Biblia Todo Logo
Bìoball air-loidhne

- Sanasan -


༢ ཀོ་རིན་ཐུ་པ། 8 - གློ་བ།


ཞལ་འདེབས་འབུལ་དགོས་ཀྱི་སྐོར་ལ།

1 སྤུན་ཀྱ་བོ། དཀོན་མཆོག་གིས་མ་ཀེ་དོན་ཡཱ་ཡི་ཆོས་ཚོགས་ཀྱ་ལ་གནང་ན་ཐུགས་རྗེའི་སྐོར་ལ། ཁྱེད་ཀྱ་ཡིས་ཧ་གོ་གིན་གོ་འེ་ཀྱ་འདོད་འདིག་འོད།

2 ཁོང་ཀྱ་སྡུང་ང་ཚབས་ཆེན་གྱི་ཚོད་ལྟ་ཡི་གུང་དུའང་དམི་ཅིག་གི་དབུལ་སྤྲེ་བྱས་རེའང་། དགའ་སྤྲོ་ཆེའི་སྒོ་ནས་ཁོང་ཀྱ་ཡིས་མེད་ཕངས་ང་ཞལ་འདེབས་ཕུལ་བ་ལགས།

3 གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་རང་གི་འཐད་ཀྱིན་ནས་རང་གི་སྟེར་ཐུབ་ཀྱིན་གོ་ནས་ཕུལ་བ་ལགས། དེ་ནས་དེ་ལས་ལྷག་ཕུལ་བ་ལགས།

4 དམ་པའི་མི་ཀྱ་ལ་ཞབས་ཕྱི་ཞུ་ཡས་ལ་ཐོབ་ཐང་གནང་རོགས་བྱེད་སྨྲས་རེ། ཁོང་ཀྱ་ཡིས་འེ་ལ་སྙིང་ཐག་པ་ནས་ཞུ་བ་བརྒྱབ་པ་ལགས།

5 དེ་ནས་འི་ཀིས་རེ་བ་བྱས་བྱ་ནས་ལྷག་ཁོང་ཀྱ་ཡིས་ཨེན་ལ་རང་རང་ལ་གཙོ་བོ་ལ་ཕུལ་བ་ལགས། དེ་ནས་དཀོན་མཆོག་གི་ཐུགས་དགོངས་ལ་རྟེན་ཏེ། ཁོང་ཀྱ་ཡིས་རང་རང་ལ་འེ་ཀྱ་ཡི་ལག་ལ་རྩིས་བརྒྱབ་པ་ལགས།

6 འོ་བྱས་རེ་ཏི་ཏོས་ཀྱིས་ཨེན་མ་ལས་ཀ་དེ་འགོ་བཙུགས་ཙ་བྱས་རེ། ད་ཁྱེད་ཀྱ་ཡི་ཁོག་ཏུ་ཐུགས་རྗེའི་ལས་ཀ་དེ་སྒྲུབ་དགོས་གུ་ལགས་སྨྲས་རེ། འེ་ཀྱ་ཡིས་ཁོ་ལ་ལྕག་བརྒྱབ་པའི།

7 ད་དད་པ་དང་། གཏམ་དང་། ཤེས་ཡོན་དང་། ལས་བཟང་བྱེད་ཡས་ཀྱི་འདོད་པ་དང་། ཁྱེད་ཀྱ་ཡི་ཆེད་དུ་འི་ཀི་བརྩེ་བ་དང་། དོན་གི་རི་ལ་ཁྱེད་ཀྱ་འཇོན་གྱིན་ཅོག་རེ། ཐུགས་རྗེའི་ལས་ཀ་དེ་ལ་ཁྱེད་ཀྱ་འཇོན་པོ་བྱེད།

8 ང་ཁྱེད་ཀྱ་ལ་བཀའ་སྟེར་ར་མིན། ཡིན་ནའང་མི་གཞན་མ་ཀྱ་ཡི་འུ་ར་བྱས་རེ་རོགས་རམ་བྱེད་མཁན་མུ་ལ་སྡུར་ཏེ། ཁྱེད་ཀྱ་ཡི་བརྩེ་བ་གོའང་བདེན་པ་ལགས་སྨྲས་རེ་དཔང་པོ་བྱེད་ཡས་ལ་ང་དེ་ཀྱ་སྨྲ་ཡིན།

9 གི་བྱས་རེ་སྨྲ་ན་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཀྱ་ཤེས་ལ་ལགས། ཁོང་ཕྱུག་པོ་བྱེད་རེའང་ཁྱེད་ཀྱ་ཡི་དོན་དུ་དབུལ་སྤྲེ་བྱུང་བ་ལགས། འདི་ནི་ཁོང་དབུལ་སྤྲེ་བྱུང་གིན་གྱི་ཐོག་ནས་ཁྱེད་ཀྱ་ཕྱུག་པོ་འབྱུང་བར་ཤོག་སྨྲས་རེ་ལགས།

10 ད་ཁྱེད་ཀྱི་ཕན་ཐོག་གི་ཕྱིར་ལ་དོན་འདིའི་སྐོར་ལ་ང་དེ་རེ་བསླབ་བྱ་སྟེར་ར་ཡིན། ན་ནིང་ཞལ་འདེབས་འབུལ་གྱིན་ལས་ཀ་དེ་འགོ་བཙུགས་ཡས་ལ་གཅིག་ཀ་མིན་ད། ཡིན་ནའང་དེ་རེ་བྱེད་ཡས་ལ་འདོད་པ་བྱེད་ཀྱིན་གོའང་ཁྱེད་ཀྱ་དང་ཤོས་ལགས།

11 འོ་བྱས་རེ་ད་འོ་དེ་ག་མོ་མ་སྒྲུབ་ཏུ་ཆུག། ཁྱེད་ཀྱ་ཡིས་སྟེར་ཐུབ་ཀྱིན་ནས་ཁྱེད་ཀྱ་ཡིས་སྟེར་ན། ཨེན་མ་ཁྱེད་ཀྱ་ཡིས་སྟེར་ཡས་ཀྱི་འདོད་པ་བྱེད་ཀྱིན་གོ་ཁྱེད་ཀྱ་ཡིས་སྒྲུབ་ཏུ་བཅུག་གི་ལགས།

12 གི་བྱས་རེ་སྨྲ་ན་ཞལ་འདེབས་འབུལ་ཡས་ལ་འདོད་པ་འོད་ན། ཁྱེད་ཀྱ་ལ་མེད་ཀྱིན་གོ་ནས་མིན་ད། ཡིན་ནའང་འོད་ཀྱིན་གོ་ནས་འབུལ་གྱིན་གོ་ལ་དཀོན་མཆོག་ཐུགས་མཉེས་བོ་མཛད་ཀྱི་ལགས།

13 ངས་སྨྲ་གིན་དེ་གཞན་མ་ཀྱ་ལ་ཡང་ང་དང་ཁྱེད་ཀྱ་ལ་ལྗིད་འོང་ཡས་ཀྱི་ཆེད་དུ་སྨྲ་མིན། ཡིན་ནའང་གི་རི་ཆ་མཉམ་ཡས་ཀྱི་ཆེད་དུ་སྨྲ་ཡིན།

14 ད་ལྟ་ཁྱེད་ཀྱ་ལ་མོད་ཆོ་ལི་འོད་ཀྱིན་གོ་ནས་ཁོང་ཀྱ་ཡི་དགོས་ཀྱིན་ལ་རོགས་བ་བྱེད་དགོས། དེ་ནས་གཤམ་ལ་ཁོང་ཀྱ་ལ་མོད་ཆོ་ལི་འོད་ད་རང་། ཁྱེད་ཀྱི་དགོས་ཀྱིན་ལ་ཁོང་ཀྱ་ཡིས་རོགས་བ་བྱེད་ཀྱི་ལགས། དེ་རེ་བྱས་རེ་ཁྱེད་ཀྱ་ཆ་མཉམ་གྱི་ལགས།

15 དམ་པའི་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། མང་ང་བསྡུས་མཁན་ཀྱ་ལ་ལྷག་མ་གིའང་མེད་ལྷག་བ་ལགས། དེ་ནས་ཉུང་ང་བསྡུས་མཁན་ཀྱ་ལ་མེད་ཚང་གིན་གིའང་མེད་ཡོང་ང་ལགས།


ཏི་ཏོས་ཀོ་རིན་ཐུ་རུ།

16 ཡིན་ནའང་ངས་ཁྱེད་ཀྱ་ལ་དོ་སྣང་སྟེར་གྱིན་ཅོག་རེ། ཏི་ཏོས་ཀྱི་སེམས་ནང་དུ་ཁྱེད་ཀྱི་ཕྱིར་ལ་འོ་དེ་དོ་སྣང་གནང་ང་མཛད་ཀྱིན་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།

17 གི་བྱས་རེ་སྨྲ་ན་ཏི་ཏོས་ཀྱིས་འི་ཀིས་སྐུལ་གྱིན་ལ་མཉན་ཏེ་གཅིག་ཀ་མིན་ད། ཡིན་ནའང་ཁོ་རང་རང་ཁྱེད་ཀྱ་ལ་རོགས་བ་བྱེད་ཡས་ལ་དམི་ཅིག་གི་འདོད་པ་བྱས་རེ་ཁྱེད་ཀྱ་རྩ་རུ་འོང་བའི་འོད་ད་ལགས།

18 དེ་ནས་གཏམ་བཟང་བཤད་ཡས་ལ་ཆོས་ཚོགས་གི་རི་ལ་དམི་ཅིག་གི་སྐད་གྲགས་ཆེ་འོད་ཀྱིན་སྤུན་གོའང་ཁོའི་མུ་ལ་བརྫངས་ང་ཡིན།

19 འོ་དེ་གཅིག་ཀ་མིན་ད། གཙོ་བོའི་གཟི་བརྗིད་མངོན་ཡས་དང་། འི་ཀིས་རོགས་རམ་བྱེད་ཡས་ཀྱི་འདོད་པ་གོ་སྟོན་ཡས་ཀྱི་ཆེད་དུ། འེ་ཀྱ་ཡིས་བྱས་རེ་བསྡད་ད་ཐུགས་རྗེའི་ལས་ཀ་དེ་ལ། འི་ཀི་མུ་ལ་རང་འགྲུལ་བརྒྱབ་ཡས་ལ་ཆོས་ཚོགས་ནས་ཁོ་ལ་བདམས་པ་ལགས།

20 དེ་ནི་འེ་ཀྱ་ལ་མེད་ཕངས་ང་སྟེར་ཏ་ཞལ་འདེབས་དེ་ལ་བསྡུས་བ་རང་། སུས་འང་འེ་ཀྱ་ལ་སྐྱོན་མི་བཅུག་བ་ཤོག་སྨྲས་རེ་འེ་ཀྱ་འདོད་འདིག་འོད།

21 གི་བྱས་རེ་སྨྲ་ན་གཙོ་བོའི་དམིགས་བ་རུ་གཅིག་ཀ་མིན་ད། ཡིན་ནའང་མི་ཀྱ་ཡི་གདོང་དུའང་། འེ་ཀྱ་བཟང་ང་གི་ཡིན་གྱིན་གོ་བྱེད་ཡས་ཀྱི་དམིགས་ཡུལ་བཞག་བའི་འོད།

22 འེ་ཀྱ་ཡིས་ཐེངས་མང་ང་ཚོད་ལྟ་བྱས་རེ་དོན་མང་ཆེ་ལ་ཧུ་ར་མཐོང་ཐ་སྤུན་གོ་ལ་འེ་ཀྱ་ཁོང་ཀྱ་ཡི་མུ་ལ་བརྫངས་ང་ཡིན། དེ་ནས་ཁོ་ཁྱེད་ཀྱ་ལ་དམི་ཅིག་གི་ཡིད་ཆེས་བྱེད་ཀྱིན་བྱས་རེ། ཁོ་ཁྱེད་ཀྱ་ལ་རོགས་བ་བྱེད་ཡས་ལ་ཡོལ་ལེ་འདོད་པ་ཆེ་བྱུང་འདུག།

23 དེ་ནས་ཏི་ཏོས་ནི་རོགས་བ་དང་ཁྱེད་ཀྱ་ལ་ཞབས་ཏོག་འབུལ་ཡས་ཀྱི་ཆེད་དུ་ངའི་ལས་རོགས་ལགས། དེ་ནས་འོ་རི་སྤུན་གཞན་མ་ཀྱ་ནི་མཱ་ཤི་ཀའི་གཟི་བརྗིད་ཡིན་གྱིན་ཆོས་ཚོགས་ཀྱ་ཡི་བང་ཆེན་ཀྱ་ལགས།

24 འོ་བྱས་རེ་ཁྱེད་ཀྱ་ཡི་བརྩེ་བ་དང་ཁྱེད་ཀྱ་ཡི་སྐོར་ལ་འི་ཀིས་བྱས་བྱ་ངོམ་གསོ་ཡི་དོན་གོ་ཆོས་ཚོགས་ཀྱ་ཡི་གདོང་དུ་སྟོན།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan