༢ ཐེ་ས་ལོ་ནི་ཀེ་པ། 3 - གློ་བ།སྨོན་ལམ་ཞུ་བ། 1 མཐའ་མ་ལ་སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་ཁོག་ཏུ་གཙོ་བོའི་བཀའ་ཁྱབ་ཀྱིན་ཅོག་རེ་མགྱོགས་བ་དར་ཡས་དང་གཟི་བརྗིད་འཐོབ་ཡས་ལ། འི་ཀི་ཕྱིར་ལ་སྨོན་ལམ་ཞུ་རོགས་བྱེད། 2 དེ་ནས་ཡང་གནག་སེམས་ཅན་དང་ངན་སེམས་ཅན་མི་ཀྱ་ནས་འེ་ཀྱ་གྲོལ་ཡས་ལ་སྨོན་ལམ་ཞུ་རོགས་བྱེད། གི་བྱས་རེ་སྨྲ་ན་མི་གི་རི་ཡིས་དད་པ་མི་བྱེད་ད་ལགས། 3 ཡིན་ནའང་གཙོ་བོ་ནི་བློ་བཀལ་ཐུབ་ཀྱིན་གྱི་གཙོ་བོ་ལགས། ཁོང་པ་ཡིས་ཁྱེད་ཀྱ་ལ་བརྟན་པོ་མཛད་ཀྱི་ལགས། དེ་ནས་ངན་པ་ནས་སྲུང་བ་མཛད་ཀྱི་ལགས། 4 འི་ཀིས་བཀའ་སྟེར་ད་ཅོག་རེ་ཁྱེད་ཀྱ་ད་ལྟ་བྱེད་འདིག། དེ་ནས་ཞུག་ཐུག་པའི་བྱེད་ཀྱི་ལགས་སྨྲས་རེ་འེ་ཀྱ་ལ་གཙོ་བོ་ནས་བློ་གཏད་འོད། 5 དཀོན་མཆོག་གི་བྱམས་པ་དང་མཱ་ཤི་ཀ་ལ་བརྟན་པོ་ཆགས་ཡས་ལ། གཙོ་བོ་ཡིས་ཁྱེད་ཀྱ་ཡི་སེམས་ལ་འགོ་འཁྲིད་གནང་བར་ཤོག གི་རི་ཡིས་ལས་ཀ་བྱེད་དགོས་ཀྱིན། 6 སྤུན་ཟླ་ཀྱ་བོ། ལས་མེད་ལམ་མཁན་འཁྱམ་པོ་ཀྱ་དང་། འི་ཀིས་སྟེར་ད་བསླབ་བྱ་ཀྱ་ལ་མི་བརྩིས་མཁན་ཀྱ་མུ་ལ་མ་སྡེབ་སྨྲས་རེ། འེ་ཀྱ་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་ཁྱེད་ཀྱ་ལ་སྐུལ་ལ་ཡིན། 7 འི་ཀི་ལད་མོ་བྱེད་དགོས་ཀྱི་ལགས་སྨྲས་རེ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས། ཁྱེད་ཀྱི་མུ་ལ་འོད་དེ་གང་ལ། འེ་ཀྱ་ལས་མེད་ལམ་གྱིན་མེད་དོ། 8 དེ་ནས་རིན་མ་ཇང་བ་འི་ཀིས་སུ་ནས་འང་ཟ་མ་མ་བཟས། ཡིན་ནའང་ཁྱེད་ཀྱ་ལ་དཀའ་ལས་མེད་ཡོང་བར་ཤོག་སྨྲས་རེ། འེ་ཀྱ་ཡིས་ཉིན་མཚན་དཀའ་ལས་བརྒྱབ་སྟེ་ལས་ཀ་བྱས་བའི། 9 འེ་ཀྱ་འོ་རེ་བྱེད་ཆོག་ཡས་ལ་དབང་ཆ་མེད་ཀྱིན་མ་ལགས། ཡིན་ནའང་ཁྱེད་ཀྱ་འི་ཀི་ལད་མོ་བྱེད་ཡས་ལ་དཔེ་སྟོན་ཡས་ལ་བྱས་བའི། 10 ཁྱེད་ཀྱ་མུ་ལ་འོད་དེ་གང་ལ་འི་ཀིས་ཁྱེད་ཀྱ་ལ་དེ་རེ་བསྐུལ་བའི། ལས་ཀ་བྱེད་ཉིད་མེད་འདོད་མཁན་མི་ཡིས་ཟ་མ་མ་ཟ་བར་ཤོག 11 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ནས་རིང་འགའ་ལས་ཀ་མི་བྱེད་ད། གཞན་མ་ཡི་ལས་ཀ་ལ་ཐེ་རུ་རྒྱུག་གིན་ལས་མེད་ལམ་མཁན་རེ་འདུག་སྨྲས་རེ་འི་ཀིས་གོ་སོང་། 12 ད་དེ་རེ་མི་ཀྱ་ལ་ཤ་རེ་རང་གི་ལས་ཀ་བྱེད་ཡས་དང་རང་གི་མི་ཚེ་རང་བསྐྱལ་ཡས་ལ། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཡི་མཚན་ནས་འེ་ཀྱ་བཀའ་སྟེར་ར་ཡིན། དེ་ནས་སེམས་གསོ་སྤར་ར་ཡིན། 13 སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་གོ་བཟང་ང་བྱེད་ཡས་ལ་ཐང་མ་ཆད། 14 སུ་གཅིག་གིས་འི་ཀི་ཡིག་འདིའི་བསླབ་བྱ་ལ་དོ་སྣང་མེད་སྟེར་ན། འོ་དེ་མི་ལ་ངོ་ཤེས་ལ་བྱེད། དེ་ནས་ཁོ་ལ་ངོ་ཚ་རུ་བཅུག་ཡས་ལ་ཁོའི་མུ་ལ་འབྲེལ་བ་གིན་ད་མ་བྱེད། 15 གི་ཡིན་ནའང་ཁོ་ལ་དགྲ་ཅོག་རེ་མི་རྩི་ལ་སྤུན་ཟླ་བརྩིས་རེ་ཁ་ཏ་སློབས། མཐའ་མའི་སྨོན་ལམ། 16 ད་ཞི་བདེ་ཡི་གཙོ་བོ་རང་གིས་ཁྱེད་ཀྱ་ལ་དུས་ཚོད་གི་རི་དང་། སྣ་ཚོགས་གི་རི་ལ་ཞི་བདེ་གནང་བར་ཤོག གཙོ་བོ་ཁྱེད་ཀྱ་གི་རི་མུ་ལ་འོང་བར་ཤོག 17 ང་པའུ་ལུ་རང་གི་ལག་པ་ཡིས་འཚམས་འདྲི་འདི་བྲིས་བ་ཡིན། དེ་ནི་ངའི་བྲིས་སྟངས་ཡིན། དེ་ནས་ངའི་ཡིག་གི་རིའི་རྟགས་དེ་རང་ཡིན། 18 འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་གི་རི་མུ་ལ་འོང་བར་ཤོག །། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.