Biblia Todo Logo
Bìoball air-loidhne

- Sanasan -


༡ ཏི་མོ་ཐེའུ། 6 - གློ་བ།

1 དཀོན་མཆོག་གི་མཚན་དང་འོ་རི་བསླབ་བྱ་ལ་སྐུར་བ་མི་འབྱུང་ཡས་ཀྱི་ཕྱིར་ལ། བྲན་གཡོག་གི་གཉའ་ཤིང་འོག་ཏུ་འོད་མཁན་འོད་ལེ་གིས། རང་གི་བདག་པོ་ལ་དམི་ཅིག་གི་བཀུར་སྟི་བྱས་རེ་རྩི་དགོས།

2 བདག་པོ་ཀྱ་དད་པ་བྱེད་མཁན་ཡིན་ན། དད་པ་ལ་སྤུན་ཡིན་བསམས་ཏེ་མཐོང་ཆུང་བྱེད་ཡས་མེད་ད་ལགས། ཡིན་ནའང་ཁོང་ཀྱ་ཡི་ཞབས་ཕྱི་ཡི་ཕན་ཐོགས་གོ་དད་པ་བྱེད་མཁན་ཀྱ་དང་། རང་གི་གཅེས་བའི་ཀྱ་ལ་འབྱུང་གི་ལགས་བསམས་ཏེ། ཁོང་ཀྱ་ཡིས་ཡོལ་ལེ་ལྷག་ཞབས་ཕྱི་ཞུ་དགོས་གུ་ལགས། འོ་རེ་བྱེད་ཡས་ལ་རང་བསླབ་བྱ་རྒྱོབ། དེ་ནས་སྐུལ།


དངུལ་གྱི་འདོད་ཆགས།

3 འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྐྱོན་མེད་ཀྱིན་གསུང་དང་། ཆོས་སེམས་ལ་མཐུན་གྱིན་བསླབ་བྱ་ཀྱ་ལ་ཁས་མེད་ལེན་ད་ལྟ་བ་གཞན་མ་ཀྱ་བསླབས་ན།

4 ཁོ་ང་རྒྱལ་གྱི་ཁངས་རེ་གིའང་མེད་ཤེས་ལ་ལགས། ཁོ་ཕན་མེད་ཐོགས་ཀྱིན་ལབ་ལ་ཁ་འཐབས་བ་ལགས། དེ་ནས་ཚིག་ཚིག་ལ་ཟིམ་ཏེ་སྡུག་ཀ་བཏང་ཡས་ཀྱི་འདོད་ཆགས་བཞག་བ་ལགས། དེ་ནས་དེ་རེ་ཀྱ་ཡིས་རང་ཕྲག་དོག་དང་། ཙོད་གླེང་དང་། དམའ་འབེབས་དང་། དོག་པ་ངན་པ་བསགས་ཡས།

5 དེ་ནས་ཆོས་སེམས་ནི་ནོར་ཐོབ་ཡས་ཀྱི་ཐབས་ཤེས་ལགས་བསམ་གྱིན་ཀླད་པ་རུལ་ར་དང་། བདེན་པ་ནས་བྲལ་མཁན་མི་ཀྱ་ཡི་ཁོག་ཏུ་མེད་ཆད་ད་འཁྲུག་བསླངས་ང་ལགས།

6 ཡིན་ནའང་ཆོས་སེམས་དང་མུ་ལ་འདོད་པ་ཁངས་ན། འོ་དེ་རང་ཕན་ཆེ་ལགས།

7 གི་བྱས་རེ་སྨྲ་ན་འཇིག་རྟེན་དུ་འོ་རིས་གིའང་འཁྱེར་ཏེ་མ་ཡོང་བ་ལགས། དེ་ནས་འཇིག་རྟེན་ནས་འོ་རང་གིའང་འཁྱེར་མི་ཐུབ་བ་ལགས།

8 ཡིན་ནའང་འོ་རང་ལ་ཟ་རྒྱུ་དང་གོན་རྒྱུ་འོད་ན། དེ་ལ་རང་འོ་རང་འདོད་པ་ཁངས་ང་བྱེད་གུ་ལགས།

9 ཡིན་ནའང་ཕྱུག་པོ་འབྱུང་ཡས་འདོད་པ་བྱེད་མཁན་ཀྱ་བསླུ་བྲིད་ནང་དུ་ཆུད་ཀྱི་ལགས། དེ་ནས་རྙིའི་ནང་དུ་ཆུད་ཀྱི་ལགས། གླན་ད་དང་མི་ལ་གནོད་བསྐྱལ་གྱིན་དང་མེད་ད་ལ་བཏང་གིན་འདོད་ཆགས་ནང་དུ་ཆུད་ཀྱི་ལགས།

10 གི་བྱས་རེ་སྨྲ་ན་དངུལ་ལ་ཆགས་ཀྱིན་གོ་ངན་པ་སྣ་ཚོགས་གི་རིའི་རྩ་བ་ལགས། དངུལ་ལ་འདོད་ངམ་བྱེད་མཁན་རིང་འགའ་རང་གི་དད་པ་སྤངས་རེ། རང་གི་སེམས་ལ་སྡུག་བསྔལ་གྱིས་བཀང་འདུག།


ཏི་མོ་ཐེའུ་ལ་པའུ་ལུ་ཡི་བསླབ་བྱ།

11 ཡིན་ནའང་དཀོན་མཆོག་གི་སྐྱེས་བུ་ཁྱོད། དེ་གི་རི་ནས་འཛེམ་ཏེ། དྲང་བདེན་དང་། ཆོས་སེམས་དང་། དད་པ་དང་། བྱམས་པ་དང་། བཟོད་སྒོམ་དང་། འཇམ་པོ་འབྱུང་ཡས་ལ་འཚོལ།

12 འོ་རི་དད་པ་ཡི་དམག་བཟང་པོ་གོ་ཐོབ། དེ་ནས་དཔང་པོ་མང་ང་ཡི་གདོང་དུ་ཁྱོས་ཁས་ལེན་བཟང་པོ་ལེན་ལ་བྱས་རེ། མཐའ་མེད་པའི་ཚེ་སྲོག་གི་ཕྱིར་ལ་ཁྱོད་བོས་བ་ལགས། དེ་ནས་འདི་ལ་ཟིམ་ཏེ་སྡོད།

13 དངོས་པོ་གི་རི་ལ་ཚེ་གནང་གིན་དཀོན་མཆོག་དང་། པོན་ཏིའུ་པི་ལ་ཏུའི་གདོང་དུ་དཔང་པོ་བཟང་པོ་མཛད་ཛ་མཱ་ཤི་ཀ་ཡེ་ཤུའི་དྲུང་དུ།

14 ང་ཁྱོད་ལ་བཀའ་སྟེར་ར་ཡིན། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་མངོན་སུམ་དུ་མ་མཇལ་གྱིན་ཐུག་པའི། བཀའ་འདི་དམེ་བ་མེད་ཀྱིན་དང་སྐྱོན་མེད་ཀྱིན་བྱས་རེ་སྲུང་ཞིག།

15 དེ་ནས་བྱིན་རླབས་ཅན་དང་། རྒྱལ་བོ་ཀྱ་ཡི་བླ་ན་མེད་པའི་རྒྱལ་བོ་དང་། གཙོ་བོ་ཀྱ་ཡི་གཙོ་བོ་ཡིས་དུས་ཚོད་བབ་ཀྱིན་ཚོད་ལ་མངོན་དུ་བཅུག་གི་ལགས།

16 ཁོང་པ་གཅིག་ཀ་འཆི་བ་མེད་ཀྱིན་ལགས། སུའང་མེད་ཐར་གྱིན་འོད་ནང་དུ་ཁོང་པ་བཞུགས་བ་ལགས། དེ་ནས་ཁོང་པ་ལ་སུས་འང་མཐོང་མ་མྱོང་བ་ལགས་ཡང་ན་མཐོང་ཐུབ་ཀྱི་ལགས། ཁོང་པ་ལ་རྒྱུད་ནས་རྒྱུན་དུ་བཀུར་སྟི་དང་དབང་འོང་བར་ཤོག།ཨ་མེན།

17 འདི་འཇིག་རྟེན་གྱི་ཕྱུག་པོ་ཀྱ་ལ་ང་རྒྱལ་ཆེ་མ་འབྱུང་། དེ་ནས་བརྟན་པོ་མེད་ཀྱིན་རྒྱུ་ནོར་ལ་མིན་ད། འོ་རང་ལ་སྐྱིད་ད་བྱེད་ཡས་ལ་དགོས་ཀྱིན་གི་རི་མོད་ཆོད་ལི་གནང་གིན། དཀོན་མཆོག་ཁར་ལ་རེ་བ་བྱེད་ཡས་ལ་ཁོང་ཀྱ་ལ་བཀའ་སྟེར།

18 ཁོང་ཀྱ་ཡིས་ལས་ཀ་བཟང་ང་བྱེད་ཡས་དང་ལས་བཟང་ང་ལ་ཕྱུག་པོ། དེ་ནས་སྦྱིན་པ་བཏང་ཡས་ལ་དགའ་གིན་དང་། རང་ལ་འོད་ཀྱིན་གཞན་མ་ལ་བགོ་བར་ཤོག།

19 དེ་རེ་བྱས་རེ་ཡང་དག་པ་ཚེ་ལ་གནས་ཡས་ཀྱི་ཕྱིར་ལ་རང་གི་ཕྱིར་ལ། མ་འོང་པར་ལ་རྨང་གཞི་བཟང་ང་བཏིང་བར་ཤོག།

20 ཏི་མོ་ཐེའུ་བོ། ཁྱོད་ལ་བཅོལ་གྱིན་གོ་སྲུངས་ཤིག། དེ་ནས་མི་ཀྱ་ཡིས་ཟོག་པོ་སྨྲས་རེ་ཤེས་རབ་བསམས་ཀྱིན་ཆོས་ལ་མི་མཐུན་གྱིན་ལབ་དང་ཆོ་མེད་ཀྱིན་རྩོད་པ་ཀྱ་ནས་འཛེམ།

21 དེ་རེ་ལབ་ཀྱ་ཡི་གཤམ་པ་ལ་འབྲངས་རེ་རིང་འགའ་རང་གི་དད་པ་ནས་ཉམས་འོད་ད་ལགས། ཐུགས་རྗེ་ཁྱེད་ཀྱ་མུ་ལ་འོང་བར་ཤོག།།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan