༢ ཐེ་ས་ལོ་ནི་ཀེ་པ། 2 - གློ་བ།ཁྲིམས་ནས་འབྲལ་མཁན་མིའི་སྐོར། 1 སྤུན་ཟླ་ཀྱ་བོ། འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལྡབ་ལེ་ཕེབས་ཡས་དང་། འོ་རང་ཁོང་པ་མུ་ལ་མཇལ་ཡས་ཀྱི་སྐོར་ལ་འེ་ཀྱ་ཞུ་བ་ཡིན། 2 གཙོ་བོའི་ཉིན་མ་སླེབས་འདུག་སྨྲས་རེ་སྨྲ་གིན་མངོན་ཤེས་དང་། གཏམ་དང་། འི་ཀི་ཕྱོགས་ནས་ཡིན་གྲོ་སྨྲས་རེ་ཡིག་རེ་འོང་ན། ལས་སླ་མོ་མ་ལ་ཁྱེད་ཀྱ་ཡི་སེམས་འཁྲུག་སྟེ་མ་འཇིགས། 3 སུས་གཅིག་འང་ཁྱེད་ཀྱ་ལ་གི་ཐོག་ནས་མགོ་སྐོར་དུ་མ་བཅུག གི་བྱས་རེ་སྨྲ་ན་དང་པོ་ངོ་ལོག་བྱེད་མཁན་དང་། ཁྲིམས་ནས་འབྲལ་མཁན་གཏོར་སྐྱོན་གྱི་མི་མ་སྟོན་གྱིན་ཐུག་པའི། འོ་དེ་ཉིན་མ་དེ་འོང་གི་མ་ལགས། 4 མི་དེ་ཡིས་ལྷ་སྨྲ་གིན་དང་། ཕྱག་མཆོད་པ་འབུལ་གྱིན་གི་རི་ལ། ངོ་ལོག་བྱས་རེ་ཁོ་རང་འོ་དེ་གི་རིའི་ཐོག་ལ་བསྡད་ཀྱི་ལགས། དེ་ནས་དཀོན་མཆོག་གི་མཆོད་ཁང་ནང་ལ་བསྡད་དེ། རང་རང་ལ་དཀོན་མཆོག་ཡིན་སྨྲ་གི་ལགས། 5 ང་ཁྱེད་ཀྱ་མུ་ལ་འོད་དེ་གང་ལ། ཁྱེད་ཀྱ་ལ་དེ་གཏམ་གི་རིའི་སྐོར་ལ་བཤད་ཀྱིན་གོ་ཁྱེད་ཀྱ་ལ་དྲན་པ་མིན་འདུག་བའི། 6 དེ་ནས་ཁོ་རི་དུས་ཚོད་ཏག་ཏག་གོ་ལ་སྟོན་ཡས་ཀྱི་ཕྱིར་ལ། ད་ལྟ་གིན་གྱིས་བཀག་སྟེ་བཞག་འོད་ད་ལགས། འོ་དེ་ཁྱེད་ཀྱ་ཤེས་ལ་ལགས། 7 ཁྲིམས་ནས་འབྲལ་མཁན་གྱིས་གསང་བའི་དབང་དེ་ལས་ཀ་ལ་འགོ་བཙུགས་ཚར་འདུག དེ་ནས་བཀག་སྟེ་བཞག་མཁན་གོ་ལ་མ་བཏང་གིན་ཐུག་པའི། ད་ལྟ་ཁོས་འོ་དེ་ལ་བཀག་སྟེ་རང་བསྡད་ཀྱི་ལགས། 8 དེ་ནས་ཁྲིམས་ནས་འབྲལ་མཁན་མི་འདི་སྟོན་གྱི་ལགས། དེ་ནས་གཙོ་བོ་ཡེ་ཤུ་ཡིས་རང་གི་ཞལ་གྱི་དབུགས་ཀྱིས་ཁོ་ལ་བསད་ཀྱི་ལགས། དེ་ནས་ཁོང་པ་ཕེབས་ཀྱིན་གྱི་དབང་གིས་ཁོ་ལ་མེད་ད་ལ་བཏང་གི་ལགས། 9 ཁྲིམས་ནས་འབྲལ་མཁན་མི་དེ་བདུད་ཀྱི་དབང་ནས་འོངས་རེ། ཟོག་པོ་རྟགས་ཀྱ་དང་ཧང་སང་གིན་ལས་ཀ་ཀྱ། 10 དང་། ཐར་པ་གནང་མཁན་བདེན་པ་ལ་ཁས་མེད་ལེན་མཁན་མེད་ད་ལ་འགྲོ་མཁན་ཀྱ་ལ། ལས་ཀ་ངན་པ་སྣ་ཚོགས་ཀྱིས་མགོ་སྐོར་གྱིན་གཡོ་སྒྱུ་བྱེད་ཀྱི་ལགས། 11-12 སྤྱོད་ལམ་ངན་པ་ལ་འཐད་ད་བྱས་རེ། བདེན་པ་ལ་ཡིད་ཆེས་མི་བྱེད་མཁན་གི་རི་ལ། ཁྲིམས་ཐག་བཅད་ཡས་ལ་དཀོན་མཆོག་གིས་ཁོང་ཀྱ་ཡི་ཟོག་པོ་གོ་ལ། ཡིད་ཆེས་ཡས་ལ་འཁྲུལ་བ་ཆེ་གཅིག་བཏང་མཛད་ཀྱི་ལགས། ཐར་པའི་ཕྱིར་ལ་འདམ་པ། 13 གཙོ་བོའི་གཅེས་བའི་སྤུན་ཟླ་ཀྱ་བོ། ཁྱེད་ཀྱི་དོན་ལ་འེ་ཀྱ་ཙོག་བའི་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་དགོས་ལི། གི་བྱས་རེ་སྨྲ་ན་ཐར་པ་འཐོབ་ཡས་ཀྱི་ཕྱིར་ལ། དཀོན་མཆོག་གིས་ཁྱེད་ཀྱ་ལ་ཨེན་མ་ནས་བདམས་མཛད་པ་ལགས། ཐར་པ་འདི་ནི་ཁྱེད་ཀྱ་ལ་རབ་གནས་མཛད་མཁན་དམ་པའི་ཐུགས་ཉིད་དང་། བདེན་པ་ཡིད་ཆེས་བྱེད་ཀྱིན་གྱི་ཐོག་ནས་བྱུང་བ་ལགས། 14 འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་གཟི་བརྗིད་འཐོབ་ཡས་ལ། འི་ཀི་གཏམ་བཟང་གི་ཐོག་ནས་དཀོན་མཆོག་གིས་ཁྱེད་ཀྱ་ལ་དོན་འདིའི་ཕྱིར་ལ་བོས་མཛད་པ་ལགས། 15 འོ་བྱས་རེ་སྤུན་ཟླ་ཀྱ་བོ། བརྟན་པོ་བྱས་རེ་སྡོད། དེ་ནས་འི་ཀི་ཁ་ནས་སྨྲས་ན་གཏམ་ཀྱ། ཡང་མེད་ན་བྲིས་བྲ་ཡིག་ཀྱ་ནས་ཁྱེད་ཀྱ་ལ་སྟེར་ད་བསླབ་བྱ་ཀྱ་བརྟན་པོ་བྱས་རེ་སྲུངས། 16 ད་འོ་རང་ལ་བརྩེ་བ་གནང་རེ་ཐུགས་རྗེའི་ཐོག་ནས་མཐའ་མེད་ཀྱིན་སེམས་ཀྱི་བདེ་བ་དང་། རེ་བ་བཟང་པོ་གནང་མཁན་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཁོང་པ་དང་འོ་རི་ཡབ་དཀོན་མཆོག་གིས། 17 ཁྱེད་ཀྱ་ལ་སེམས་གསོ་གནང་བར་ཤོག དེ་ནས་ཙོག་བའི་ལས་བཟང་པོ་བྱེད་ཡས་དང་། དྲང་པོ་བཤད་ཡས་ལ་ཤུགས་གནང་བར་ཤོག །། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.