Biblia Todo Logo
Bìoball air-loidhne

- Sanasan -

༢ པེ་ཏྲོ། 1 - གློ་བ།

1 ཡེ་ཤུ་མཱ་ཤི་ཀའི་བྲན་གཡོག་དང་སྐུ་ཚབ་སི་མོ་ཡོན་པེ་ཏྲོ་ནས། འོ་རི་དཀོན་མཆོག་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་དྲང་བདེན་ལ་འེ་ཀྱ་ལ་ཅོག་རེ་རྩ་ཆེ་དད་པ་ཐོབ་ཐ་ཀྱ་ལ།

2 དཀོན་མཆོག་དང་འོ་རི་གཙོ་བོ་ཡེ་ཤུའི་ཤེས་རབ་ཀྱི་ནང་ཐུགས་རྗེ་དང་ཞི་བདེ་ཁྱེད་ཀྱ་ལ་མོད་ཆོ་ལི་འཐོབ་པར་ཤོག།


དད་པ་ལ་འཚར་ཡས་ཀྱི་སྐོར་ལ།

3 དཀོན་མཆོག་གིས་རང་གི་ནུས་མཐུ་ཡི་སྒོ་ནས་མི་ཚེ་དང་། ཆོས་སེམས་ཀྱི་ཕྱིར་ལ་དགོས་ཀྱིན་གི་རི་ཁོང་གིས་འོ་རང་ལ་གནང་འོད་ད་ལགས། དེ་ནི་ཁོང་པ་རང་གི་གཟི་བརྗིད་དང་ཐུགས་བཟང་པོ་ཡི་སྒོ་ནས། འོ་རང་ལ་འབོད་མཛད་མཁན་ཁོང་པ་ལ་འོ་རི་ངོ་ཤེས་ཤ་བྱས་རེ་དེ་གི་རི་ཐོབ་པ་ལགས།

4 དེ་ནས་ཁོང་པ་ཡི་གཟི་བརྗིད་དང་ཐུགས་བཟང་པོའི་སྒོ་ནས། འོ་རང་ལ་ཁོང་གིས་དམ་བཅའ་ཁག་ཆེ་ཀྱ་དང་རྩ་ཆེ་ཀྱ་གནང་འོད་ད་ལགས། དེ་ཀྱ་སྒོ་ནས་འདོད་པ་ངན་པ་ཀྱ་ཡིས་བྱས་རེ་འཇིག་རྟེན་ནང་འོད་ཀྱིན་ངན་པ་ཀྱ་ནས་ཐར་ཏེ། ཁྱེད་ཀྱ་དཀོན་མཆོག་གི་བླ་ན་མེད་པའི་རང་གཤིས་ལ་ཐེ་ཡས་རག་འོད་ད་ལགས།

5 འོ་བྱས་རེ་གི་བྱེད་ཐུབ་ཐུབ་ཁྱེད་ཀྱ་ཡིས་དད་པ་ལ་སྤྱོད་ལམ་བཟང་པོ། དེ་ནས་སྤྱོད་ལམ་བཟང་པོ་ལ་ཤེས་ཡོན།

6 དེ་ནས་ཤེས་ཡོན་ལ་རང་ཚོད་ཟིམ་གྱིན། དེ་ནས་རང་ཚོད་ཟིམ་གྱིན་ལ་བཟོད་པ། དེ་ནས་བཟོད་པ་ལ་ཆོས་སེམས།

7 དེ་ནས་ཆོས་སེམས་ལ་སྤུན་ཀྱ་ལ་བྱེད་ཀྱིན་བྱམས་པ། དེ་ནས་སྤུན་ཀྱ་ལ་བྱེད་ཀྱིན་བྱམས་པ་ཁར་ལ་གི་རི་ལ་བྱེད་ཀྱིན་བྱམས་པ་གོ་སྣོན་ག་རྒྱོབ།

8 གི་བྱས་རེ་སྨྲ་ན་དོན་དེ་ཀྱ་ཁྱེད་ཀྱི་ནང་འོད་ན། དེ་ནས་འཕེལ་རེ་འགྲོ་ན། ཁྱེད་ཀྱ་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཤེས་ཡོན་ལ་ཕན་མེད་ཀྱིན་དང་། འབྲས་བུ་མེད་ཀྱིན་འབྱུང་ཡས་ནས་དེ་ཀྱ་ཡིས་སྐྱོབ་ཀྱི་ལགས།

9 ཡིན་ནའང་དོན་དེ་ཀྱ་མེད་མཁན་མི་ཀྱ་རང་གི་སྡིག་པ་རྙིང་པ་ཀྱ་དག་ཚར་ས་གོ་བརྗེད་དེ་འགྲོ་གིན། ཐག་རིང་ང་ལ་འོད་ཀྱིན་གོ་མེད་མཐོང་མཁན་ཞ་ར་ཅོག་རེ་ལགས།

10 འོ་བྱས་རེ་སྤུན་ཀྱ་བོ། ཁྱེད་ཀྱ་ལ་དཀོན་མཆོག་གིས་བོས་པ་དང་བདམས་ད་གོ་ལ། དངོས་གནས་ཡིན་གྱིན་གོ་སྟོན་ཡས་ཆེད་དུ་དོ་རང་འང་བརྩོན་འགྲུས་བྱེད། གི་བྱས་རེ་སྨྲ་ན་དེ་རེ་བྱེད་ན། ཁྱེད་ཀྱ་ཁྱེད་རི་དད་པ་ནས་ལྷིམ་གྱི་མ་ལགས།

11 དེ་ནས་འོ་བྱས་རེ་ཁྱེད་ཀྱ་ལ་འོ་རི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་མཐའ་མེད་པའི་རྒྱལ་སྲིད་ནང་དུ་བསུ་ཡང་ཁག་ཆེ་འཐོབ་ཀྱི་ལགས།


དམ་པའི་གསུང་རབ་ཀྱི་མངོན་ཤེས།

12 འོ་བྱས་རེ་ཁྱེད་ཀྱ་ཡིས་དོན་དེ་ཀྱ་ཧ་གོ་ག་དང་། ཁྱེད་ཀྱ་ལ་འོད་ཀྱིན་བདེན་པ་ལ་བརྟན་པོ་འོད་ནའང་། ང་ཁྱེད་ཀྱ་ལ་ཙོག་བའི་དེ་ཀྱ་དྲན་གསོ་བསླངས་ཡས་ཡིན།

13 ང་གསོན་པོ་འོད་དེ་གང་ལ་ཁྱེད་ཀྱ་ལ་དོན་དེ་ཀྱ་ཡི་སྐོར་ལ། དྲན་གསོ་བསླངས་རེ་གཟབ་གཟབ་བཟོ་ན་ང་དགའ་གུ་ལགས།

14 གི་བྱས་རེ་སྨྲ་ན་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཡིས་ང་ལ་གསལ་བོ་སྟོན་མཛད་ཀྱིན་ཅོག་རེ། ང་ཤི་རིན་སོང་སྨྲས་རེ་ང་ལ་ཤེས་ཡས་འོད།

15 དེ་ནས་ང་ཤི་ཚར་ཏེའང་ཁྱེད་ཀྱ་ཡིས་དེ་དོན་ཀྱ་ནམ་ཡིན་ན་དྲན་གསོ་བྱེད་ཐུབ་བར་ཤོག་སྨྲས་རེ་ང་གི་ཐུབ་ཐུབ་དཀའ་ལས་བརྒྱབ་ཡས་ཡིན།

16 གི་བྱས་རེ་སྨྲ་ན་འི་ཀིས་ཁྱེད་ཀྱ་ལ་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ནུས་མཐུ་དང་། ཁོང་ཕེབས་ཡས་ཡིན་གྱིན་གྱི་སྐོར་ལ་བཤད་དེ་གང་ལ། མིས་རྩོམ་ཏེ་བཟོས་ཟ་གཏམ་དཔེ་ཀྱ་ཅོག་རེ་མ་བཤད། ཡིན་ནའང་ཁོང་པ་ཡི་གཟི་བརྗིད་འི་ཀི་མིག་གིས་མངོན་སུམ་མཇལ་བ་ལགས།

17 གི་བྱས་རེ་སྨྲ་ན་ཡབ་དཀོན་མཆོག་ནས་ཁོང་པ་ལ་བཀུར་སྟི་དང་གཟི་བརྗིད་འཐོབ་བའི་གང་ལ། གཟི་བརྗིད་དང་བདེན་པའི་གསུང་སྐད་ཀྱིས་ཁོང་ལ། འདི་ནི་ངའི་གཅེས་བའི་བུ་ཡིན། དེ་ནས་ཁོའི་མུ་ལ་ང་དམི་ཅིག་གི་ཉམ་མོ་དགའ་འོད། གསུངས་རེ་གསུང་སྐད་འདི་ཐོན་པ་ལགས།

18 འོ་དེ་དམ་པའི་རི་ཁར་ལ་འེ་ཀྱ་ཁོང་པ་མུ་ལ་འོད་དེ་གང་ལ། ནམ་མཁའི་ཞིང་ཁམས་ནས་ཐོན་གྱིན་གསུང་སྐད་འདི་འེ་ཀྱ་ཡིས་རང་གོ་སོང་།

19 དེ་ནས་འོ་རི་མུ་ལ་འོད་མཁན་མངོན་ཤེས་མཁན་ཀྱ་ཡི་བཀའ་བདེན་པ་ཡིན་གྱིན་གོ་འེ་ཀྱ་ཡོལ་ལེ་བརྟན་པོ་བྱུང་སོང་། དེ་ནས་གནམ་ཟ་ར་ཟི་རི་མ་བྱུང་གིན་དང་ཁྱེད་ཀྱི་སེམས་ནང་དུ་སྔ་རོག་གི་སྐར་མ་མ་ཤར་གྱིན་ཐུག་པའི། མུན་ནག་གི་ནང་ལ་འབར་ཏེ་བསྡད་ཀྱིན་ཀྱུང་ཅོག་རེ། ཁྱེད་ཀྱ་ཡིས་འང་འདི་བཀའ་དེ་ལ་དོ་སྣང་བྱེད་ན་དགའ་འོང་གི་ལགས།

20 དེ་གི་རིའི་ཐོག་ལ་གསུང་རབ་ཀྱི་མངོན་ཤེས་གཅིག་འང་མངོན་ཤེས་མཁན་རང་གི་འགྲེལ་བཤད་མ་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཧ་གོ་ར་བྱེད།

21 གི་བྱས་རེ་སྨྲ་ན་མིའི་འདོད་པ་ལ་གཏན་ཏེ་མངོན་ཤེས་གཅིག་འང་མ་འོངས་བ་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ཐོག་ནས་དཀོན་མཆོག་གི་ཐོག་ནས་མིའི་གསུང་དེ་བཤད་པ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan