་རིང་ང་མི་ཐུབ་ཀྱི་ལགས།


ཏི་མོ་ཐེའུ་ལ་པའུ་ལུ་ཡིས་བསླབ་བྱ།

10 ཡིན་ནའང་ཁྱོས་ངས་ཆོས་སྟོན་གྱིན་དང་། ངའི་སྤྱོད་ལམ་དང་། ངའི་མི་ཚེའི་དམིགས་ཡུལ་དང་། དད་པ་དང་། ངའི་བཟོད་པ་དང་། ངའི་བྱམས་པ་དང་། ང་བརྟན་པོ་འོད་ཀྱིན།

11 དེ་ནས་ངའི་སྡུག་སྦྱོང་ཀྱ་དང་སྡུག་པོ་ཀྱ། དེ་ནས་ཨན་ཏི་ཡོག་ཡུལ་དང་། ཨི་ཀོ་ནི་ཡོན་ཡུལ་དང་། ལུས་ཏྲ་རྒྱལ་ས་རུ་ང་ལ་གི་བྱུང་གིན་དང་། ངས་སྡུག་པོ་གི་མྱངས་ཀྱིན་གོ་མངོན་སུམ་དུ་མཐོང་འོད་ད་ལགས། ཡིན་ནའང་གཙོ་བོས་ང་ལ་དེ་གི་རི་ནས་ཐར་པ་མཛད་པ་ལགས།

12 དངོས་གནས་བྱེད་ན་མཱ་ཤི་ཀ་ཡེ་ཤུ་ལ་རྟེན་ཏེ་ཆོས་ལ་མཐུན་གྱིན་མི་ཚེ་སྐྱོང་ཉིད་འདོད་མཁན་གི་རི་ཡིས་སྡུག་པོ་མྱངས་རང་དགོས་ཀྱི་ལགས།

13 ཡིན་ནའང་མི་ངན་པ་ཀྱ་དང་ཟོག་བྱེད་མཁན་ཀྱ་གཞན་མ་ཀྱ་ལ་མགོ་བ་སྐོར་ཏེ། དེ་ནས་རང་མགོ་སྐོར་ལ་ཆུད་དེ། སྡུག་ཏུ་སྡུག་ཏུ་འགྲོ་གི་ལགས།

14 ཡིན་ནའང་འོ་དེ་བསླབ་བྱ་ཀྱ་སུ་ནས་སྦྱངས་བྱ་གོ་ཁྱོས་རང་ཤེས་ལ་ལགས། གི་བྱས་རེ་སྨྲ་ན་ཁྱོད་རང་གིས་བསླབས་ལ་བསླབ་བྱ་ཀྱ་དང་བརྟན་པོ་བྱས་རེ་བྱས་བྱ་དད་པ་ལ་གནས་རེ་སྡོད།

15 མཱ་ཤི་ཀ་ཡེ་ཤུའི་ཁར་ལ་དད་པ་ཡི་སྒོ་ནས་ཐར་པ་ཡི་ཤེས་རབ་གནང་གིན་དམ་པའི་གསུང་རབ་གོ། ཁྱོས་ཅི་མེ་ནས་ཧ་ལ་རང་ཤེས་འོད་ད་ལགས།

16 དམ་པའི་གསུང་རབ་ལ་འོད་ཀྱིན་གི་རི་དཀོན་མཆོག་གི་ཐུགས་ཉིད་ནས་བྱུང་བ་ལགས། དེ་ནས་འདི་བསླབ་བྱ་བསླབས་ཡས་དང་། སྐྱོན་སྟོན་ཡས་དང་། ནོར་འཁྲུལ་གསོ་ཡས་དང་། དྲང་བདེན་གྱི་ལམ་ལ་སློབ་སྟོན་སྟོན་ཡས་ལ་ཕན་ཐོགས་བ་ལགས།

17 འོ་བྱས་རེ་དཀོན་མཆོག་གི་མི་ཀྱ་ལས་བཟང་ང་གི་རི་ལ་འཇོན་པོ་དང་ཚང་གིན་འབྱུང་གི་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan