Biblia Todo Logo
Bìoball air-loidhne

- Sanasan -


༢ ཐེ་ས་ལོ་ནི་ཀེ་པ། 1 - གློ་བ།

1 པའུ་ལུ་དང་། སིལ་ཝ་ནུ་དང་། ཏི་མོ་ཐེའུ་གསུམ་གྱིས་ཐེ་ས་ལོ་ནི་ཀེ་རུ་འོད་མཁན་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཆོས་ཚོགས་ལ།

2 འོ་རི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཡིས་ཁྱེད་ཀྱ་ལ་ཐུགས་རྗེ་དང་ཞི་བདེ་གནང་བར་ཤོག


གཙོ་བོ་ཡིས་ཁྲིམས་གཅོད་གནང་བ།

3 སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་ཡི་ཕྱིར་ལ་འེ་ཀྱ་ཙོག་བའི་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་དགོས་ལི། དེ་ནས་འདི་ཞུ་དགོས་ཡས་འདུག གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་དད་པ་དམི་ཅིག་གི་འཕེལ་འདུག དེ་ནས་ཕན་ཚུན་ཀྱ་ནང་དུའང་བརྩེ་བ་ཆེ་རུ་འགྲོའི།

4 ཁྱེད་ཀྱི་སྡུག་བསྔལ་ཀྱ་དང་མྱངས་ངན་ཀྱ་ཁོག་ལ་བཟོད་པ་བྱས་རེ་དད་པ་ལ་བརྟན་པོ་བྱེད་རེ། འེ་ཀྱ་ཙོག་བའི་དཀོན་མཆོག་གི་ཆོས་ཚོགས་ཀྱ་ཡི་ཁོག་ཏུ་ངོམ་མའི་འོད།

5 དེ་ནས་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་ཁྱེད་ཀྱ་འགྲོ་ཐུབ་ཡས་མི་འབྱུང་ཡས་ཀྱི་དོན་ལ། ཁྱེད་ཀྱ་ཡི་སྡུག་པོ་མྱངས་ཀྱིན་གོ་དཀོན་མཆོག་གི་ཁྲིམས་གཅོད་དྲང་པོའི་དཔང་པོ་ལགས།

6 དཀོན་མཆོག་ནི་དྲང་པོ་བྱུང་རེ། ཁོང་པ་ཡིས་ཁྱེད་ཀྱ་ལ་སྡུག་པོ་བཏང་མཁན་ཀྱ་ལ་སྡུག་པོ་གནང་གི་ལགས།

7 དེ་ནས་ཁྱེད་སྡུག་པོ་མྱངས་མཁན་ཀྱ་ལ། འི་ཀི་མུ་ལ་ཁོང་པ་ཡིས་ངལ་གསོ་གནང་གི་ལགས། གཙོ་བོ་ཡེ་ཤུ་རང་གི་སྟོབས་ཤུགས་ཅན་གྱི་བང་ཆེན་ཀྱ་མུ་ལ། ནམ་མཁའི་ཞིང་ཁམས་ནས་མེ་ལྕེ་འབར་གྱིན་ནང་ནས་མཇལ་ལི་གང་ལ་དེ་འབྱུང་གི་ལགས།

8 འོ་དེ་གང་ལ་དཀོན་མཆོག་ལ་ངོ་མེད་ཤེས་མཁན་ཀྱ་དང་། འོ་རི་གཙོ་བོ་ཡེ་ཤུ་ཡི་གཏམ་བཟང་ལ་མི་བརྩིས་མཁན་ཀྱ་ལ། ཁོང་པ་ཡིས་ཆད་པ་བཀལ་མཛད་ཀྱི་ལགས།

9 གཙོ་བོའི་དམིགས་བ་ནས་དང་ཁོང་པ་ཡི་གཟི་བརྗིད་ཀྱི་དབང་ནས་ཁ་ཕྲལ་རེ། ཁོང་ཀྱ་ལ་མཐའ་མེད་ཀྱིན་འཆི་བའི་ཆད་པ་ཕོག་གི་ལགས།

10 འདི་ནི་གཙོ་བོ་ཕེབས་ཀྱིན་ཉིན་མ་ལ་འབྱུང་གི་ལགས། འོ་དེ་ཉིན་མོ་ཁོང་པ་ལ་རང་གི་དམ་པའི་མི་ཀྱ་ནས་གཟི་བརྗིད་འཐོབ་ཀྱི་ལགས། དེ་ནས་དད་པ་བྱེད་མཁན་གི་རི་ནས་བསྟོད་པ་རག་གི་ལགས། མི་འདི་ཀྱ་ནང་ཁྱེད་ཀྱ་ཆུད་ཀྱི་ལགས། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡིས་འི་ཀིས་སྟེར་ཏ་དཔང་པོ་ཀྱ་ལ་དད་པ་བྱས་བ་ལགས།

11 འོ་བྱས་རེ་དཀོན་མཆོག་གིས་བོས་མཛད་ཛ་མི་ཚེ་གོ། ཁོང་པ་ཡིས་ཁྱེད་ཀྱ་ལ་པུད་ཐུབ་ཀྱིན་འབྱུང་ཡས་མཛད་ཡས་དང་། དམིགས་ཡུལ་བཟང་པོ་གི་རི་དང་། དད་པའི་ལས་ཀ་ཁོང་པ་ཡི་ཤུགས་ནས་འགྲུབ་པ་ཤོག་སྨྲས་རེ། འེ་ཁྱེད་ཀྱ་ཕྱིར་ལ་ཙོག་བའི་སྨོན་ལམ་ཞུས་འོད།

12 དེ་རེ་བྱས་རེ་འོ་རི་དཀོན་མཆོག་དང་། གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེའི་ཐོག་ནས། འོ་རི་གཙོ་བོ་ཡེ་ཤུའི་མཚན་ཁྱེད་ཀྱ་ཡི་ནང་། དེ་ནས་ཁྱེད་ཀྱ་ཁོང་པ་ཡི་ནང་བསྟོད་པར་འོང་བར་ཤོག །།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan