Biblia Todo Logo
Bìoball air-loidhne

- Sanasan -

༢ པེ་ཏྲོ། 2 - གློ་བ།


མངོན་ཤེས་མཁན་ཟོག་པོ་ཀྱ་དང་སློབ་དཔོན་ཟོག་པོ་ཀྱ་ཡི་སྐོར་ལ།

1 ཡིན་ནའང་ཡིས་ར་ཨེལ་པ་ཀྱ་ཡི་ཁོག་ཏུ་མངོན་ཤེས་མཁན་ཟོག་པོ་ཀྱ་ཐོན་གྱིན་ཅོག་རེ། ཁྱེད་ཀྱི་ཁོག་ཏུའང་སློབ་དཔོན་ཟོག་པོ་ཀྱ་འཐོན་གྱི་ལགས། ཁོང་ཀྱ་ཡིས་གནོད་བསྐྱལ་གྱིན་ཆོས་ཟོག་པོ་ཀྱ་གསང་བ་ལ་སྟོན་གྱི་ལགས། དེ་ནས་དེ་གཅིག་ཀ་མིན་ད་ཁོང་ཀྱ་ལ་རིན་གྱིས་བླུ་མཁན་གཙོ་བོ་ལའང་ཁོང་ཀྱ་ཡིས་ཁས་ལེན་མི་བྱེད་ཀྱི་ལགས། དེ་ནས་རང་གི་ཁར་ལ་གཏོར་བཤིག་མགྱོགས་བ་ཁྱེར་ཏེ་འོང་གི་ལགས།

2 མི་མང་ང་ཡིས་ཁོང་ཀྱ་ཡི་འདོད་ཆགས་ཀྱི་སྤྱོད་ལམ་ཅོག་རེ་བྱེད་ཀྱི་ལགས། དེ་ནས་ཁོང་ཀྱ་ཡིས་བྱས་རེ་བདེན་པའི་ལམ་ལ་སྨད་སྤྲ་ཕོག་གི་ལགས།

3 དེ་ནས་ཁོང་ཀྱ་ཡིས་ཧམ་པ་བྱས་རེ་ཁྱེད་ཀྱ་ལ་ཟོག་པོ་གཏམ་ཀྱ་རྩོམ་ཏེ་མགོ་སྐོར་བཏང་གི་ལགས། ཁོང་ཀྱ་ལ་ཕོག་ཡས་ཡིན་གྱིན་ཁྲིམས་གོ་ཨེན་མ་ནས་ཐག་བཅད་ཚར་འོད་ད་ལགས། དེ་ནས་ཁོང་ཀྱ་ལ་མེད་ད་ལ་བཏང་མཁན་གོ་གཉིད་ལ་མ་ཤོར་འོད་ད་ལགས།

4 གི་བྱས་རེ་སྨྲ་ན་ནམ་མཁའི་བང་ཆེན་ཀྱ་ཡིས་སྡིག་པ་བྱེད་འདིག་གང་ལ། དཀོན་མཆོག་གིས་ཁོང་ཀྱ་ལ་བློས་བཏང་ང་མ་མཛད་པ་ལགས། ཡིན་ནའང་ཁོང་ཀྱ་ལ་དམྱལ་བ་དུ་གཡུགས་མཛད་པ་ལགས། དེ་ནས་ཁྲིམས་གཅོད་ཀྱི་ཉིན་མ་ཐུག་པའི་ཡི་ཕྱིར་ལ་ལྕགས་ཐག་གིས་བསྡམས་ཏེ། མུན་ནག་གི་ནང་ལ་བཞག་མཛད་འོད་ད་ལགས།

5 དེ་ནས་ཆོས་ལ་མི་རྩི་མཁན་ཀྱ་ཡི་ཁར་ལ་དཀོན་མཆོག་གིས་ཆུ་ལོག་བཏང་ང་མཛད་དེ་གང་ལ། ཁོང་པ་ཡིས་ཨེན་མའི་འཇིག་རྟེན་ལ་བློས་བཏང་ང་མ་མཛད་པ་ལགས། ཡིན་ནའང་དྲང་བདེན་གྱི་ཆོས་བཤད་མཁན་ནོ་ཨ་དང་། ཁོའི་ནང་མི་གཞན་མ་བདུན་ལ་གཅིག་ཀ་སྐྱོབ་མཛད་པ་ལགས།

6 དེ་ནས་ཁོང་པ་ཡིས་སཱ་དོམ་དང་གཱོ་མོ་རཱ་རྒྱལ་ས་ཀྱ་ལ་མེ་ཡིས་བསྲགས་ཏེ་རྩ་མེད་དུ་བཏང་ང་མཛད་པ་ལགས། དེ་རེ་མཛད་དེ་ཁོང་པ་ཡི་ཆོས་ལ་མི་རྩི་མཁན་མི་ཀྱ་ལ་གི་འབྱུང་ཡས་ཡིན་གྱིན་གྱི་དཔེ་གཅིག་གནང་ང་མཛད་པ་ལགས།

7 ཡིན་ནའང་དཀོན་མཆོག་གིས་ལོད་ལ་སྐྱོབ་མཛད་པ་ལགས། ཁོ་ནི་ཁྲིམས་མེད་ཀྱིན་མི་ཀྱ་ཡི་འདོད་ཆགས་ཀྱི་སྤྱོད་ལམ་ལ་སེམས་འཕམ་གྱིན་མི་དྲང་པོ་གཅིག་ལགས།

8 (འོ་དེ་མི་ཀྱ་ཁོག་ཏུ་བསྡད་ད་རང་དེ་ནས་ཞག་མོ་དྲང་བའི་ཁོང་ཀྱ་ཡི་ལས་ངན་པ་ཀྱ་མཐོང་ང་རང་། དེ་ནས་མཉན་ད་རང་ཁོ་ཁོ་རི་དྲང་སེམས་ནང་དུ་དམི་ཅིག་གི་སེམས་པ་སྡུག་བ་ལགས།)

9 ད་དེ་རེ་བྱས་རེ་ཆོས་སེམས་ཀྱི་མི་ལ་ཚོད་ལྟ་ནང་ནས་སྐྱོབ་ཡས་དང་། ཆོས་མི་རྩི་མཁན་ཀྱ་ལ་ཁྲིམས་གཅོད་ཀྱི་ཉིན་མ་ཐུག་པའི་ཆད་པ་འོག་ཏུ་བཞག་ཡས་ལ་གཙོ་བོ་ཡིས་མཁྱེན་ད་ལགས།

10 དེ་ནས་དམིགས་བསལ་དུ་མི་ལ་གནོད་ཀྱིན་འདོད་ཆགས་ལ་ཆགས་ཀྱིན་དང་། དབང་ཆ་ལ་མཐོང་ཆུང་བྱེད་མཁན་ཀྱ་ལ་གཙོ་བོའི་ཁྲིམས་གཅོད་ཀྱི་ཉིན་མ་ཐུག་པའི་ཆད་པ་འོག་ཏུ་བཞག་མཛད་ཀྱི་ལགས། དེ་ཀྱ་ནི་སྤོབས་པ་ཆེ་དང་གྱོང་ང་བྱས་རེ་གཟི་བརྗིད་ཅན་ཀྱ་ལ་སྨད་སྤྲ་བཏང་ཡས་ལ་ཁོང་ཀྱ་འཇིགས་སྐྲག་མི་བྱེད་ད་ལགས།

11 ཡིན་ནའང་ནམ་མཁའི་བང་ཆེན་ཀྱ་དབང་དང་ནུས་མཐུ་ལ་དེ་ཀྱ་ནས་ཆེ་འོད་ནའང་། གཙོ་བོའི་དྲུང་དུ་འོ་དེ་གཟི་བརྗིད་ཅན་ཀྱ་ལ་སྨད་སྤྲ་པབ་སྟེ་སྐྱོན་མི་བཅུག་བ་ལགས།

12 ཡིན་ནའང་དེ་མི་ཀྱ་ཡིས་རང་གི་ཧ་མེད་གོ་གིན་དོན་ཀྱ་ལ་སྐུར་བ་འདེབས་པ་ལགས། དེ་ཀྱ་ནི་ཟིམ་ཏེ་བསད་ཡས་ཀྱི་ཆེད་དུ་གཅིག་ཀ་སྐད་ཀྱ་རིགས་པ་མེད་ཀྱིན་དང་། རང་འདོད་ཀྱི་སྤྱོད་པ་བྱེད་ཀྱིན་སེམས་ཅན་ཀྱ་ཅོག་རེ་ལགས། དེ་ནས་སེམས་ཅན་ཀྱ་ཅོག་རེ་ཁོང་ཀྱའང་མེད་ད་ལ་འགྲོ་གི་ལགས།

13 ཁོང་ཀྱ་ཡིས་གཞན་མ་ལ་གནོད་བསྐྱལ་རེ་འོ་དེའི་ཚབ་ལ་རང་ལའང་གནོད་ཕོག་གི་ལགས། དེ་ནས་ཁོང་ཀྱ་ཡི་ཆེད་དུ་སྐྱིད་པོ་བཏང་ཡས་གོ། ཉིན་མོ་རང་ཚོད་མི་ཟིམ་ད་ཟ་འཐུང་བྱས་རེ་བསྡད་ཡས་ལགས། ཁོང་ཀྱ་ཁྱེད་ཀྱི་མུ་ལ་མགྲོན་ལ་ཟ་མ་ཟའི་གང་ལའང་། མི་ལ་མགོ་སྐོར་བཏང་ཡས་ལ་དགའ་ལ་ལགས། ཁོང་ཀྱ་ནི་ཁྱེད་ཀྱ་ལ་ངོ་ཚ་ཁྱེར་ཏེ་འོང་གིན་སྐྱོན་ཅོག་རེ་ལགས།

14 ལོག་གཡེམ་གྱིས་ཁངས་ཁ་ཁོང་ཀྱ་ཡི་མིག་གིས་སྡིག་པ་བྱེད་ཡས་ལ་ནམ་མའང་མཚམས་མེད་བཞག་ལགས། དེ་ནས་བརྟན་པོ་མེད་ཀྱིན་སེམས་འོད་མཁན་ཀྱ་ལ་ཁོང་ཀྱ་ཡིས་སླུ་ལ་ལགས། ཁོང་ཀྱ་ཡི་སེམས་སེར་སྣ་བྱེད་ཡས་ལ་གོམས་འོད་ད་ལགས། དེ་ནས་ཁོང་ཀྱ་དམོད་མོ་ཕོག་པ་བུ་ཕྲུག་ལགས།

15 ཁོང་ཀྱ་ཡིས་དྲང་བདེན་གྱི་ལམ་སྤངས་རེ་ལམ་ནོར་ཏེ་བེ་ཨོར་གྱི་བི་ཛ་བཱ་ལམ་གྱི་གཤམ་པ་ལ་འབྲངས་འོད་ད་ལགས། ཁོ་ནི་མེད་དྲང་ང་བྱས་རེ་ཐོབ་ཀྱིན་གླ་ཆ་ལ་དགའ་ལ་ལགས།

16 ཡིན་ནའང་ཁོས་མེད་དྲང་ང་བྱེད་ཀྱིན་གོ་ལ་བོང་གུ་གཅིག་གིས་ཐོག་ནས་བཀའ་སྐྱོན་ཐོབ་པ་ལགས། དེ་ནས་ལབ་བཏང་མི་ཐུབ་ཀྱིན་བོང་གུ་གིས་མིའི་སྐད་བརྒྱབ་སྟེ། འོ་དེ་མངོན་ཤེས་མཁན་གྱིས་སྨྱོན་པ་ཅོག་རེ་སྤྱོད་པ་བྱེད་ཀྱིན་གོ་བཀག་པ་ལགས།

17 དེ་སློབ་དཔོན་ཟོག་པོ་ཀྱ་ཆུ་མིག་སྐམ་པོ་ཀྱ་དང་རླུང་པོ་ཡིས་འདེད་ད་སྨུག་པ་ཅོག་རེ་ལགས། ཁོང་ཀྱ་ཡི་ཆེད་དུ་མུན་ནག་གཏིང་རིང་པོ་ཡི་གོག་ས་བཞག་འོད་ད་ལགས།

18 དེ་ཀྱ་ཡིས་དོན་མེད་ཀྱིན་དང་ང་རྒྱལ་གྱི་གཏམ་ཀྱ་བཤད་ཡས། དེ་ནས་ངན་པའི་མི་ཚེ་པུད་ཀྱིན་ཀྱ་ནས་ད་ལྟ་ཀ་ཐར་ཏེ་འོངས་བ་མི་ཀྱ་ལ་ལུས་ཀྱི་འདོད་ཆགས་ཀྱ་ཡི་སྒོ་ནས་བསླུ་ལ་ལགས།

19 དེ་ནས་ཁོང་ཀྱ་ལ་རང་དབང་སྟེར་ཡས་ཀྱི་དམ་བཅའ་བཞག་ནའང་། ཡིན་ནའང་སློབ་དཔོན་ཟོག་པོ་ཁོ་རང་ཀྱ་རང་གཏོར་བཤིག་བཏང་གིན་སྤྱོད་པ་ཡི་གཡོག་པོ་ལགས། གི་བྱས་རེ་སྨྲ་ན་མི་གིན་གྱི་དབང་འོག་ཏུ་ཤོ་རི། འོ་དེའི་རང་གཡོག་པོ་བྱུང་ང་ལགས།

20 འོ་རི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་ལ་ངོ་ཤེས་རེ། འདི་འཇིག་རྟེན་གྱི་ངན་པ་ཀྱ་ནས་ཐར་ཚར་ཏེའང་། ཡང་ལྡབ་ལེ་འོ་དེའི་དབང་འོག་ཏུ་ཆུད་ན། འོ་རེ་མི་ཀྱ་ཡི་གནས་ཚུལ་གོ་ཨེན་མ་ལས་ཞུག་ལ་སྡུག་བ་འབྱུང་གི་ལགས།

21 གི་བྱས་རེ་སྨྲ་ན་དྲང་བདེན་གྱི་ལམ་ཤེས་རེ་ཁོང་ཀྱ་ལ་གནང་ན་དམ་པའི་བཀའ་ཀྱ་ལ་རྒྱབ་ལོག་བ་ལས་འང་། འོ་དེ་ལམ་གོ་ནམ་མ་མ་ཤེས་འོད་ན་ཁོང་ཀྱ་ཡི་ཆེད་དུ་དགའ་བྱུང་ཡས་འོད།

22 ཁོང་ཀྱ་ནི་བདེན་པ་དཔེ་དེའི་དཔང་པོ་ལགས། ཁྱི་རང་གི་སྐྱུག་ལ་ལོག་སྟེ་འོང་ང་ལགས། དེ་ནས། གཟུགས་འཁྲུད་ཁྲ་ཕག་པ་འདམ་པ་ལ་རང་རྩེད་མོ་རྩེ་རུ་འགྲོ་བ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan