Biblia Todo Logo
Bìoball air-loidhne

- Sanasan -


༢ ཀོ་རིན་ཐུ་པ། 2 - གློ་བ།

1 ཁྱེད་ཀྱ་ལ་ལྡབ་ལེ་སེམས་སྐྱོ་རུ་མི་བཅུག་ཡས་ཀྱི་ཆེད་དུ། ང་ཡང་ཁྱེད་ཀྱ་རྩ་རུ་མེད་ཡོང་ཡས་ཀྱི་ཐག་བཅད་པའི།

2 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་སེམས་སྐྱོ་རུ་བཅུག་ན། ངའི་སེམས་སྐྱོ་རུ་བཅུག་ཅ་ཁྱེད་ཀྱ་ཡིས་མ་ན། གཞན་མ་སུས་ང་ལ་དགའ་རུ་བཅུག་ཡས།

3 ང་ཁྱེད་ཀྱ་རྩ་རུ་འོང་བའི་གང་ལ། ངའི་སེམས་དགའ་རུ་བཅུག་དགོས་ཡས་ཡིན་གྱིན་ཁྱེད་ཀྱ་ཡི་སེམས་སྐྱོ་རུ་མི་བཅུག་ཡས་ཀྱི་ཆེད་དུ། ངས་འོ་དེ་ལབ་ཀྱ་བྲིས་པའི། དེ་ནས་ངའི་དགའ་སྤྲོ་ནི་ཁྱེད་ཀྱ་གི་རིའི་དགའ་སྤྲོ་འབྱུང་གི་ལགས་སྨྲས་རེ། ཁྱེད་ཀྱ་གི་རི་ཁར་ལ་ངའི་ཡིད་ཆེས་བརྟན་པོ་འོད།

4 ངའི་སེམས་དམི་ཅིག་གི་སྐྱོ་རེ་སྡུང་ང་བྱས་རེ་མཆི་མ་བཏང་རེ་ངས་ཁྱེད་ཀྱ་ལ་འོ་དེ་ཡིག་དེ་བྲིས་པ་ཡིན། དེ་ནས་དེ་ནི་ཁྱེད་ཀྱ་ཡི་སེམས་སྐྱོ་རུ་བཅུག་ཡས་ཀྱི་ཆེད་དུ་མིན་ད། ཡིན་ནའང་ངས་ཁྱེད་ཀྱ་ལ་དམི་ཅིག་གི་བརྩེ་བ་བྱེད་ཀྱིན་གོ་ཁྱེད་ཀྱ་ཡིས་ཧ་གོ་ཡས་ཀྱི་ཆེད་དུ་བྲིས་པ་ཡིན།


སྡིག་ཅན་ལ་དགོངས་ཡངས་བཏང་ཡས་ཀྱི་སྐོར།

5 ད་མི་གཅིག་གིས་སེམས་སྐྱོ་རུ་བཅུག་འོད་ན། ཁོས་ངའི་སེམས་སྐྱོ་རུ་བཅུག་པ་མ་ལགས། ཡིན་ནའང་ཅེ་གཅིག་ཡིན་ན་ཁྱེད་ཀྱ་གི་རིའི་སེམས་སྐྱོ་རུ་བཅུག་པ་ལགས། དེ་ནས་ང་དེ་ལས་ལྷག་སྤར་ཏེ་མེད་སྨྲ།

6 ཁྱེད་ཀྱ་ནས་མང་ཆེའི་ཐོག་ནས་ཁོ་ལ་ཕོག་པ་ཆད་པ་གོ་འགྲིག་ཡས་འདུག།

7 འོ་བྱས་རེ་ཁོ་དམི་ཅིག་གི་སེམས་སྐྱོ་རེ་མེད་ཕམ་ཡས་ཀྱི་ཕྱིར་ལ། ཁྱེད་ཀྱ་ཡིས་ཁོ་ལ་དགོངས་ཡངས་སྟེར་ཏེ་སེམས་གསོ་སྤོར་དགོས།

8 འོ་བྱས་རེ་ཁྱེད་ཀྱ་ཡིས་འོ་དེ་མི་ལ་བྱམས་པ་བྱེད་ཀྱིན་གོ་གསལ་བོ་སྟོན་སྨྲས་རེ་ང་ཁྱེད་ཀྱ་ལ་སྐུལ་ལ་ཡིན།

9 ཁྱེད་ཀྱ་ལ་བརྟག་དཔྱད་བྱེད་ཡས་དང་གནས་ཚུལ་གི་རི་ལ་ཁྱེད་ཀྱ་ངའི་ཁ་ལ་མཉན་འདིག་མེད་མཉན་འདིག་སྨྲས་རེ་ཚོད་བྱེད་ཡས་ངས་ཁྱེད་ཀྱ་ལ་ཡིག་བྲིས་པའི།

10 ཁྱེད་ཀྱ་ཡིས་སུ་ལ་དགོངས་ཡངས་སྟེར་རི། ངའང་འོ་དེ་ལ་དགོངས་ཡངས་སྟེར་ར་ཡིན། དེ་ནས་ལབ་ག་རེ་གཅིག་ཡིན་ན། ངས་དགོངས་ཡངས་སྟེར་འོད་ན། འོ་དེ་ངས་ཁྱེད་ཀྱ་ཡི་ཆེད་དུ་རང་མཱ་ཤི་ཀའི་དྲུང་དུ་དགོངས་ཡངས་སྟེར་པའི།

11 དེ་ནི་བདུད་སཱ་ཏན་གྱིས་འོ་རང་ལ་མགོ་སྐོར་མེད་བཏང་ཡས་ཀྱི་ཆེད་དུ་བྱས་བ་ལགས། གི་བྱས་རེ་སྨྲ་ན་ཁོའི་ཇུས་ཀྱ་ཡི་སྐོར་ལ་འོ་རང་གིས་མེད་ཤེས་ཀྱིན་མ་ལགས།


དམ་བཅའ་གསར་པའི་ཞབས་ཏོག་པ་ཀྱ།

12 ད་མཱ་ཤི་ཀའི་གཏམ་བཟང་བཤད་ཡས་ལ་ང་ཏོ་རོ་ཨཱས་རུ་སླེབས་བ་རང་། གཙོ་བོས་ངའི་ཆེད་དུ་གོ་སྐབས་གཅིག་གནང་ང་མཛད་སོང་།

13 ཡིན་ནའང་འོ་དུ་རུ་ངས་སྤུན་ཏི་ཏོས་ལ་མ་ཐུག་པ་ངའི་སེམས་སྐྱི་ད་མ་བྱུང་སོང་། འོ་བྱས་རེ་ང་ཁོང་ཀྱ་ནས་དགོངས་པ་ཞུས་རེ་མ་ཀེ་དོན་ཡཱ་རུ་སོང་བའི།

14 ཡིན་ནའང་མཱ་ཤི་ཀའི་ནང་འོ་རང་ལ་ཙོག་བའི་རྒྱལ་ཁ་འཐོབ་ཡས་ཀྱི་ཆེད་དུ་འཁྲིད་བ་མཛད་ཀྱིན་དང་། ཁོང་པ་ལ་ངོ་ཤེས་ཀྱིན་གྱི་དྲི་བཟང་གོ་འོ་རི་ཐོག་ནས། ཕྱོགས་གི་རི་རུ་ཁྱབ་བ་མཛད་ཀྱིན་ཁོང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ།

15 གི་བྱས་རེ་སྨྲ་ན་ཐར་པ་ཐོབ་ཡས་ཡིན་མཁན་དང་། མེད་ད་ལ་འགྲོ་ཡས་ཡིན་མཁན་ཀྱ་ཡི་ཁོག་ཏུ། འོ་རང་ཀྱ་དཀོན་མཆོག་གི་ཆེད་དུ་མཱ་ཤི་ཀའི་དྲི་བཟང་གཅིག་ལགས།

16 དྲི་བཟང་དེ་གཅིག་གིས་ཕྱིར་ལ་འཆི་བའི་དྲི་མ་ངན་པ་དང་། གཞན་མའི་ཕྱིར་ལ་ཚེའི་དྲི་བཟང་ལགས། ད་དེ་རེ་ལས་ཀ་སུས་བྱེད་ཐུབ་བ་ལེ།

17 གི་བྱས་རེ་སྨྲ་ན་མི་མང་ཆེ་ཅོག་རེ་འེ་ཀྱ་དཀོན་མཆོག་གི་བཀའ་རང་ལ་ཁེ་སང་འོང་ཡས་ཀྱི་ཆེད་དུ་མེད་བཤད་འོད། ཡིན་ནའང་དཀོན་མཆོག་གི་མངགས་མཛད་ཛ་མི་དྲང་པོ་ཀྱ་ཅོག་རེ། འེ་ཀྱ་དཀོན་མཆོག་གི་དྲུང་དུ་མཱ་ཤི་ཀའི་ནང་གཏམ་བཟང་བཤད་ད་ཡིན།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan