Biblia Todo Logo
Bìoball air-loidhne

- Sanasan -

༢ པེ་ཏྲོ། 3 - གློ་བ།


གཙོ་བོ་ཕེབས་ཀྱིན་གྱི་སྐོར་ལ།

1 གཅེས་བའི་ཀྱ་བོ། འདི་ནི་ངས་ཁྱེད་ཀྱ་ལ་བྲིས་བྲ་ཡིག་གཉིས་བ་གོ་ལགས། དེ་ནས་འདི་ཡིག་གཉིས་ཀ་ར་ངས་ཁྱེད་ཀྱ་ལ་སེམས་དྲང་པོ་སྐྱེས་རུ་བཅུག་ཡས་ལ་དྲན་གསོ་བསླངས་ཡས་ཀྱི་ཆེད་དུ་བྲིས་པ་ལགས།

2 དམ་པའི་མངོན་ཤེས་མཁན་ཀྱ་ཡིས་ཨེན་མ་གནང་ན་མངོན་ཤེས་ཀྱ་དང་། འོ་རི་གཙོ་བོ་དང་སྐྱབས་མགོན་གྱི་སྐུ་ཚབ་ཀྱ་ཡི་ཐོག་ནས་གནང་ན་བཀའ་ཀྱ་ཁྱེད་ཀྱ་ཡིས་དྲན་གསོ་བྱེད་ཀྱིན་གོ་ང་འདོད་འདིག་འོད།

3 གལ་ཆེ་ཤོས་གོ་ཁྱེད་ཀྱ་ཡི་དེ་ཧ་གོ་ར་བྱེད། མཐའ་མའི་ཉིན་མ་ཀྱ་ལ་འཕྱ་ལེ་བརྒྱབ་མཁན་ཀྱ་བདེན་པ་གོ་ལ་འཕྱ་ལེ་བརྒྱབ་སྟེ། རང་གི་འདོད་ཆགས་ཀྱི་གཤམ་པ་ལ་འབྲངས་རེ་འོང་གི་ལགས།

4 དེ་ནས་ཁོང་ཀྱ་ཡིས་དེ་རེ་སྨྲ་གི་ལགས། ཁོང་པ་ཕེབས་ཡས་ཡིན་གྱིན་དམ་བཅའ་གོ་ག་ན། འོ་རི་དང་པོའི་ཕ་མ་ཀྱ་འདའ་རེ་སོང་ས་དུས་ནས་འཇིག་རྟེན་གྱི་བཀོད་ནས་ཧ་ལ་འོད་ཀྱིན་གི་རི་ད་ལྟའང་འོ་རེ་རང་འདུག།

5 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་བཀའི་ཐོག་ནས་ནམ་མཁའི་ཞིང་ཁམས་ཨེན་མ་ནས་འོད་ད་ལགས། དེ་ནས་ས་གཞི་འདི་ཆུ་ནས། དེ་ནས་ཆུའི་ཐོག་ནས་རང་བཀོད་མཛད་པ་ལགས་སྨྲ་གིན་ལབ་དེ་ཁོང་ཀྱ་ཡིས་ཧ་གོ་སྟེའང་ཡ་མི་བྱེད་ད་ལགས།

6 དེ་ནས་འདི་ཆུ་ནས་རང་འོ་དེ་དུས་ཀྱི་འཇིག་རྟེན་གོ་ཆུ་ལོག་ལ་བིབ་སྟེ་རྩ་མེད་དུ་མཛད་པ་ལགས།

7 ཡིན་ནའང་དཀོན་མཆོག་གིས་འོ་དེ་བཀའི་ཐོག་ནས་རང་ད་ལྟ་ཡི་གནམ་ས་གཉིས་ལ་མེ་ཡིས་བསྲགས་ཡས་ཀྱི་ཆེད་དུ་བཞག་འོད་ད་ལགས། དེ་ནས་ཁྲིམས་གཅོད་ཀྱི་ཉིན་མ་དང་དཀོན་མཆོག་གི་བཀའ་ལ་མེད་ཉན་མཁན་ཀྱ་ལ། རྩ་མེད་དུ་བཏང་ཡས་ཀྱི་དུས་ཐུག་པའི་ཡི་ཆེད་དུ་བཞག་འོད་ད་ལགས།

8 ཡིན་ནའང་གཅེས་བའི་ཀྱ་བོ། གཙོ་བོའི་ཆེད་དུ་ཉིན་མ་གཅིག་ནི་ལོ་སྟོང་དང་ལོ་སྟོང་ནི་ཉིན་མ་གཅིག་ཅོག་རེ་ལགས་སྨྲས་རེ་ཁྱེད་ཀྱ་དྲན་པ་མ་རྗེད།

9 མི་རིང་འགའ་ཀྱ་ཡིས་གཙོ་བོས་རང་གི་དམ་བཅའ་སྒྲུབ་ཡས་ལ་དལ་ལ་མཛད་འདུག་སྨྲས་རེ་བསམ་བློ་འོད་ནའང་། ཁོང་པ་དལ་ལ་མེད་མཛད་ད་ལགས། ཡིན་ནའང་གི་རི་ཡིས་རང་གི་སྡིག་པ་སྤངས་རེ་སེམས་བསྒྱུར་ཏེ། སུའང་མེད་ད་ལ་མ་འགྲོ་བར་ཤོག་སྨྲས་རེ་ཁོང་པ་ཁྱེད་ཀྱ་མུ་ལ་བཟོད་སྒོམ་མཛད་ད་ལགས།

10 ཡིན་ནའང་གཙོ་བོ་ཕེབས་ཀྱིན་ཉིན་མ་གོ་རྐུན་མོ་འོང་གིན་ཅོག་རེ་འོང་གི་ལགས། འོ་དེ་ཉིན་མ་ལ་ནམ་མཁའ་ནི་ཧུར་སྒྲ་ཆེ་བརྒྱབ་སྟེ་ཡལ་རེ་འགྲོ་གི་ལགས། དེ་ནས་འབྱུང་བ་བཞི་ནི་མེ་ཡིས་གཏོར་བཤིག་བཏང་གི་ལགས། དེ་ནས་ས་གཞི་དང་འདིའི་ནང་འོད་ཀྱིན་གི་རི་དཀོན་མཆོག་གིས་མེད་ད་ལ་མཛད་དུ་བཅུག་གི་ལགས།

11-12 ད་དེ་གི་རི་དེ་རེ་བྱས་རེ་མེད་ད་ལ་འགྲོ་ཡས་ཡིན་གྱིན་བྱས་རེ། ཁྱེད་ཀྱ་མི་ག་རེ་གཅིག་འབྱུང་དགོས་གུ་ལེ། ཁྱེད་ཀྱ་དཀོན་མཆོག་གི་ཉིན་མ་ལ་སྒུག་སྟེ་བསྡད་ད་རང་། དེ་ནས་འོ་དེ་མགྱོགས་སེ་འོང་དུ་བཅུག་ཡས་བྱེད་ད་རང་། ཁྱེད་ཀྱ་དམ་པ་དང་ཆོས་སེམས་ཀྱི་མི་ཚེ་སྐྱོལ་དགོས། འོ་དེ་ཉིན་མ་ལ་ནམ་མཁའ་ནི་མེ་ཡིས་མེད་ད་ལ་འགྲོ་གི་ལགས། དེ་ནས་འབྱུང་བ་བཞི་ནི་མེ་ཡིས་བསྲགས་ཏེ་ཞུ་རེ་འགྲོ་གི་ལགས།

13 ཡིན་ནའང་ཁོང་པ་ཡི་དམ་བཅའ་ལ་བརྟེན་ཏེ་དྲང་བདེན་གནས་ས་ནམ་མཁའི་ཞིང་ཁམས་གསར་པ་དང་ས་གཞི་གསར་པ་ལ་འོ་རང་ཀྱ་སྒུག་སྟེ་བསྡད་ད་ལགས།

14 འོ་བྱས་རེ་གཅེས་བའི་ཀྱ་བོ། ཁྱེད་ཀྱ་དོན་དེ་ཀྱ་ལ་སྒུག་སྟེ་བསྡད་ཀྱིན་བྱས་རེ། དཀོན་མཆོག་གི་དྲུང་དུ་དྲི་མ་མེད་ཀྱིན་དང་། སྐྱོན་མེད་ཀྱིན་དང་། ཞི་བདེ་ལ་ཐུག་ཡས་ཀྱི་ཆེད་དུ་གི་ཐུབ་ཐུབ་ཐབས་ཤེས་བྱེད།

15 འོ་རི་གཙོ་བོའི་བཟོད་སྒོམ་ནི་ཐར་པ་ཡིན་གྱིན་གོ་རྩི་རྒྱོབ། དེ་ནི་འོ་རི་གཅེས་བའི་སྤུན་པའུ་ལུ་ཡིས་འང་། དཀོན་མཆོག་གིས་ཁོ་ལ་གནང་ན་ཤེས་རབ་ཀྱི་སྒོ་ནས་ཁྱེད་ཀྱ་ལ་བྲིས་འོད་ད་ལགས།

16 ཁོས་ཁོ་རི་ཡིག་གི་རི་ལ་དོན་དེ་ཀྱ་ཡི་སྐོར་ལ་བྲིས་འོད་ད་ལགས། ཁོས་ཡིག་དེ་ཀྱ་ལ་དོན་རིང་འགའ་ཀྱ་ཧ་གོ་ཡས་ལ་དཀའ་ལས་གག་བ་འོད་ད་ལགས། དེ་ནས་ཤེས་ཡོན་མེད་ཀྱིན་དང་སེམས་བརྟན་པོ་མེད་ཀྱིན་ཀྱ་ཡིས། གསུང་རབ་གཞན་མ་ཀྱ་ལ་གཡོས་ཀྱིན་ཅོག་རེ་འོ་དེ་དོན་ཀྱ་ལ་གཡོ་ལ་ལགས། དེ་ནས་རང་གི་རང་ལ་མེད་ད་ལ་བཏང་ང་ལགས།

17 འོ་བྱས་རེ་གཅེས་བའི་ཀྱ་བོ། དོན་དེ་ཀྱ་ཨེན་ལ་རང་ཧ་གོ་སྟེ་གཟབ་གཟབ་བྱེད། དེ་རེ་བྱས་རེ་ཁྲིམས་མེད་ཀྱིན་མི་ཀྱ་ཡི་ནོར་འཁྲུལ་ལ་མགོ་མ་འཁོར། དེ་ནས་རང་གི་གནས་ས་བརྟན་པོ་གོ་བརླག་ཏུ་མ་ཆུག།

18 ཡིན་ནའང་འོ་རི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་དང་ཤེས་ཡོན་ལ་འཚར་ལོངས་བྱས་རེ་སོང་། ཁོང་ལ་རང་ད་ལྟ་དང་མཐའ་མའི་ཉིན་མ་ཐུག་པའི་གཟི་བརྗིད་འོང་བར་ཤོག། ཨ་མེན།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan