Biblia Todo Logo
Bìoball air-loidhne

- Sanasan -


༢ ཀོ་རིན་ཐུ་པ། 3 - གློ་བ།

1 ད་འེ་ཀྱ་ཡང་རང་གི་བསྟོད་སྒྲ་བཏང་ཡས་འགོ་འཛུགས་ཡས། དེ་ནས་མི་གཞན་མ་ཀྱ་ཅོག་རེ་འེ་ཀྱ་ལའང་ཁྱེད་ཀྱ་རྩ་རུ། ཡང་ན་ཁྱེད་ཀྱ་ནས་ངོ་སྤྲོད་ཀྱི་ཡི་གེ་དགོས་གུ་ལགས་སེ།

2 ཁྱེད་ཀྱ་རང་འི་ཀི་སེམས་ནང་ལ་བྲིས་ཏེ་བཞག་ཞ་མི་གི་རི་ཡིས་ཧ་གོ་ཐུབ་ཀྱིན་དང་སྒྲོག་ཐུབ་ཀྱིན་ཡིག་ལགས།

3 དེ་ནས་ཁྱེད་ཀྱ་ནི་འི་ཀིས་ཞབས་ཕྱི་ཞུ་གིན་གྱི་འབྲས་བུ་ཡིན་གྱིན་མཱ་ཤི་ཀ་ཡིས་བྲིས་བ་མཛད་ཛ་ཡིག་ལགས། དེ་ཡིག་ནི་སྣག་ཚ་ཡིས་བྲིས་བྲ་མ་ལགས། ཡིན་ནའང་སྐུ་གསོན་པོ་བཞུགས་ཀྱིན་དཀོན་མཆོག་གི་ཐུགས་ཉིད་ནས་བྲིས་བྲ་ལགས། དེ་ནས་རྡོ་ལེབ་ཁར་ལ་བྲིས་བྲ་མིན་ད་མིའི་སེམས་ནང་དུ་བྲིས་བྲ་ཡིག་ལགས།

4 མཱ་ཤི་ཀའི་ཐོག་ནས་དཀོན་མཆོག་གི་ཁར་ལ་འི་ཀིས་ཡིད་ཆེས་དེ་རེ་བརྟན་པོ་འོད།

5 འི་ཀིས་ལས་ཀ་ག་རེ་གཅིག་བྱས་འོད་ན། འོ་དེ་རང་གི་འཇོན་ཐང་ནས་ཡིན་སྨྲས་རེ་མེད་བསམ་འོད། ཡིན་ནའང་འི་ཀི་འཇོན་ཐང་ནི་དཀོན་མཆོག་ནས་བྱུང་ང་ལགས།

6 ཁོང་པ་ཡིས་འེ་ཀྱ་ལ་དམ་བཅའ་གསར་པའི་ཞབས་ཏོག་པ་འབྱུང་ཡས་ལ་འཇོན་པོ་མཛད་སོང་། དེ་ནས་དེ་ནི་ཡིག་གི་ཐོག་ནས་མིན་ད། ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་ལགས། གི་བྱས་རེ་སྨྲ་ན་བྲིས་བྲ་ཆོས་ཁྲིམས་ཀྱི་མི་ལ་འཆི་བའི་ཆད་པ་བཀལ་ལ་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་ཚེ་གནང་ང་ལགས།


དམ་བཅའ་གསར་པ་ཡི་གཟི་བརྗིད་ཀྱི་སྐོར།

7 ད་རྡོ་ལེབ་ཁར་ལ་བརྐོས་ཀ་འཆི་བ་ལ་བཀལ་གྱིན་ཆོས་ཁྲིམས་གོ་གཟི་བརྗིད་ལ་ཕེབས་ཏེ། འོ་དེ་གཟི་བརྗིད་དེ་ཡལ་རེ་འགྲོ་གིན་ཡིན་ན་དམི་ཅིག་གི་ཁྲ་ཆ་ཡི་བྱས་རེ། ཡིས་ར་ཨེལ་པ་ཀྱ་ཡིས་མོ་ཤེའི་ངོ་རོང་ལ་བལྟས་རེ་བསྡད་མ་ཐུབ་པ་ལགས།

8 ད་འོ་རེ་ཡིན་ན་དམ་པའི་ཐུགས་ཉིད་ཀྱི་ཕྱག་ལས་གོ་ཆོས་ཁྲིམས་ལས་ལྷག་གཟི་བརྗིད་ཆེ་མེད་ཡོང་གི་ལེ།

9 གི་བྱས་རེ་སྨྲ་ན་ཆད་པ་བཀལ་གྱིན་ཆོས་ཁྲིམས་གོ་གཟི་བརྗིད་ཆེ་འོད་ན། དྲང་བདེན་མཛད་ཀྱིན་གཏམ་བཟང་གོ་ཡོལ་ལེ་མང་ང་གཟི་བརྗིད་ཆེ་འོང་དགོས།

10 གི་བྱས་རེ་སྨྲ་ན་ཨེན་མ་གཟི་བརྗིད་ཆེ་བྱུང་འོད་ཀྱིན་གོ་ལ། ད་ལྟའི་གཟི་བརྗིད་དམི་ཅིག་གི་ཆེ་བྱུང་རེ་འོ་དེ་གཟི་བརྗིད་རྙིང་པ་གོ་ཡལ་བ་ལགས།

11 དེ་ནས་ཡལ་རེ་འགྲོ་གིན་གོ་གཟི་བརྗིད་ཀྱི་ཐོག་ནས་འོངས་བ་ཡིན་ན། གཏན་དུ་གནས་ཀྱིན་གོ་དོ་རང་འང་ལྷག་གཟི་བརྗིད་ཆེ་འོང་དགོས་གུ་ལགས།

12 འི་ཀི་རེ་བ་དེ་རེ་འོད་ཀྱིན་བྱས་རེ་འེ་ཀྱ་དམི་ཅིག་གི་བློ་ཁོག་བྱས་རེ་སྨྲིས་འོད།

13 ཡིས་ར་ཨེལ་པ་ཀྱ་ལ་ཡལ་རེ་འགྲོ་གིན་གཟི་བརྗིད་ཀྱི་མཐའ་གོ་ལྟ་རུ་མི་བཅུག་ཡས་ཀྱི་ཆེད་དུ། མོ་ཤེ་ཡིས་རང་གི་ངོ་རོང་གདོང་ཁེབས་ཀྱིས་བཀབ་ཀྱིན་ཅོག་རེ་འེ་ཀྱ་ཁོ་ཅོག་རེ་མ་ལགས།

14 ཡིན་ནའང་ཁོང་ཀྱ་ཡི་སེམས་གྱོང་ང་བྱུང་བ་ལགས། གི་བྱས་རེ་སྨྲ་ན་དི་རིང་ཉིན་མ་ཐུག་པའི་ཁོང་ཀྱ་དམ་བཅའ་རྙིང་པ་གོ་སྒྲོག་བ་རང་། འོ་དེ་རས་གོ་བཀབ་སྟེ་བསྡད་ད་ལགས། གི་བྱས་རེ་སྨྲ་ན་མཱ་ཤི་ཀའི་ཐོག་ནས་གཅིག་ཀ་འོ་དེ་ཞུ་ཐུབ་བ་ལགས།

15 དི་རིང་གི་ཉིན་མ་ཐུག་པའི་ཁོང་ཀྱ་མོ་ཤེའི་ཆོས་ཁྲིམས་ཀྱ་སྒྲོག་བ་རང་། རང་གི་སེམས་ཀྱ་རས་ཀྱིས་བཀབ་བ་ལགས།

16 ཡིན་ནའང་གཙོ་བོ་ཕྱོགས་ལ་སེམས་སྒྱུར་མཁན་ཀྱ་ཡི་སེམས་བཀབ་ཀ་གོ་བཤུ་བ་མཛད་ཀྱི་ལགས།

17 ད་གཙོ་བོ་ནི་ཐུགས་ཉིད་ལགས། དེ་ནས་གཙོ་བོའི་ཐུགས་ཉིད་ག་རུ་བཞུགས་བའི་འོ་དུ་རུ་རང་དབང་འོང་ང་ལགས།

18 དེ་ནས་འོ་རང་གདོང་ཁེབས་བཤུས་ཤ་ཀྱ་ཡིས་གཙོ་བོའི་གཟི་བརྗིད་ལ་མེ་ལོང་ཅོག་རེ་སྟོན་ད་ལགས། དེ་ནས་གཟི་བརྗིད་དེ་ལས་ལྷག་གཟི་བརྗིད་ཆེ་ལ་འོ་རང་ཀྱ་ཁོང་པ་ཅོག་རེ་འབྱུང་ཡས་ལ་འགྱུར་ཏེ་འགྲོ་བ་ལགས། གཟི་བརྗིད་དེ་ནི་ཐུགས་ཉིད་ཡིན་གྱིན་གཙོ་བོ་ནས་འོང་ང་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan