༢ ཀོ་རིན་ཐུ་པ། 10 - གློ་བ།1 ད་ང་པའུ་ལུ་ང་རང་མཱ་ཤི་ཀའི་ཉམ་ཆུང་དང་འཇམ་གྱི་སྒོ་ནས་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། ཁྱེད་ཀྱ་ཡི་གདོང་དུ་ཉམ་ཆུང་དང་ཁྱེད་ཀྱ་ནས་ཐག་རིང་ང་འོད་ད་རང་བློ་ཁོག་ཆེ་འོད། 2 འེ་ཀྱ་ལ་འཇིག་རྟེན་གྱི་ལྟ་བ་ཅོག་རེ་མི་ཚེ་བསྐྱལ་ལི་སྨྲས་རེ་དོགས་པ་བྱེད་ཀྱིན་མི་ཀྱ་ལ། ང་ཁྱེད་ཀྱི་རྩ་རུ་འོང་ང་རང་ངས་སྟོན་ཡས་སྨྲས་རེ་བསམས་ཀྱིན་བློ་ཁོག་གོ། མི་འཇིགས་བ་སྟོན་མ་དགོས་བར་ཤོག་སྨྲས་རེ་ང་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། 3 གི་བྱས་རེ་སྨྲ་ན་འེ་ཀྱ་འཇིག་རྟེན་དེ་ལ་མི་ཚེ་བསྐྱལ་ནའང་། འཇིག་རྟེན་པའི་དམག་ནི་མེད་འཐྲབ་བ་ལགས། 4 གི་བྱས་རེ་སྨྲ་ན་འེ་ཀྱ་ཡི་མཚོན་ཆ་ནི་འཇིག་རྟེན་གྱི་མཚོན་ཆ་མ་ལགས། ཡིན་ནའང་འི་ཀི་མཚོན་ཆ་ལ་མཁར་རྫོང་ཀྱ་གཏོར་བཤིག་བཏང་ཐུབ་ཀྱིན་དཀོན་མཆོག་གི་ནུས་མཐུ་འོད། 5 དཀོན་མཆོག་གི་ཤེས་ཡོན་ལ་བཀག་གིན་རྩོད་གླེང་ཀྱ་དང་། ཇུས་ངན་ཀྱ་ལ་འེ་ཀྱ་རྩ་མེད་དུ་བཏང་ང་ཡིན། དེ་ནས་བསམ་བློ་གི་རི་ལ་མཱ་ཤི་ཀའི་བཀའ་ལ་ཉན་ཡས་ལ་དབང་འོག་ཏུ་སྡུད་བ་ལགས། 6 དེ་ནས་ཁྱེད་ཀྱ་མཱ་ཤི་ཀའི་བཀའ་ལ་ཉན་གྱིན་ཚང་གོ་བྱུང་ཚར་ཏེ། བཀའ་ལ་མེད་ཉན་གྱིན་ཀྱ་ལ་ཆད་པ་བཀལ་ཡས་ལ་འེ་ཀྱ་གྲ་སྒྲིག་བྱས་རེ་བསྡད་ཡས་ཡིན། 7 ཁྱེད་ཀྱ་ཡི་མིག་གི་གདོང་དུ་འོད་ཀྱིན་གོ་ལ་ལྟོས། དེ་ནས་རང་ལ་མཱ་ཤི་ཀའི་ཡིན་གྱིན་གོ་ལ་ཡིད་ཆེས་བརྟན་པོ་འོད་ན། ཁོའི་རང་ལ་མཱ་ཤི་ཀའི་ཡིན་གྱིན་ཅོག་རེ་འེ་ཀྱའང་མཱ་ཤི་ཀའི་ལགས་སྨྲས་རེ་དྲན་གསོ་བསླངས་དགོས། 8 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་གནོད་བསྐྱལ་ཡས་མིན་ད། ཡིན་ནའང་ཁྱེད་ཀྱ་ལ་ཡར་རྒྱས་བཏང་ཡས་ལ། གཙོ་བོ་ཡིས་འེ་ཀྱ་ལ་གནང་ན་དབང་ཆ་གོ་ལ་ངས་ངོམ་གསོ་ཨ་རུང་མང་ང་བྱས་འོད་ན། ང་དེ་ལ་ངོ་ཚ་ཡས་མིན། 9 ངས་བྲིས་བྲ་ཡིག་དེ་ཀྱ་ཡིས་ཁྱེད་ཀྱ་ལ་འཇིགས་སྐྲག་སྐུལ་གྱིན་གོ་ང་མེད་འདོད་འོད། 10 གི་བྱས་རེ་སྨྲ་ན་ཁོའི་ཡིག་ཀྱ་དམི་ཅིག་གི་རྩུབ་བ་དང་ཤུགས་ཆེ་འདུག། ཡིན་ནའང་ངོ་འཕྲད་ད་རང་ཁོ་སྐྱོ་བ་འདུག། དེ་ནས་ཁོའི་ལབ་ཀྱ་ཆོ་མེད་ཀྱིན་འདུག་སྨྲས་རེ་རིང་འགའ་ཡིས་སྨྲིས། 11 འེ་ཀྱ་འོ་དུ་རུ་མེད་དེ་གང་ལ་འེ་རི་ཡིག་སྒོ་ནས་གི་སྨྲ་གིན་གོ་འེ་ཀྱ་འོད་དེ་གང་ལ། འོ་དེ་ཅོག་རེ་བྱེད་འདིག་འོད་སྨྲས་རེ་འོ་རེ་མི་ཀྱ་ཡིས་ཤེས་དགོས། 12 རང་གི་བསྟོད་སྒྲ་རང་བཏང་གིན་མི་རིང་འགའ་ཀྱ་མུ་ལ་འེ་ཀྱ་འེ་རང་ལ་ཚད་གཅིག་ལ་བཞག་ཡས། ཡང་ན་རང་ལ་ཁོང་ཀྱ་མུ་ལ་སྡུར་ཡས་ཀྱི་བློ་ཁོག་མི་བྱེད་འོད། ཡིན་ནའང་ཁོང་ཀྱ་ཁོ་རང་ཀྱ་ནང་དུ་གཅིག་གིས་གཅིག་ལ་ཚད་བརྒྱབ་བ་རང་། ཡང་ན་སྡུར་ར་རང་ཁོ་རང་ཀྱ་གླེན་ད་བྱུང་ང་ལགས། 13 ཡིན་ནའང་འེ་ཀྱ་ཚད་བརྒྱབ་གྱ་གོ་ནས་འདའ་རེ་ངོམ་གསོ་མི་བྱེད། ཡིན་ནའང་ཁྱེད་ཀྱ་རྩ་རུ་རང་སླེབ་ཐུབ་ཡས་ཀྱི་ཆེད་དུ། དཀོན་མཆོག་གིས་འེ་ཀྱ་ལ་གནང་ན་ཚད་ནང་དུ་རང་འེ་ཀྱ་བསྡད་ད་ཡིན། 14 ཁྱེད་ཀྱ་རྩ་རུ་སླེབས་བ་མ་སླེབས་ལ་ཅོག་རེ། འེ་ཀྱ་ལབ་ཀྱ་སྤར་ཏེ་ངོམ་གསོ་མི་བྱེད་འོད། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་རྩ་རུ་མཱ་ཤི་ཀའི་གཏམ་བཟང་ཁྱེར་ཏེ་འོང་གིན་དང་ཤོས་གོ་འེ་ཀྱ་རང་ལགས། 15 འེ་ཀྱ་འེ་རི་ཚད་ནས་འདའ་རེ་གཞན་མ་ཀྱ་ཡི་དཀའ་ལས་བརྒྱབ་ཀྱིན་གོ་ལ་ངོམ་གསོ་མི་བྱེད་འོད། ཡིན་ནའང་ཁྱེད་ཀྱ་ཡི་དད་པ་གོ་འཚར་ཏེ་འགྲོ་བ་རང་། ཁྱེད་ཀྱ་ཡི་ཁོག་ཏུ་འི་ཀི་ལས་ཀ་ཡི་མཚམས་གོ་རྒྱ་ཆེ་རུ་འགྲོ་བ་ཤོག་སྨྲས་རེ་འི་ཀིས་རེ་བ་འོད། 16 དེ་ནས་མི་གཞན་མ་ཀྱ་ཡི་ས་ཆ་རུ་ཨེན་ལ་རང་བྱུང་ཚར་ས་ལས་ཀ་ལ་ངོམ་གསོ་མི་བྱེད་ད། འེ་ཀྱ་ཁྱེད་ཀྱ་ནས་ཕི་ལ་འོད་ཀྱིན་ས་ཆ་ཀྱ་རུ་གཏམ་བཟང་བཤད་དུ་འགྲོ་ཐུབ་ཀྱི་ལགས། 17 དེ་ནས་ངོམ་གསོ་བྱེད་ཀྱིན་གྱིས་གཙོ་བོའི་ནང་ངོམ་གསོ་བྱེད་དགོས། 18 གི་བྱས་རེ་སྨྲ་ན་རང་གི་བསྟོད་སྒྲ་རང་བྱེད་ཀྱིན་ལ་གཙོ་བོ་ཡིས་ཁས་ལེན་མེད་མཛད་ད་ལགས། ཡིན་ནའང་གཙོ་བོ་ཡིས་བསྟོད་སྒྲ་མཛད་ཀྱིན་མི་གོ་ལ་ཁས་ལེན་མཛད་ད་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.