༢ ཀོ་རིན་ཐུ་པ། 12 - གློ་བ།པའུ་ལུའི་མཐོང་སྣང་དང་ཁོའི་ཚེར་མའི་སྐོར་ལ། 1 ངས་ངོམ་གསོ་བྱེད་རང་དགོས་གུ་ལགས། དེ་ནས་ང་ལ་ཕན་ཡས་གིའང་མེད་ན། གཙོ་བོ་ནས་ཐོབ་ཐ་མཐོང་སྣང་ཀྱ་དང་གསལ་སྟོན་ཀྱ་ཡི་སྐོར་ལ་ང་བཤད་ཡས་ཡིན། 2 ལོ་བཅུ་བཞི་ཨེན་ལ་ནམ་མཁའི་ཞིང་ཁམས་གསུམ་པ་རུ་ཁྲིད་ཁྲ། མཱ་ཤི་ཀ་ལ་དད་པ་བྱེད་ཀྱིན་མི་གཅིག་ངས་ངོ་ཤེས་ལི་འོད། ཁོ་ལུས་ལ་ཡང་ན་སེམས་ཉིད་ལ་ཁྲིད་ཀྱིན་གོ་ངས་མེད་ཤེས་འོད། ཡིན་ནའང་དཀོན་མཆོག་མཁྱེན་མཛད་ད་ལགས། 3 འོ་དེ་མི་གོ་ནམ་མཁའི་ཞིང་ཁམས་ལ་ཁྲིད་ཀྱིན་གོ་ང་ལ་ཤེས་ཡས་འོད། ཡིན་ནའང་ལུས་ལ་ཡང་ན་སེམས་ཉིད་ལ་ཡིན་གྱིན་གོ་ང་ལ་ཤེས་ཡས་མེད། འོ་དེ་དཀོན་མཆོག་གིས་མཁྱེན་མཛད་ད་ལགས། 4 དེ་ནས་འོ་དུ་རུ་ཁོས་ཚིག་ལ་སྟོན་མི་ཐུབ་ཀྱིན་ལབ་ཀྱ་གོ་པ་ལགས། དེ་ནས་འོ་དེ་ནི་མི་སུའི་སྨྲ་མེད་ཆོག་བ་ལགས། 5 འོ་དེ་མིའི་ཕྱིར་ལ་ང་ངོམ་གསོ་བྱེད་ད་ཡིན། ཡིན་ནའང་ང་རང་གི་ཆེད་དུ་ང་ང་རི་སྐྱོ་བ་ཀྱ་ཡི་སྐོར་ལ་མ་ན་གཞན་མ་ལ་ངོམ་གསོ་བྱེད་ཡས་མིན། 6 ང་ངོམ་གསོ་རང་བྱེད་ཉིད་འདོད་འོད་ན་ང་ལྐུགས་པ་བྱུང་གི་མ་ལགས། གི་བྱས་རེ་སྨྲ་ན་ངའི་བདེན་པ་གོ་རང་བཤད་ཀྱི་ལགས། ཡིན་ནའང་མི་སུའི་ངའི་ནང་མཐོང་གིན་དང་ང་ནས་གོ་གིན་ནས་ལྷག། ང་ལ་མ་བསམ་མ་ཤོག་སྨྲས་རེ་ང་ངོམ་གསོ་བྱེད་ཡས་ནས་རང་ལ་བཀག་བའི་འོད། 7 ང་ལ་མངོན་གྱིན་གསལ་སྟོན་གོ་རྒྱ་ཆེ་བྱས་རེ་ང་རང་ལ་དམི་ཅིག་གི་ཆེ་མ་རྩི་བ་ཤོག་སྨྲས་རེ། ངའི་ལུས་ལ་ཚེར་མ་གཅིག་གནང་སོང་། དེ་ནས་དེ་ནི་ང་ལ་སྡུག་པོ་བཏང་ཡས་ལ་བདུད་སཱ་ཏན་གྱི་བང་ཆེན་གཅིག་ལགས། 8 དེ་ང་ནས་འབྲལ་ལ་ཤོག་སྨྲས་རེ་ངས་ཐེངས་མ་གསུམ་ཐུག་པའི་གཙོ་བོ་ལ་ཞུ་བ་ཕུལ་བའི། 9 ཡིན་ནའང་ཁོང་པ་ཡིས་ང་ལ་གསུངས་སོང་། ངའི་ཐུགས་རྗེ་ཁྱོའི་ཆེད་དུ་ཚང་ཡས་འོད། གི་བྱས་རེ་སྨྲ་ན་ངའི་ནུས་མཐུ་ནི་སྐྱོ་བའི་ནང་ལ་ཚང་གོ་བྱུང་ང་ལགས། འོ་བྱས་རེ་མཱ་ཤི་ཀའི་ནུས་མཐུ་ངའི་ནང་དུ་གནས་ལ་ཤོག་སྨྲས་རེ། ང་ང་རི་ཐབས་སྐྱོ་བ་གོ་ལ་ཡོལ་ལེ་དགའ་སྤྲོ་བྱས་རེ་ངོམ་གསོ་བྱེད་ཡས་ཡིན། 10 འོ་བྱས་རེ་མཱ་ཤི་ཀའི་ཆེད་དུ་ང་ཐབས་སྐྱོ་བ་ཀྱ་དང་། དམའ་འབེབས་ཀྱ་དང་། དཀའ་ངལ་ཀྱ་དང་། སྡུག་སྦྱོང་ཀྱ་དང་། གག་བ་ཀྱ་གང་ལ་འདོད་པ་ཁངས་རེ་བསྡད་འདིག་འོད། གི་བྱས་རེ་སྨྲ་ན་ང་སྐྱོ་བ་འོད་ད་རང་ང་ཤུགས་ཆེ་འོད། ཀོ་རིན་ཐུ་པ་ཀྱ་ཡི་ཆེད་དུ་པའུ་ལུའི་སེམས་ཁྲལ། 11 ང་ལྐུགས་པ་བྱུང་འོད། དེ་རེ་བྱེད་ཡས་ལ་ཁྱེད་ཀྱིས་ང་ལ་ཨུ་ཚུགས་བྱེད་དུ་བཅུག་སོང་། ཁྱེད་ཀྱ་ནས་ང་ལ་བསྟོད་སྒྲ་ཐོབ་དགོས་ཡས་འོད། གི་བྱས་རེ་སྨྲ་ན་ང་གི་གཅིག་འང་མེན་ནའང་། ཁག་ཆེ་སྐུ་ཚབ་ཀྱ་ནས་ང་དམའ་བ་མིན། 12 ཁྱེད་ཀྱ་ཡི་གུང་དུ་སྐུ་ཚབ་དངོས་གནས་ཀྱི་རྟགས་ཀྱ་ངས་བཟོད་པ་ཆེ་བྱས་རེ་རྟགས་ཀྱ་དང་། ཧང་སང་གིན་ཀྱ་དང་། ནུས་མཐུ་ཀྱ་ཡི་ལས་ཀ་ཀྱ་ཡི་ཐོག་ནས་སྟོན་པ་ལགས། 13 གཞན་མ་ཆོས་ཚོགས་ཀྱ་ནས་ཁྱེད་ཀྱ་ལ་ངས་གིན་གྱི་ཐོག་ལ་དམའ་བ་བརྩིས་སོ། ང་ཁྱེད་ཀྱི་ཆེད་དུ་གག་བ་མ་བྱུང་། དེ་ནོར་འཁྲུལ་གྱི་ཆེད་དུ་ང་ལ་དགོངས་པ་སྟེར། 14 ད་ང་ཁྱེད་ཀྱི་རྩ་རུ་ཐེངས་མ་གསུམ་པ་གོ་འོང་ཡས་ལ་གྲ་སྒྲིག་འོད། དེ་ནས་ང་ཁྱེད་ཀྱི་ཆེད་དུ་གག་བ་འབྱུང་ཡས་མིན། གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱི་རྒྱུ་ནོར་མིན་ད་ཁྱེད་ཀྱ་ལ་བཙལ་ལ་ཡིན། གི་བྱས་རེ་སྨྲ་ན་ཕྲུ་བ་ཡིས་ཕ་མའི་ཆེད་དུ་མིན་ད། ཕ་མས་ཕྲུ་བའི་ཆེད་དུ་རྒྱུ་བསགས་དགོས་བ་ལགས། 15 དེ་ནས་ང་ཁྱེད་ཀྱ་ཡི་ཆེད་དུ་དགའ་སྤྲོ་ཀྱི་སྒོ་ནས་ང་ལ་འོད་ཀྱིན་གི་རི་དང་། ང་རང་རང་ལ་འབུལ་ཡས་ཡིན། ངས་ཁྱེད་ཀྱ་ལ་བརྩེ་བ་མང་ང་བྱེད་ན། ང་ལ་བརྩེ་བ་ཉུང་ང་ཐོབ་གུ་ལགས་སེ། 16 དེ་ནས་ངས་ཁྱེད་ཀྱ་ལ་གག་བ་མ་བཟོས་སྨྲས་རེ་ཁྱེད་ཀྱ་ཆ་བཞག་ལགས། ཡིན་ནའང་རིང་འགའ་ཀྱ་ཡིས་ངས་ཁྱེད་ཀྱ་ལ་སྤྱང་གྱུ་བྱས་རེ་མགོ་སྐོར་པ་ལགས་སྨྲས་རེ་བསམས་མ་ལགས། 17 ངས་ཁྱེད་ཀྱ་རྩ་རུ་བརྫངས་ཛ་མི་ཀྱ་ཡི་ཐོག་ནས་ཁྱེད་ཀྱ་ནས་ཁེ་བཟང་ལེན་སེ། 18 ངས་ཏི་ཏོས་ལ་ཁྱེད་ཀྱི་རྩ་རུ་འགྲོ་ཡས་ལ་ལྕག་བརྒྱབ་སྟེ་ཁོའི་མུ་ལ་སྤུན་གཅིག་ལ་བརྫངས་བའི། ད་ཏི་ཏོས་ཀྱིས་ཁྱེད་ཀྱ་ནས་ཁེ་བཟང་རེ་བཟས་སེ། འེ་གཉིས་བོ་སེམས་ཉིད་གཅིག་དང་སྤྱོད་ལམ་གཅིག་གི་སྒོ་ནས་མ་རྒྱུག་སེ། 19 ད་ལྟ་ཐུག་པའི་འེ་ཀྱ་ཁྱེད་ཀྱི་གདོང་དུ་རང་གི་སྐྱོན་མེད་ཀྱིན་གྱི་སྐོར་ལ། གསལ་བཤད་བྱེད་ཀྱིན་གོ་ཁྱེད་ཀྱ་བསམས་མ་ལེ། འེ་ཀྱ་ནི་མཱ་ཤི་ཀའི་ནང་དཀོན་མཆོག་གི་དྲུང་དུ་སྨྲིས་འོད། གཅེས་བའི་ཀྱ་བོ། དེ་གི་རི་ཁྱེད་ཀྱ་ལ་ཡར་རྒྱས་བཏང་ཡས་ཀྱི་ཆེད་དུ་ལགས། 20 གི་བྱས་རེ་སྨྲ་ན་ང་འོངས་ང་རང་ངས་འདོད་ཀྱིན་ཅོག་རེ་ཁྱེད་ཀྱ་མེད་ཀྱིན་དང་། ཁྱེད་ཀྱི་འདོད་ཀྱིན་ཅོག་རེ་ང་མེད་ཀྱིན་གོ་ཐུག་གྲོ་སྨྲས་རེ་ང་འཇིགས་བའི། གཅིག་བྱེད་ན་འོ་དུ་རུ་སྡུག་ཀ་དང་། ཕྲག་དོག་དང་། ཁོང་ཁྲོ་དང་། རང་འདོད་དང་། དམའ་འབེབས་དང་། ཕྲ་མ་དང་། ང་རྒྱལ་དང་། རྙོག་དྲ་ཀྱ་འབྱུང་འོང་། 21 ང་ཡང་འོང་བའི་གང་ལ་ཁྱེད་ཀྱི་གུང་དུ་ངའི་དཀོན་མཆོག་གིས་ང་ལ་དམའ་བ་མཛད་གྲོ་སྨྲས་རེ་ང་འཇིགས་བའི། དེ་ནས་མི་མང་ང་ཡིས་ཨེན་མ་བྱས་བྱ་སྡིག་པ་ཀྱ་དང་། ཁོང་ཀྱ་ཡིས་བྱས་བྱ་མེད་གཙང་ང་དང་། ལོག་གཡེམ་དང་། འདོད་ཆགས་ནས་འགྱོད་པ་མི་བྱེད་ད་མི་འགྱུར་གྱིན་གོ་ལ་ང་སེམས་སྐྱོ་དགོས་གྲོ།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.