༢ ཏི་མོ་ཐེའུ། 2 - གློ་བ།མཱ་ཤི་ཀ་ཡེ་ཤུའི་དམག་མི་བཟང་པོ། 1 ངའི་བུ་ཁྱོད། མཱ་ཤི་ཀ་ཡེ་ཤུ་ཡི་ཐུགས་རྗེ་ནང་དུ་སྙིང་ཆེ་འབྱུང་ཞིག། 2 དེ་ནས་དཔང་པོ་མང་ང་ཡི་གདོང་དུ། ང་ནས་གོ་གིན་ངས་བསླབས་ལ་ལབ་ཀྱ་གཞན་མ་ཀྱ་ལ་བསླབས་ཐུབ་ཀྱིན། བློ་བཀལ་ཐུབ་ཀྱིན་སྐྱེས་བའི་བུ་ཀྱ་ལ་འཚོལ། 3 མཱ་ཤི་ཀ་ཡེ་ཤུའི་དམག་མི་དྲང་པོ་གཅིག་ཅོག་རེ་ངའི་མུ་ལ་སྡུག་བསྔལ་གྱི་འགན་ཁུར། 4 དམག་མི་གཅིག་གི་དམིགས་ཡུལ་རང་གི་དཔོན་པོ་ལ་གཅིག་ཀ་དགའ་རུ་བཅུག་ཡས་འོང་ང་ལགས། འོ་བྱས་རེ་ཁོ་ཉིན་རེའི་ལས་ཀ་ཀྱ་ལ་མེད་འཐད་ལ་ལགས། 5 དེ་རེ་བྱས་རེ་རང་གྱད་པ་གཅིག་གིས་ཁྲིམས་ལ་བརྩིས་རེ་མི་སྡུར་ན། ཁོ་ལ་འོ་དེའི་བྱ་དགའ་མེད་ཐོབ་བ་ལགས། 6 དཀའ་ལས་བརྒྱབ་ཀྱིན་ཞིང་པ་གོ་ལ་སྟོན་ཐོག་གི་སྐལ་ད་དང་པོ་གོ་ཐོབ་དགོས་ལ་ལགས། 7 གཙོ་བོས་ཁྱོད་ལ་གི་རིའི་ཐོག་ལ་ཤེས་རབ་གནང་གི་ལགས། འོ་བྱས་རེ་ངས་གི་སྨྲ་གིན་གོ་ལ་བསམ་བློ་ག་མོ་མ་གཏོང་། 8 ངས་བཤད་ཀྱིན་གཏམ་བཟང་ཅོག་རེ། དཱ་བིད་ཀྱི་གདུང་བརྒྱུད་ནས་ཡིན་གྱིན་འཆི་བ་ནས་གསོན་པོ་བཞེངས་ཞ་ཡེ་ཤུ་མཱ་ཤི་ཀ་ལ་དྲན་གསོས། 9 གཏམ་བཟང་འདིའི་དོན་ལ་ང་མི་ནག་ཅན་ཅོག་རེ་ལྕགས་སྒྲོག་གིས་བསྡམས་ཏེ་སྡུག་པོ་མྱངས་བའི་འོད། ཡིན་ནའང་དཀོན་མཆོག་གི་བཀའ་མ་བསྡམས་འོད་ད་ལགས། 10 འོ་བྱས་རེ་བདམས་ད་མི་ཀྱ་ཡི་དོན་ལ་ང་གི་རི་བཟོད་པ་སྒོམ་མའི་འོད། དེ་རེ་བྱས་རེ་ཁོང་ཀྱ་ལ་མཐའ་མེད་པའི་གཟི་བརྗིད་མུ་ལ་མཱ་ཤི་ཀ་ཡེ་ཤུ་ནས་ཐར་པ་ཐོབ་ཀྱི་ལགས། 11 འདི་གཏམ་དེ་བློ་འཁེལ་ལ་འདུག། འོ་རང་ཁོང་པ་མུ་ལ་ཤི་འོད་ན། ཁོང་པ་མུ་ལ་རང་གསོན་གྱི་ལགས། 12 འོ་རང་བརྟན་པོ་གནས་རེ་བསྡད་ན། ཁོང་པ་མུ་ལ་རང་རྒྱལ་སྲིད་ཀྱི་དབང་བྱེད་ཀྱི་ལགས། འོ་རི་ཁོང་པ་ལ་རྒྱབ་ལོག་ན། ཁོང་པ་ཡིས་འང་འོ་རང་ལ་རྒྱབ་ལོག་བ་མཛད་ཀྱི་ལགས། 13 འོ་རང་དད་པ་ནས་ལོག་ན། ཁོང་པ་ནི་བློ་གཏད་ཆོག་པ་གནས་ལ་ལགས། གི་བྱས་རེ་སྨྲ་ན་ཁོང་པ་རང་གིས་རང་ལ་ངོ་ལོག་མཛད་མི་ཐུབ་ཀྱི་ལགས། ངོས་ལེན་མཛད་ཛ་ལས་བྱེད། 14 ཁོང་ཀྱ་ལ་དེ་ཀྱ་ཡི་དྲན་གསོ་སློངས། མི་ལ་མེད་ཕན་གྱིན་ཡིན་ནའང་ཉན་མཁན་ཀྱ་ལ་གནོད་བསྐྱལ་གྱིན་ཚིག་ཀྱ་ཡི་སྐོར་ལ། རྩོད་གླེང་མ་བྱེད་སྨྲས་རེ་དཀོན་མཆོག་གི་དྲུང་དུ་བསླབ་བྱ་སྟེར། 15 ངོ་ཚ་མེད་དགོས་ཀྱིན་དང་བདེན་པ་ཡི་བཀའ་གསལ་བོ་བསླབས་ཀྱིན་ལས་བྱེད་ཅོག་རེ། རང་གི་རང་ལ་དཀོན་མཆོག་གི་དྲུང་དུ་ཐུགས་མཉེས་བོ་འབྱུང་ཡས་ལ་གི་ཐུབ་ཐུ་ཐབས་ཤེས་བྱེད། 16 ཆོས་ལ་མི་མཐུན་གྱིན་ལབ་ཀྱ་ནས་འཛེམ། གི་བྱས་རེ་སྨྲ་ན་དེ་རེ་ཀྱ་ཡིས་མི་ཀྱ་ལ་དཀོན་མཆོག་ནས་ཐག་རིང་ང་འཁྲིད་ཀྱི་ལགས། 17 དེ་ནས་དེ་རེ་ལབ་ཀྱ་གཉན་ཁ་བྱུང་བྱ་ན་ཚ་ཅོག་རེ་ཁྱབ་ཀྱི་ལགས། དེ་རེ་ལབ་བཏང་གིན་མི་ནང་ནས་ཧུ་མེ་ནཱ་ཡུ་དང་ཕི་ལེ་ཏོ་སི་གཉིས་བོ་ལགས། 18 འཆི་བ་ནས་སླར་གསོན་གྱིན་དེ་བྱུང་ཚར་ལགས་སྨྲས་རེ་ཁོང་ཀྱ་བདེན་པ་ནས་ལོག་པ་ལགས། དེ་ནས་ཁོང་ཀྱ་ཡིས་མི་རིང་འགའ་ལ་དད་པ་ནས་ལོག་ཡས་ལ་དཀྲུག་བའི། 19 ཡིན་ནའང་གཙོ་བོ་ཡིས་རང་གི་མི་ཀྱ་ལ་མཁྱེན་ད་ལགས། དེ་ནས་གཙོ་བོའི་མཚན་འབོད་མཁན་ཀྱ་ལས་ངན་ཀྱ་སྤངས་བར་ཤོག་སྨྲས་རེ་བྲིས་བྲ་དཀོན་མཆོག་གི་རྩིག་རྨང་གོ་བརྟན་པོ་བྱས་རེ་གནས་ལ་ལགས། 20 ཁང་པ་ཆེ་གཅིག་ནང་དུ་གསེར་དངུལ་གྱི་སྣོད་ཀྱ་གཅིག་ཀ་མིན་ད། ཤིང་དང་རྫའི་སྣོད་ཀྱ་འོང་ང་ལགས། རིང་འགའ་དམིགས་བསལ་ཡི་དུས་བཟང་ང་ཡི་ཕྱིར་ལ། དེ་ནས་རིང་འགའ་ནམ་རྒྱུན་བེད་སྤྱོད་ཀྱི་ཕྱིར་ལ་འོང་ང་ལགས། 21 མེད་གཙང་ང་གི་རི་ནས་རང་ལ་གཙང་མ་བྱེད་ཀྱིན་མི་གོ། དུས་བཟང་ང་ཡི་ཕྱིར་ལ་བེད་སྤྱོད་བྱུང་རེ་དེ་ནས་དམ་པ་མཛད་ཀྱི་ལགས། ཁྱིམ་གྱི་བདག་པོའི་ཕྱིར་ལ་ཕན་ཐོགས་བ་དང་ལས་བཟང་ང་གི་ལ་ཡིན་ན་གྲ་སྒྲིག་འབྱུང་གི་ལགས། 22 འོ་བྱས་རེ་གཞོན་ནུའི་འདོད་ཆགས་ཀྱ་སྤོངས། དེ་ནས་སེམས་གཙང་མ་ཡི་ཐོག་ནས་གཙོ་བོའི་མཚན་བརྗོད་མཁན་ཀྱ་མུ་ལ། དྲང་བདེན་གྱི་མི་ཚེ་དང་། དད་པ་དང་། བྱམས་པ་དང་། ཞི་བདེའི་དམིགས་ཡུལ་འཚོལ། 23 ཡིན་ནའང་གླེན་པ་དང་དོན་དག་མེད་ཀྱིན་རྙོག་ཁྲ་ཀྱ་ཡི་སྡུག་ཀ་ཤོར་དུ་བཅུག་གིན་གོ་ཁྱོས་ཤེས་ཡས་བྱས་རེ་དེ་ཀྱ་ལ་འཛེམ། 24 དེ་ནས་གཙོ་བོའི་ཞབས་ཕྱི་བ་འཁྲུག་ཙ་ར་འོང་ཡས་མེད་ད་ལགས། ཡིན་ནའང་གི་རི་ལ་སྙིང་རྗེ་བྱེད་ཀྱིན་དང་། བསླབས་ཐུབ་ཀྱིན། དེ་ནས་བཟོད་པ་སྒོམ་ཐུབ་ཀྱིན། 25 དེ་ནས་རང་གི་ཕྱོགས་ལ་མེད་ཀྱིན་ཀྱ་ལ་འཇམ་པོ་མ་སློབ་སྟོན་བྱེད་ཐུབ་ཀྱིན་འོང་དགོས་བ་ལགས། དེ་རེ་བྱེད་ན་དཀོན་མཆོག་གིས་ཁོང་ཀྱ་ལ་སྡིག་པ་སྤངས་རེ་སེམས་བསྒྱུར་ཡས་དང་། བདེན་པ་ལ་ཧ་གོ་ཐུབ་ཀྱིན་གྱི་སེམས་གནང་གི་ལགས། 26 དེ་ནས་བདུད་ཀྱི་འདོད་པ་བྱེད་ཡས་ལ་བདུད་ཀྱི་དབང་འོག་ཏུ་ཤོར་ཤ་ཀྱ་རང་གི་རིགས་པ་ཟིམ་ཏེ། བདུད་ཀྱི་རྙི་ནང་ནས་ཐར་གྱི་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.