Biblia Todo Logo
Bìoball air-loidhne

- Sanasan -


༢ ཀོ་རིན་ཐུ་པ། 7 - གློ་བ།

1 གཅེས་བའི་སྤུན་ཀྱ་བོ། འོ་རང་ཀྱ་ལ་དམ་བཅའ་དེ་ཀྱ་འོད་ཀྱིན་བྱས་རེ། འོ་རང་ཀྱ་རང་གི་ལུས་དང་སེམས་ཉིད་ལ་མེད་གཙང་ང་བཟོ་གིན་གི་རི་ནས་རང་ལ་གཙང་མ་བཟོ་བོ། དེ་ནས་དཀོན་མཆོག་ལ་བསྙེན་བཀུར་བྱས་རེ་དམ་པའི་ནང་ཕུན་སུམ་ཚོག་པ་བྱུང་རེ་སོང་།


པའུ་ལུའི་དགའ་སྤྲོ།

2 ཁྱེད་ཀྱ་ཡི་སེམས་ནང་དུ་འེ་ཀྱ་ལ་གོག་ས་སྟེར། འི་ཀིས་སུ་ལ་གནོད་མ་བསྐྱལ། དེ་ནས་འི་ཀིས་སུ་ལ་མ་བསླུས། དེ་ནས་འི་ཀིས་སུ་ལ་ཧམ་པ་མ་བྱས།

3 ཁྱེད་ཀྱ་ལ་སྐྱོན་འཛུགས་ཡས་ལ་ངས་དེ་ཀྱ་སྨྲ་མིན། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་འི་ཀི་སེམས་ནང་ལ་འོད་ཀྱིན་དང་། ཁྱེད་ཀྱི་མུ་ལ་ཤི་དགོས་ན་བསྡད་དགོས་ན། འེ་ཀྱ་གྲ་སྒྲིག་འོད་སྨྲས་རེ་ངས་ཁྱེད་ཀྱ་ལ་ཨེན་དུ་རུ་སྨྲས་བའི།

4 ཁྱེད་ཀྱ་ཡི་ཁར་ལ་ང་བློ་གཏད་ཆེ་འོད། དེ་ནས་ཁྱེད་ཀྱ་ཡི་ཆེད་དུ་ང་དམི་ཅིག་གི་ངོམ་གསོ་བྱེད་འདིག་འོད། ང་སེམས་གསོ་ཡིས་ཁང་འོད། དེ་ནས་སྡུང་ང་གི་རིའི་ཁོག་ཏུའང་ང་དགའ་སྤྲོ་ཆེ་བྱེད་འདིག་འོད།

5 འེ་ཀྱ་མ་ཀེ་དོན་ཡཱ་རུ་སླེབས་ཚར་ཏེའང་འི་ཀི་གཟུགས་ལ་ངལ་གསོ་ཐོབ་ཀྱི་མིན་འདུག། ཡིན་ནའང་ཕྱོགས་གི་རི་ནས་འེ་ཀྱ་ལ་སྡུག་པོ་ཕྲད་པ་ལགས། ཕི་ལ་སྡུག་ཀ་དང་སེམས་ལ་འཇིགས་སྣང་བྱུང་སོང་།

6 ཡིན་ནའང་བློ་ཕམ་པ་ཀྱ་ལ་སེམས་གསོ་གནང་གིན་དཀོན་མཆོག་གིས། ཏི་ཏོས་སླེབས་ཏེ་ཁོའི་ཐོག་ནས་འེ་ཀྱ་ལ་སེམས་གསོ་གནང་སོང་།

7 ཁོ་སླེབས་ཀྱིན་གྱི་གཅིག་ཀ་མ་ལགས། ཡིན་ནའང་ཁྱེད་ཀྱ་ནས་ཁོ་ལ་ཐོབ་ཐ་སེམས་གསོ་ཡི་ཐོག་ནས་འེ་ཀྱ་ལ་སེམས་གསོ་ཐོབ་སོང་། ང་ལ་ཐུག་ཡས་ལ་ཁྱེད་ཀྱ་ཡིས་དམི་ཅིག་གི་འདོད་པ་བྱེད་ཀྱིན་དང་། ངའི་ཕྱིར་ལ་ཁྱེད་ཀྱ་ཡི་སེམས་སྐྱོ་གིན་དང་། སྡུང་ང་བྱེད་ཀྱིན་གྱི་སྐོར་ལ་ཁོས་འེ་ཀྱ་ལ་བཤད་སོང་། འོ་བྱས་རེ་ངའི་དགའ་སྤྲོ་ཡོལ་ལེ་ཕར་སོང་།

8 ངས་ཨེན་མ་བྲིས་བྲ་ཡི་གེ་ཁྱེད་ཀྱ་ལ་སེམས་སྐྱོ་རུ་བཅུག་འོད་ན། ང་འགྱོད་པ་མི་བྱེད། བྱུང་ཡས་ད་ང་ལ་འགྱོད་པ་ཅི་མེ་བྱུང་སོང་། འོ་དེ་ཡིག་གིས་དུས་ཏི་ཏེ་གཅིག་ཡིན་ན། ཁྱེད་ཀྱ་ཡི་སེམས་སྐྱོ་རུ་བཅུག་འདུག་སྨྲས་རེ་ང་ལ་ཤེས་ཡས་འོད།

9 ད་ཁྱེད་ཀྱ་ཡི་སེམས་སྐྱོ་སོང་སྨྲས་རེ་ང་ཉམ་མོ་དགའ་མིན། ཡིན་ནའང་ཁྱེད་ཀྱ་ཡི་སེམས་སྐྱོ་གིན་གྱི་ཁྱེད་ཀྱ་ལ་སེམས་བསྒྱུར་དུ་བཅུག་སོང་སྨྲས་རེ་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་ཐུགས་དགོངས་འོད་ཀྱིན་ཅོག་རེ་ཁྱེད་ཀྱ་ཡི་སེམས་སྐྱོ་བ་ལགས། དེ་ནས་འི་ཀི་ཐོག་ནས་ཁྱེད་ཀྱ་ལ་གནོད་གིའང་མ་བྱུང་བ་ལགས།

10 དཀོན་མཆོག་གི་ཐུགས་དགོངས་ལ་འོད་ཀྱིན་སེམས་སྐྱོ་གིན་གྱི་སེམས་བསྒྱུར་དུ་བཅུག་བ་ལགས། དེ་ནས་དེ་ཡིས་འོ་རང་ལ་ཐར་པ་གནང་ང་ལགས། དེ་ནས་འོ་དུ་རུ་འགྱོད་པ་མེད་ཡོང་ང་ལགས། ཡིན་ནའང་འཇིག་རྟེན་གྱི་སེམས་སྐྱོ་ཡས་ཀྱི་འཆི་བ་ཁྱེར་ཏེ་འོང་ང་ལགས།

11 ལྟོས་དང་། དཀོན་མཆོག་གི་ཐུགས་དགོངས་ལ་འོད་ཀྱིན་ཅོག་རེ། ཁྱེད་ཀྱ་ཡི་སེམས་སྐྱོ་གིན་གྱིས་ཁྱེད་ཀྱི་ནང་ག་རེ་འགྱུར་བ་བྱུང་འདུག་བོ། ཁྱེད་ཀྱ་རང་ལ་སྐྱོན་མེད་ཀྱིན་སྟོན་ཡས་ལ་འདོད་པ་ཆེད་དང་། ཞེ་སྡང་དང་། འཇིགས་སྣང་དང་། སེམས་ཤུགས་དང་། དོ་སྣང་དང་། ལས་ངན་ཀྱ་ལ་ཆད་པ་བསྐལ་ཡས་ལ་གྲ་སྒྲིག་འདུག། ཁྱེད་ཀྱ་ཡིས་རང་ལ་དོན་འོད་ལེ་ལ་སྐྱོན་མེད་ཀྱིན་སྟོན་འདུག།

12 ངས་འདི་ཡིག་བྲིས་འོད་ན། དེ་སྐྱོན་བཏང་གིན་མིའི་ཕྱིར་ལ་བྲིས་བ་མིན། དེ་ནས་སྐྱོན་ཕོག་པ་ཀྱ་ཡི་ཕྱིར་ལ་བྲིས་བ་མིན། ཡིན་ནའང་དཀོན་མཆོག་གི་དམིགས་བ་རུ། འེ་ཀྱ་ལ་ཁྱེད་ཀྱ་ཡིས་དངོས་གནས་བརྩེ་དུང་བྱེད་ཀྱིན་གོ། ཁྱེད་ཀྱ་ཡིས་ཧ་གོ་ར་ཤོག་སྨྲས་རེ་བྲིས་པའི།

13 འོ་བྱས་རེ་འེ་ཀྱ་ལ་སེམས་གསོ་ཐོབ་སོང་། དེ་ནས་འེ་ཀྱ་ལ་འེ་རི་རང་གི་སེམས་གསོ་གཅིག་ཀ་མིན་ད། ཏི་ཏོས་ཀྱི་དགའ་སྤྲོ་ལ་འེ་ཀྱ་ཡོལ་ལེ་མང་ང་ཉམ་མོ་དགྱེས་སོང་། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་གི་རིའི་ཐོག་ནས་ཁོའི་སེམས་ལ་ཞི་བདེ་ཐོབ་འདུག།

14 དེ་ནས་ཁོའི་གདོང་དུ་ངས་ཁྱེད་ཀྱི་སྐོར་ལ་ངོམ་གསོ་བྱས་བྱ་གོ་ལ་ང་ངོ་ཚ་གིའང་མ་བྱུང་སོང་། ཡིན་ནའང་འི་ཀིས་ཁྱེད་ཀྱ་ལ་བཤད་ཀྱིན་གི་རི་བདེན་པ་ཡིན་གྱིན་ཅོག་རེ། ཏི་ཏོས་ཀྱི་གདོང་དུ་འི་ཀིས་ངོམ་གསོ་བྱེད་ཀྱིན་གོའང་བདེན་པ་བྱུང་སོང་།

15 ཁྱེད་ཀྱ་གི་རིའི་ཁོའི་ཁར་ལ་ཉན་གྱིན་དང་ཁྱེད་ཀྱ་ཡི་ཁོ་ལ་འཇིགས་སྐྲག་དང་། འདར་ཏེ་སུས་འང་ཞུ་གིན་གོ་དྲན་ཏེ་གང་ལ། ཁྱེད་ཀྱ་ཡི་ཆེད་དུ་ཁོའི་བརྩེ་བ་གོ་ཡོལ་ལེ་མང་ང་འཕེལ་འདུག།

16 དེ་ནས་ང་དམི་ཅིག་གི་ཉམ་མོ་དགའི། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་ཁར་ལ་ང་བློ་གཏད་ཆོགས་པ་འོད།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan