༢ ཀོ་རིན་ཐུ་པ། 11 - གློ་བ།པའུ་ལུ་དང་སྐུ་ཚབ་ཟོག་པོ་ཀྱ་ཡི་སྐོར་ལ། 1 ངས་ཅི་མེ་གཅིག་གླེན་ད་བྱེད་ཀྱིན་གོ་ལ་ཁྱེད་ཀྱ་བཟོད་པ་སྒོམ་ན་སྒྲིག་ཡས་འདུག། བཟོད་པ་སྒོམ་རོགས་བྱེད་སྨྲས་རེ་ང་ཞུ་བ་ཡིན། 2 དཀོན་མཆོག་གི་ལད་མོ་ང་ཁྱེད་ཀྱ་ཡི་ཆེད་དུ་ཕྲག་དོག་བྱེད་འདིག་འོད། གི་བྱས་རེ་སྨྲ་ན་ཁྱོ་ག་གཅིག་གཅིག་ཀ་ཡིན་གྱིན་མཱ་ཤི་ཀའི་ཆེད་དུ། ངས་ཁྱེད་ཀྱ་ལ་ན་ཆུང་མ་གཙང་མ་གཅིག་ཅོག་རེ་མནའ་མ་ལ་འབུལ་ཡས་གོ་ངས་ཆོད་དམ་བྱས་བའི། 3 ཡིན་ནའང་སྦྲུལ་གྱིས་རང་གི་སྤྱང་གྱུ་ཐོག་ནས་ཧ་ཝ་ལ་བསླུས་ཀྱིན་ཅོག་རེ། མཱ་ཤི་ཀའི་ཆེད་དུ་ཁྱེད་ཀྱ་ཡི་སེམས་དྲང་པོ་དང་། གཙང་མའི་ཐོག་ནས་དམ་ཚིག་འོད་ཀྱིན་གོ་ནས་ཁྱེད་ཀྱ་ཡི་བསམ་བློ་ཀྱ་བསླུ་གྲོ་སྨྲས་རེ་ང་འཇིགས་བའི། 4 གི་བྱས་རེ་སྨྲ་ན་མི་རིང་འགའ་འོངས་རེ་འི་ཀིས་གསལ་བསྒྲགས་བྱས་བྱ་ཡེ་ཤུ་མིན་ད། གཞན་མ་གཅིག་གསལ་བསྒྲགས་བྱེད་ན། ཡང་ན་ཁྱེད་ཀྱ་ཡི་ཐོབ་ཐ་ཐུགས་ཉིད་མིིན་ད། སེམས་ཉིད་གཞན་མ་ཁྱེད་ཀྱ་ཡིས་ཁས་ལེན་ན། ཡང་ན་ཁྱེད་ཀྱ་ལ་ཐོབ་ཐ་གཏམ་བཟང་ནས་གཞན་མ་གཏམ་བཟང་ཁྱེད་ཀྱ་ཡིས་ཁས་ལེན་ན། ཁྱེད་ཀྱ་དེ་གི་རིའི་འོག་ལ་ལས་སླ་མོ་མ་ཆུད་ད་ལགས། 5 ངའི་བསམ་བློ་ལ་ང་རྩ་ཆེ་སྐུ་ཚབ་ཀྱ་ནས་གིན་གྱི་ཐོག་ནས་འང་དམའ་ཤོས་མེད། 6 ང་ལབ་བཏང་ཡས་ལ་མཁས་བ་མེད་ན། ང་ལ་ཤེས་ཡོན་མེད་ཚང་གིན་མེད། དེ་ནས་འདི་དོན་གི་རི་ལ་འི་ཀིས་ཁྱེད་ཀྱ་ལ་གསལ་བོ་སྟོན་འོད། 7 ངས་རང་ལ་དམའ་བ་བཟོས་རེ་ཁྱེད་ཀྱ་ལ་ཡར་ལ་བཀྱག་ཡས་ལ། དཀོན་མཆོག་གི་གཏམ་བཟང་རིན་མེད་ལེན་ད་བཤད་དེ་ངས་སྡིག་པ་བྱས་བ་ལགས་སེ། 8 ངས་ཁྱེད་ཀྱ་ལ་ཞབས་ཏོག་འབུལ་ཡས་ཀྱི་ཆེད་དུ་ཆོས་ཚོགས་གཞན་མ་ཀྱ་ནས་ཞལ་འདེབས་ལེན་ཏེ། ངས་འོ་དེ་ཆོས་ཚོགས་ཀྱ་ནས་ཕྲོགས་ཀྱིན་ཅོག་རེ་བྱུང་སོང་། 9 ང་ཁྱེད་ཀྱ་མུ་ལ་འོད་དེ་གང་ལ་ང་ལ་མཁོ་ཆས་རེ་དགོས་ལི་གང་ལ། ང་སུའི་ཆེད་དུའང་གག་བ་མ་བྱུང་། གི་བྱས་རེ་སྨྲ་ན་མ་ཀེ་དོན་ཡཱ་ནས་འོངས་བ་སྤུན་ཀྱ་ཡིས་ང་ལ་དགོས་ཀྱིན་གོ་སྟེར་སོང་། འོ་བྱས་རེ་གིན་གྱི་ཐོག་ནས་ཡིན་ན། ཁྱེད་ཀྱ་ལ་དཀའ་ལས་མེད་བཟོ་ཡས་ཀྱི་ཆེད་དུ་ངས་རང་ལ་བཀག་པའི། དེ་ནས་མ་འོང་པར་ལ་བཀག་ཡས་ཡིན། 10 དེ་ནས་ངས་ངོམ་གསོ་བྱེད་ཀྱིན་དེ་མཱ་ཤི་ཀའི་བདེན་པ་གོ་ངའི་སེམས་ནང་ལ་འོད་ཀྱིན་ཐུག་པའི། ཨ་ཀ་ཡི་ཡཱ་ཡུལ་ཕྱོགས་དུ་སུས་འང་བཀག་མི་ཐུབ་ཀྱི་ལགས། 11 ངས་དེ་རེ་གི་བྱས་རེ་བྱེད་ད་ལེ། ངས་ཁྱེད་ཀྱ་ལ་བརྩེ་བ་མེད་ཀྱིན་བྱས་རེ་ལགས་སེ། ངས་ཁྱེད་ཀྱ་ལ་བརྩེ་བ་འོད་ཀྱིན་གོ་དཀོན་མཆོག་མཁྱེན་ད་ལགས། 12 ཡིན་ནའང་ང་ད་ལྟ་གི་བྱེད་ཀྱིན་གོ་མུ་མཐུད་ནས་བྱས་རེ་བསྡད་ཡས་ཡིན། དེ་རེ་བྱེད་ན། ཁོང་ཀྱ་ཡི་ལས་ཀ་གོ་འི་ཀི་ལས་ཀ་ཅོག་རེ་འདྲ་འདྲ་ཡིན་སྨྲས་རེ་ངོམ་གསོ་བྱེད་ཡས་ལ། གོ་སྐབས་བཙལ་མཁན་ཀྱ་ལ་བཀག་གི་ལགས། 13 གི་བྱས་རེ་སྨྲ་ན་དེ་རེ་མི་ཀྱ་སྐུ་ཚབ་ཟོག་པོ་ཀྱ་དང་སླུ་ཁྲིད་ཀྱི་ལས་ཀ་བྱེད་ཀྱིན་ཀྱ་དང་། མཱ་ཤི་ཀའི་སྐུ་ཚབ་ཡིན་དོག་དོག་བྱེད་མཁན་ཀྱ་ལགས། 14 དེ་ནས་དེ་ཧང་སང་གིན་ལབ་མ་ལགས། གི་བྱས་རེ་སྨྲ་ན་བདུད་སཱ་ཏན་གྱིས་འང་། རང་ལ་འོད་ཀྱི་བང་ཆེན་ཡིན་དོག་དོག་བྱེད་ད་ལགས། 15 འོ་བྱས་རེ་ཁོའི་གཡོག་པོ་ཀྱ་ཡི་དྲང་བདེན་གྱི་གཡོག་པོ་ཀྱ་ཅོག་རེ་ཡིན་དོག་དོག་བྱེད་ན། དེ་ཧང་སང་གིན་ལབ་མ་ལགས། ཁོང་ཀྱ་ལ་ཁོ་རི་ལས་ཀ་ཅོག་རེ་རང་འབྲས་བུ་ཐོབ་ཀྱི་ལགས། པའུ་ལུའི་དཀའ་བསྔལ། 16 ང་ཡང་ད་སྨྲ་ཡིན། སུས་འང་ང་ལ་གླེན་ད་མ་རྩི་ལ་ཤོག། ཡིན་ནའང་ཁྱེད་ཀྱ་ཡིས་ང་ལ་འོ་རེ་བསམས་མའི་འོད་ན། ངའང་ཅི་མེ་ངོམ་གསོ་བྱེད་ཡས་ལ་ང་ལ་གླེན་ད་རང་བརྩིས་རེ་ཁས་ལེན་བྱེད། 17 ང་དེ་རེ་ངོམ་གསོ་བྱེད་ཡས་ཡིན་སྨྲ་གིན་དེ་གཙོ་བོ་ནས་མིན་ད། ང་གླེན་ད་ཅོག་རེ་ལབ་བཏང་ང་ཡིན། 18 མི་མང་ཆེ་ཡིས་འཇིག་རྟེན་གྱི་ལུགས་སྲོལ་ལ་བརྟེན་ཏེ་རང་བསྟོད་བྱེད་ཀྱིན་བྱས་རེ། ངའང་རང་བསྟོད་བྱེད་ཡས་ཡིན། 19 ཁྱེད་ཀྱ་ནི་དམི་ཅིག་གི་མཁས་བ་བྱུང་རེ་གླེན་ད་ཀྱ་ལ་ཉམ་མོ་དགྱེས་རེ་བཟོད་སྒོམ་བྱེད་འདིག། 20 གི་བྱས་རེ་སྨྲ་ན་མི་ཀྱ་ཡིས་ཁྱེད་ཀྱ་ལ་གཡོག་པོ་བཟོ་ན། ཡང་ན་ཁྱེད་ཀྱ་ལ་འོད་ཀྱིན་གི་རི་འཕྲོག་ན། ཡང་ན་ཁྱེད་ཀྱ་ནས་ཁེ་བཟང་ལེན་ན། ཡང་ན་ཁྱེད་ཀྱ་ལ་བརྙས་བཅོས་བཤད་ན། ཡང་ན་ཁྱེད་ཀྱི་འགྲམ་པ་ལ་འགྲམ་ལྕག་བཞུས་ནའང་། ཁྱེད་ཀྱ་བཟོད་པ་བྱེད་འདིག། 21 དེ་རེ་ལས་ཀ་ཀྱ་བྱེད་ཡས་ལ་འེ་ཀྱ་དམི་ཅིག་གི་ཐབས་སྐྱོ་བ་འོད་ཀྱིན་གོ་འེ་རི་ངོ་ཚའི་ཐོག་ནས་ཁས་ལེན་བྱེད་ད་ཡིན། གིན་གྱི་ཐོག་ལ་མི་སུས་ཡིན་ན་ངོམ་གསོ་བྱེད་ཡས་ཀྱི་བློ་ཁོག་བྱེད་ན། ང་འོ་དེའི་ཕྱིར་ལ་ངོམ་གསོ་བྱེད་ཡས་ཀྱི་བློ་ཁོག་བྱེད་ཡས་ཡིན། ད་ང་ལྐུགས་པ་ཅོག་རེ་ལབ་བཏང་བའི་འོད། 22 ད་ཁོང་ཀྱ་ཨིབ་རི་པ་ལེ། ངའང་ཡིན། ཁོང་ཀྱ་ཨབ་ར་ཧམ་གྱི་བུ་ཕྲུག་ལེ། ངའང་ཡིན། 23 ཁོང་ཀྱ་མཱ་ཤི་ཀ་ཡི་ཞབས་ཕྱི་པ་ལེ། ང་ཡོལ་ལེ་ཞབས་ཕྱི་བཟང་ང་ཡིན། ང་སྨྱོན་པ་ཅོག་རེ་ལབ་བཏང་བའི་འོད། ངས་དམི་ཅིག་གི་དཀའ་ལས་བརྒྱབ་པའི། ང་བཙོན་ཁང་དུ་ཐེངས་མང་ང་ཆུད་སོང་། ང་ལ་རྟ་ལྕག་གིས་རྡུང་དག་མང་ང་ཕོག་སོང་། དེ་ནས་ཐེངས་མང་ང་ང་རི་སྲོག་ཉེན་ཁ་ལ་ཆུད་སོང་། 24 དེ་ནས་ཐེངས་མ་ལྔ་ཐུག་པའི་ང་ལ་ཡ་ཧུ་དཱ་པ་ཀྱ་ཡི་ལག་པ་ནས་གཅིག་མ་ན་བཞི་བཅུ་ཐུག་པའི་རྟ་ལྕག་གིས་རྡུང་དག་ཕོག་སོང་། 25 ཐེངས་མ་གསུམ་ཐུག་པའི་ང་ལ་བེར་ཀྱོག་གིས་བརྡུངས་སོང་། ཐེངས་མ་གཅིག་ང་ལ་རྡོ་གོང་གིས་བཞུས་སོང་། ཐེངས་མ་གསུམ་ཐུག་པའི་ང་བཞོན་གྱིན་གྲུ་གཟིངས་གོ་མེད་ད་ལ་ལ་སོང་། ཉིན་གཅིག་དང་མཚན་གཅིག་རང་ང་རྒྱ་མཚོའི་གུང་ལ་ལས་སོང་། 26 ཐེངས་མང་ང་འགྲུལ་བརྒྱབ་བའི་གང་ལ་ང་ལ་གཙང་པོ་ཀྱ་ཡི་ཉེན་ཁ་དང་། ཇག་པ་ཀྱ་ཡི་ཉེན་ཁ་དང་། ང་རི་ཡ་ཧུ་དཱ་པ་མི་ཀྱ་དང་ཡ་ཧུ་དཱ་པ་མིན་མཁན་མི་ཀྱ་ཡི་ཉེན་ཁ་དང་། གྲོང་ཁྱེར་ཀྱ་ཡི་ཉེན་ཁ་དང་། རི་སྟོང་ཀྱ་ཡི་ཉེན་ཁ་དང་། རྒྱ་མཚོའི་ཉེན་ཁ་དང་། སྤུན་ཟོག་པོ་ཀྱ་ཡི་ཉེན་ཁ་ཀྱ་ཕྲད་སོང་། 27 དེ་ནས་ངས་དཀའ་ལས་དང་སྡུག་པོ་མྱངས་བའི། དེ་ནས་ཐེངས་མང་ང་གཉིད་མེད་ད་བསྡད་པའི། དེ་ནས་ང་ལྟོགས་ཏེ་དང་སྐོམ་ཏེ་ཐེངས་མང་ང་ཟ་ཡས་མེད་ད་ལ་ལས་སོང་། དེ་ནས་ང་གྲང་མོ་དང་གོས་ལག་གོན་ཡས་མེད་ད་ལས་སོང་། 28 དེ་ནས་གཞན་མ་ལབ་ཀྱ་མེད་ཐེ་ལ་ཞག་མོ་གྲང་བའི་ང་ལ་ཆོས་ཚོགས་གི་རིའི་དོ་སྣང་བྱེད་ཡས་ཀྱི་སེམས་ཁྲལ་འདུག། 29 སྐྱོ་བ་སུ་མེད་ཡོང་བ་སེ། དེ་ནས་ང་སྐྱོ་བ་མི་བྱུང་ཡས། སྡིག་པ་ནང་དུ་སུ་མ་ཆུད་འདུག་སེ། དེ་ནས་ང་ཁོང་ཁྲོ་མེད་ལངས་ཡས། 30 ང་ངོམ་གསོ་བྱེད་དགོས་ན་ང་ང་རི་ཐབས་སྐྱོ་བ་བྱུང་གིན་དོན་ཀྱ་ལ་ང་ངོམ་གསོ་བྱེད་ཡས་ཡིན། 31 ང་ཟོག་མེད་བཤད་ད་ལགས་སྨྲས་རེ་རྒྱུན་ནས་རྒྱུན་དུ་བསྟོད་པ་འོད་ཀྱིན། གཙོ་བོ་ཡེ་ཤུའི་ཡབ་དཀོན་མཆོག་གིས་མཁྱེན་ད་མཛད་ད་ལགས། 32 དཱ་མ་སེག་ཀོ་རྒྱལ་ས་རུ་རྒྱལ་བོ་ཨ་རེ་ཏ་ཡི་སྤྱི་ཁྱབ་ཀྱིས་ང་ལ་ཟིམ་ཡས་ལ། དཱ་མ་སེག་ཀོ་རྒྱལ་ས་གོ་བསྲུངས་རེ་བཞག་པ་ལགས། 33 ཡིན་ནའང་ང་ལ་རྐོམ་པ་ནང་དུ་བཅུག་སྟེ་ལྕགས་རིའི་ཁུང་གཅིག་ནས་མ་ལ་པབ་པ་ལགས། དེ་ནས་ང་ཁོའི་ལག་པ་ནས་ཐར་སོང་།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.