༢ ཀོ་རིན་ཐུ་པ། 6 - གློ་བ།1 འེ་ཀྱ་དཀོན་མཆོག་གི་ལས་རོགས་ཡིན་གྱིན་བྱས་རེ། འེ་ཀྱ་ཁྱེད་ཀྱ་ལ་དཀོན་མཆོག་གི་ཐུགས་རྗེ་གོ་དོན་མེད་དུ་མ་ལེན་སྨྲས་རེ་ཞུ་བ་འབུལ་ལ་ཡིན། 2 གི་བྱས་རེ་སྨྲ་ན་ཁོང་པ་ཡིས་གསུངས་ང་ལགས། དུས་བབས་བའི་གང་ལ་ངས་ཁྱེད་ཀྱ་ཡི་ཞུ་བ་མཉན་པའི། དེ་ནས་ཐར་པའི་ཉིན་མ་གོ་ལ་ངས་ཁྱེད་ཀྱ་ལ་རོགས་བ་བྱས་བའི། ལྟོས་དང་། དུས་བབས་ཡས་གོ་ད་ལྟ་ལགས། དེ་ནས་ཐར་པའི་ཉིན་མ་གོ་ད་ལྟ་ལགས། པའུ་ལུའི་དཀའ་ལས། 3 འི་ཀི་ཞབས་ཏོག་ལ་སྐྱོན་མེད་ཕོག་བར་ཤོག་སྨྲས་རེ་འི་ཀིས་སུའང་ལམ་ལ་བར་ཆད་མ་བཀག་འོད། 4 ཡིན་ནའང་འེ་ཀྱ་རང་ལ་དཀོན་མཆོག་གི་ཞབས་ཕྱི་པ་ཡིན་གྱིན་གོ་དེ་གི་རིའི་ཐོག་ནས་སྟོན་ད་ཡིན། བཟོད་པ་ཆེ་དང་། སྡུང་ང་དང་། དཀའ་ངལ་དང་། སྐྱོན་འོང་ང་རང་། 5 དེ་ནས་རྡུང་དག་འཕོག་བ་རང་། དེ་ནས་བཙོན་ནང་དུ་ཆུད་ད་རང་། དེ་ནས་ཟིང་སྐྲག་ལངས་ང་རང་དང་། དཀའ་ལས་བརྒྱབ་བ་རང་། དེ་ནས་གཉིད་མེད་ད་རང་། དེ་ནས་ཕོ་བ་ལྟོགས་བ་རང་། 6 དེ་ནས་སེམས་གཙང་མ་དང་། ཤེས་ཡོན་དང་། བཟོད་པ་དང་། སྙིང་རྗེ་དང་། དམ་པའི་ཐུགས་ཉིད་དང་། བརྩེ་བ་དངོས་གནས་གོ། 7 དང་། བདེན་པའི་གཏམ་དང་། དཀོན་མཆོག་གི་ནུས་མཐུ་དང་། ལག་པ་གཡས་དང་གཡོན་ལ་དྲང་བདེན་གྱི་མཚོན་ཆ་ཀྱ། 8 དེ་ནས་གཟི་བརྗིད་དང་དམའ་འབེབས། དེ་ནས་སྨད་སྤྲ་དང་བསྟོད་སྒྲ་ཡི་ཐོག་ནས་སྟོན་ད་ཡིན། འེ་ཀྱ་ལ་བསླུ་བྲིད་ཅོག་རེ་རྩི་བ་ལགས། ཡིན་ནའང་འེ་ཀྱ་དྲང་པོ་འོད། 9 འེ་ཀྱ་ལ་སྐད་གྲགས་མེད་ཀྱིན་རྩི་ནའང་། འེ་ཀྱ་སྐད་གྲགས་ཆེ་འོད། དེ་ནས་འེ་ཀྱ་འཆི་བའི་ཁ་རུ་སླེབས་འོད་ནའང་། འེ་ཀྱ་གསོན་པོ་རང་འོད། དེ་ནས་ཉེས་པ་ཕོག་འོད་ནའང་། སྲོག་མ་ཤོར་འོད། 10 དེ་ནས་འེ་ཀྱ་སེམས་སྐྱོ་འོད་ནའང་། ཙོག་བའི་དགའ་སྤྲོ་ཡིས་ཁང་འོད། དེ་ནས་དབུལ་སྤྲེ་འོད་ནའང་། མང་ཆེ་ལ་ཕྱུག་པོ་བཟོས་ཐུབ་འོད། དེ་ནས་གིའང་མེད་ཀྱིན་ཅོག་རེ་འོད་ནའང་། འེ་ཀྱ་ལ་གི་རི་འོད། 11 ཀོ་རིན་ཐུ་པ་ཀྱ་བོ། འི་ཀིས་ཁྱེད་ཀྱ་ལ་ཁ་གསང་ང་བྱས་རེ་སྨྲས་འོད། དེ་ནས་འི་ཀི་སེམས་ཁྱེད་ཀྱི་ཆེད་དུ་རྒྱ་ཆེ་བཟོས་འོད། 12 ཁྱེད་ཀྱ་ཡི་ཆེད་དུ་འི་ཀི་བྱམས་པ་ནི་ཉུང་དུ་མ་བཏང་འོད། ཡོལ་ལེ་འེ་ཀྱ་ཡི་ཆེད་དུ་ཁྱེད་ཀྱི་བྱམས་པ་གོ་ཉུང་དུ་སོང་འདུག། 13 ད་འདིའི་ཚབ་ལ་ང་ཁྱེད་ཀྱ་ལ་རང་གི་ཕྲུ་བ་ཅོག་རེ་བྱས་རེ་སྨྲ་ཡིན། ཁྱེད་ཀྱའང་ཁྱེད་རི་སེམས་རྒྱ་ཚེ་རུ་གཏོང་། དཀོན་མཆོག་གི་མཆོད་ཁང་། 14 དད་པ་མི་བྱེད་མཁན་ཀྱ་མུ་ལ་གཉའ་ཤིང་མ་ཁུར། གི་བྱས་རེ་སྨྲ་ན་དྲང་ང་ཀྱ་ཡི་མུ་ལ་མེད་དྲང་ང་ཀྱ་ཡི་འབྲེལ་བ་གི་འོད་ད་ལགས་སེ། ཡང་ན་མུན་ནག་མུ་ལ་འོད་ཀྱི་འབྲེལ་བ་གི་འོད་ད་ལགས་སེ། 15 མཱ་ཤི་ཀ་དང་བདུད་པེ་ལི་ཡཱར་མཐུན་ཐུབ་བ་ལེ། དད་པ་བྱེད་མཁན་ཀྱ་ཡི་དད་པ་མི་བྱེད་མཁན་ཀྱ་མུ་ལ་འབྲེལ་བ་གི་འོད་ད་ལེ། 16 དཀོན་མཆོག་གི་མཆོད་ཁང་དང་ལྷ་སྐུ་འདྲ་ཀྱ་འབྲེལ་བ་གི་འོད་ད་ལེ། གི་བྱས་རེ་སྨྲ་ན་འོ་རང་སྐུ་གསོན་པོ་དཀོན་མཆོག་གི་མཆོད་ཁང་ལགས། འོ་བྱས་རེ་དཀོན་མཆོག་གིས་དེ་རེ་གསུངས་འོད་ད་ལགས། ང་ཁོང་ཀྱ་ཡི་གུང་དུ་གནས་ཡས་ཡིན། དེ་ནས་ཁོང་ཀྱ་མུ་ལ་བརྒྱུག་ཡས་ཡིན། དེ་ནས་ང་ཁོང་ཀྱ་ཡི་དཀོན་མཆོག་འབྱུང་ཡས་ཡིན། དེ་ནས་ཁོང་ཀྱ་ངའི་མི་རྒྱུད་འབྱུང་གི་ལགས། 17 འོ་བྱས་རེ་གཙོ་བོས་གསུངས་བ་ལགས། ཁོང་ཀྱ་ཡི་གུང་ནས་ཐོན་ཏེ་ཤོག། དེ་ནས་ཁོང་ཀྱ་ནས་ཁྱེད་ཀྱ་ཁ་གྲོལ། མེད་གཙང་ང་གིའང་མ་འཇུ། དེ་ནས་ང་ཁྱེད་ཀྱ་ལ་ཁས་ལེན་བྱེད་ཡས་ཡིན། 18 དེ་ནས་ང་ནི་ཁྱེད་ཀྱ་ཡི་ཡབ་འབྱུང་ཡས་ཡིན། དེ་ནས་ཁྱེད་ཀྱ་ངའི་བུ་དང་བུ་མོ་འབྱུང་གི་ལགས། གསུངས་རེ་ཀུན་དབང་དཀོན་མཆོག་གིས་གསུངས་བའི།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.