༢ ཀོ་རིན་ཐུ་པ། 13 - གློ་བ།མཐའ་མའི་ཉེན་བརྡ། 1 ད་ཐེངས་གསུམ་པ་ང་ཁྱེད་ཀྱ་རྩ་རུ་འོང་ཡས་ཡིན། སྐྱོན་བཅུག་ག་རེ་ཡིན་ན་དཔང་པོ་གཉིས་ཡང་ན་གསུམ་གྱི་སྒོ་ནས་ཁུངས་བསྐྱལ་དགོས་གུ་ལགས། 2 ཐེངས་གཉིས་བ་གོ་ལ་ང་ཁྱེད་ཀྱི་གུང་དུ་འོད་ད་རང་། ངས་ཁྱེད་ཀྱ་ལ་ཉེན་བརྡ་བཏང་ཏ་ཅོག་རེ་ད་ང་ཁྱེད་ཀྱི་གུང་དུ་མེད་དེ་གང་ལའང་། ང་ཁྱེད་ཀྱ་ལ་ད་ལྟ་ཉེན་བརྡ་སྟེར་ར་ཡིན། ང་ལྡབ་ལེ་འོང་ང་རང་ཨེན་མ་ཁྱེད་སྡིག་པ་བྱེད་མཁན་ཀྱ་དང་གཞན་མ་སུ་ལའང་ང་བཟོད་པ་མི་བྱེད། 3 གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡིས་ངའི་ཐོག་ནས་བཀའ་སྨོན་གསུངས་ཀྱིན་གྱི་དཔང་པོ་གོ་ཁྱེད་ཀྱ་བཙལ་ལ་ལགས། དེ་ནས་ཁྱེད་ཀྱི་མུ་ལ་འབྲེལ་བ་མཛད་ད་རང་ཁོང་པ་སྐྱོ་བ་མེད་ད་ལགས། ཡིན་ནའང་ཁྱེད་ཀྱི་གུང་དུ་ཁོང་པ་ཤུགས་ཆེ་འོད་ད་ལགས། 4 གི་བྱས་རེ་སྨྲ་ན་ཁོང་པ་སྐྱོ་བ་འོད་ད་རང་རྒྱང་ཤིང་ལ་བརྐྱངས་པ་ལགས། ཡིན་ནའང་དཀོན་མཆོག་གི་ནུས་མཐུའི་ཐོག་ནས་ཁོང་པ་གསོན་པ་ལགས། དེ་རེ་རང་བྱས་རེ་འེ་ཀྱ་ཁོང་པ་ཡི་ནང་སྐྱོ་བ་འོད། ཡིན་ནའང་ཁྱེད་ཀྱི་མུ་ལ་འབྲེལ་བ་བྱེད་ཡས་ལ། འེ་ཀྱ་དཀོན་མཆོག་གི་ནུས་མཐུའི་ཐོག་ནས་འེ་ཀྱ་ཁོང་པ་མུ་ལ་རང་གསོན་པོ་གནས་ཀྱི་ལགས། 5 རང་གི་དད་པ་ལ་ཁྱེད་ཀྱ་གནས་འདུག་བའི། ཡང་ན་མི་འདུག་བའི་སྨྲས་རེ་རང་ལ་བརྟག་དཔྱད་བྱེད། རང་ལ་ཚོད་ལྟ་བྱེད། ཚོད་ལྟ་ལ་མེད་ཐར་ན་ཡེ་ཤུ་མཱ་ཤི་ཀ་ཁྱེད་ཀྱི་ནང་གནས་ཀྱིན་གོ་ཁྱེད་ཀྱ་ཡིས་ཤེས་གུ་མ་ལགས་སེ། 6 དེ་ནས་འེ་ཀྱ་མེད་ཐར་གྱིན་གོ་ཁྱེད་ཀྱིས་ཤེས་ཀྱི་ལགས་སྨྲས་རེ་ངའི་རེ་བ་འོད། 7 ཁྱེད་ཀྱ་ཡིས་ལས་ཀ་ངན་པ་གིའང་མི་བྱེད་ད་ཤོག་སྨྲས་རེ། འེ་ཀྱ་དཀོན་མཆོག་ལ་སྨོན་ལམ་ཞུས་འོད། དེ་ནི་འེ་ཀྱ་ཚོད་ལྟ་ནས་ཐར་ཐ་ཅོག་རེ་མཐོང་ཡས་ཀྱི་ཆེད་དུ་མ་ལགས། ཡིན་ནའང་འེ་ཀྱ་ཚོད་ལྟ་ལ་མེད་ཐར་གྱིན་གོ་མཐོང་ནའང་། ཁྱེད་ཀྱ་ཡིས་བཟང་ང་གི་ཡིན་གྱིན་གོ་བྱེད་ད་ཤོག་སྨྲས་རེ་ལགས། 8 གི་བྱས་རེ་སྨྲ་ན་བདེན་པ་ལ་བརྒལ་རེ་འེ་ཀྱ་གིའང་བྱེད་མི་ཐུབ་བ་ལགས། ཡིན་ནའང་བདེན་པའི་ཆེད་དུ་གཅིག་ཀ་བྱེད་ཐུབ་བ་ལགས། 9 དེ་ནས་འེ་ཀྱ་སྐྱོ་བ་བྱུང་ང་རང་། ཡིན་ནའང་ཁྱེད་ཀྱ་ཤུགས་ཆེ་བྱུང་ང་རང་། འེ་ཀྱ་ཉམ་མོ་དགའི་འོད། དེ་ནས་ཁྱེད་ཀྱི་ཡར་སྐྱེ་ཡི་ཆེད་དུ་འེ་ཀྱ་སྨོན་ལམ་བརྒྱབ་བའི་འོད། 10 གཙོ་བོས་ང་ལ་གནང་ན་དབང་ཆ་དེ་ང་ཁྱེད་ཀྱི་རྩ་རུ་འོང་ང་རང་། རྩུབ་བ་བྱས་རེ་བེད་སྤྱོད་བྱེད་མེད་དགོས་ཡས་ཀྱི་ཕྱིར་ལ། ང་ཁྱེད་ཀྱ་གུང་དུ་མེད་ད་རང་། དེ་ལབ་ཀྱ་འབྲི་བ་ཡིན། དབང་དེ་ནི་ཁྱེད་ཀྱ་ལ་གཏོར་ཡས་ལ་མིན་ད། ཁྱེད་ཀྱ་ལ་ཡར་རྒྱས་བཏང་ཡས་ཀྱི་ཆེད་དུ་ང་ལ་གནང་བ་ལགས། མཐའ་མའི་འཚམས་འདྲི། 11 མཐའ་ལ་སྤུན་ཀྱ་བོ། བཀྲ་ཤིས་བར་ཤོག། ཕུན་སུམ་ཚོགས་པ་འབྱུང་ཡས་ཀྱི་ཆེད་དུ་དམིགས་ཡུལ་ཞོག། དེ་ནས་གཅིག་གིས་གཅིག་ལ་སེམས་གསོ་སྤོར། ཕུན་སུམ་མུ་ལ་མཐུན་ཏེ་སོང་། དེ་ནས་ཞི་བདེ་ལ་སྡོད། དེ་ནས་བྱམས་པ་དང་ཞི་བདེའི་དཀོན་མཆོག་ཁྱེད་ཀྱི་མུ་ལ་བཞུགས་ཀྱི་ལགས། 12 གཅིག་གིས་གཅིག་ལ་དམ་པའི་འོ་ཡིས་འཚམས་འདྲི་ཞུས། 13 དམ་པའི་མི་གི་རི་ཡིས་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། 14 གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་དང་། དཀོན་མཆོག་གི་བྱམས་པ་དང་། དམ་པའི་ཐུགས་ཉིད་ཀྱི་མཉམ་འབྲེལ་ཁྱེད་ཀྱ་གི་རི་མུ་ལ་འོང་བར་ཤོག།།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.