Biblia Todo Logo
Bìoball air-loidhne

- Sanasan -


༡ ཏི་མོ་ཐེའུ། 5 - གློ་བ།


ཡུག་ཟ་མ་ཀྱ་ལ་སློབ་སྟོན།

1 མི་རྒས་པོ་ལ་ཚིག་རྩུབ་བ་མ་སྨྲ། ཡིན་ནའང་རང་གི་ཨ་རྒས་ཅོག་རེ་བརྩིས་རེ་ཞུ་འབོད་རྒྱོབ། དེ་ནས་གཞོན་པ་ཀྱ་ལ་ནུ་བོ་ཀྱ་ཅོག་རེ།

2 དང་། རྒས་མོ་ཀྱ་ལ་ཨ་མ་ཀྱ་ཅོག་རེ། དེ་ནས་ན་ཆུང་མ་ཀྱ་ལ་ནུ་མོ་ཀྱ་ཅོག་རེ་སེམས་གཙང་མའི་སྒོ་ནས་སྤྱོད་པ་བྱེད།

3 ལྟ་རྟོག་བྱེད་མཁན་མེད་ཀྱིན་ཡུག་ཟ་མ་ཀྱ་ལ་རྩི་མཐོང་བྱེད།

4 ཡིན་ནའང་ཡུག་ཟ་མ་གཅིག་ལ་ཕྲུ་བ་ཀྱ་དང་ཡང་ན་ཚ་བོ་ཚ་མོ་ཀྱ་འོད་ན། ཨེན་ལ་ཁོང་ཀྱ་ཡིས་རང་གི་ནང་མི་དོན་དུ་ཆོས་ལ་མཐུན་གྱིན་སྤྱོད་པ་སྦྱངས་དགོས། དེ་ནས་རང་གི་ཕ་མའི་དྲིན་ལན་འཁོར་དུ་བཅུག་དགོས། གི་བྱས་རེ་སྨྲ་ན་འདི་ལ་རང་དཀོན་མཆོག་ཐུགས་མཉེས་བོ་མཛད་ད་ལགས།

5 ལྟ་རྟོག་བྱེད་མཁན་མེད་ཀྱིན་དངོས་གནས་ཡུག་ཟ་མ་དང་། མོ་རང་མ་གཅིག་ཀ་ལས་མཁན་གྱིས་དཀོན་མཆོག་ལ་རེ་བ་བཞག་བ་ལགས། དེ་ནས་ཉིན་མཚན་རེ་འབོད་ཞུ་ལ་ལགས། དེ་ནས་གསོལ་བ་བརྒྱབ་བ་ལགས།

6 ཡིན་ནའང་ཡུག་ཟ་མ་འདི་འདོད་ཡོན་ལ་ཆགས་ན། མོ་གསོན་པོ་བྱས་རེའང་ཤི་ཤ་ཅོག་རེ་ལགས།

7 སུས་འང་ཁོང་ཀྱ་ལ་སྐྱོན་འཛུགས་མེད་བཀལ་ཡས་ཀྱི་ཕྱིར་ལ། ཁོང་ཀྱ་ལ་འདི་བསླབ་བྱ་ཀྱ་སློབ།

8 ཡིན་ནའང་རང་གི་སྤུན་ཟླ་ཀྱ་དང་དམིགས་བསལ་རང་གི་ནང་མི་ལ་མེད་ལྟ་མཁན་ཀྱ་ཡིས་རང་གི་དད་པ་སྤང་ང་ལགས། དེ་ནས་ཁོང་ཀྱ་དད་པ་མི་བྱེད་མཁན་ཀྱ་ནས་སྡུག་བ་ལགས།

9 ལོ་དྲུག་ཅུ་ཡར་ལ་སླེབས་ལ་དང་ཁྱོ་ག་གཅིག་གི་སྐྱེས་དམན་བྱུང་བྱ་ཡུག་ཟ་མ་ལ་ཡུག་ཟ་མ་ཀྱ་ཡི་ཐོ་ལ་ཆུག།

10 དེ་ནས་མོས་ཕྲུ་བ་ཀྱ་གསོ་སྐྱོང་བྱས་བྱ་དང་། མགྲོན་པོ་ཀྱ་ལ་བྱམས་པ་བྱས་བྱ་དང་། དད་པ་བྱེད་མཁན་དམ་པ་མི་ཀྱ་ཡི་ཞབས་འཁྲུད་ཁྲ་དང་། སྡུག་པོ་མྱངས་མཁན་ཀྱ་ལ་རོགས་བ་བྱས་བྱ་དང་། ལས་བཟང་ང་གི་རི་ལ་དོ་སྣང་སྟེར་ཏ། དེ་རེ་ལས་བཟང་ང་ཀྱ་ཡི་ཕྱིར་ལ་མོའི་མིང་གྲགས་ཆེ་འོང་དགོས་གུ་ལགས།

11 ཡིན་ནའང་ཡུག་ཟ་མ་ན་ཆུང་མ་ཀྱ་ལ་ཐོ་ནང་དུ་མ་ཆུག། གི་བྱས་རེ་སྨྲ་ན་ཁོང་ཀྱ་མཱ་ཤི་ཀ་ནས་བྲལ་རེ་འདོོད་ཆགས་ཀྱི་དབང་དུ་འགྲོ་ན། མནའ་མ་ལེན་ཡས་ཀྱི་འདོད་པ་བྱེད་ཀྱི་ལགས།

12 འོ་བྱས་རེ་ཨེན་མ་བཞག་གིན་དམ་བཅའ་ནས་ལོག་སྟེ་ཁོང་ཀྱ་ལ་ཆད་པ་ཕོག་གི་ལགས།

13 འདི་ཚོད་གཅིག་ཀ་མིན་ད་ཁོང་ཀྱ་ལས་མེད་ལམ་གྱིན་བྱུང་རེ། ཁྱིམ་ནས་ཁྱིམ་དུ་འཁྱམས་ཏེ་ལས་མེད་ལམ་གྱིན་གཅིག་ཀ་མིན་ད་ཕྲ་མ་བརྒྱབ་མཁན་དང་། ཇུས་གཏོགས་བྱེད་མཁན་དང་། སྨྲ་ཡས་མེད་ཀྱིན་ལབ་ཀྱ་སྨྲ་མཁན་བྱུང་ང་ལགས།

14 འོ་བྱས་རེ་ན་ཆུང་མ་ཡུག་ཟ་མ་ཀྱ་མནའ་མ་ལེན་ཏེ་ཕྲུ་བ་སྐྱེད། དེ་ནས་ནང་ཟིམ་ཏེ་དགྲ་ལ་སྣ་བཅད་ཡས་ཀྱི་གོ་སྐབས་མེད་སྟེར་ཡས་ལ་ང་འདོད་འདིག་འོད།

15 གི་བྱས་རེ་སྨྲ་ན་རིང་འགའ་ཨེན་ལ་རང་བདུད་ཕྱོགས་ལ་གཡོས་ཚར་འདུག།

16 དེ་ནས་དད་པ་བྱེད་མཁན་སྐྱེས་དམན་གཅིག་ལ་ཡུག་ཟ་མ་སྤུན་ཟླ་ཀྱ་འོད་ན། མོས་ཁོང་ཀྱ་ལ་ལྟ་རྟོག་བྱེད་དགོས། ཡིན་ནའང་ཆོས་ཚོགས་ལ་གག་བ་མ་ཡོང་དགོས། དེ་ནས་ཆོས་ཚོགས་ཀྱིས་དངོས་གནས་དཀའ་ངལ་འོད་ཀྱིན་ཡུག་ཟ་མ་ཀྱ་ལ་རོགས་བ་བྱེད་ད་ཤོག།


ཆོས་ཚོགས་ཀྱི་རྒན་པ་ཀྱ་ལ་བཀུར་སྟི་བྱེད།

17 ཆོས་ཚོགས་ཀྱི་རྒན་པ་ལྟ་རྟོག་དགའ་བྱེད་མཁན། དེ་ནས་དམིགས་གསལ་དུ་ཆོས་བཤད་ཡས་དང་། བསླབ་བྱ་བསླབས་ཀྱིན་ལས་ཀ་ལ་དཀའ་ལས་བརྒྱབ་མཁན་རྒན་པ་ཀྱ་ལ། བཀུར་སྟི་ལྡབ་གཉིས་ཐོབ་དགོས་བ་ལགས།

18 གི་བྱས་རེ་སྨྲ་ན་གསུང་རབ་ནང་དུ་བྲིས་འོད་ད་ལགས། སྙི་མ་བཅག་གིན་གླུང་གི་ཁ་ལ་ཁ་བོ་མ་བཀག།དེ་ནས་ལས་བྱེད་པ་ཀྱ་ལ་དེའི་གླ་ཐོབ་དགོས་བ་ལགས།

19 དཔང་པོ་གཉིས་ཡང་ན་གསུམ་མེད་ཀྱིན་ཐུག་པའི་རྒན་པ་གཅིག་ལ་སྐྱོན་བཀལ་ཀ་གོ་ལ་མ་རྩིས།

20 སྡིག་པ་བྱེད་མཁན་ཀྱ་ལ་མི་གི་རིའི་གདོང་དུ་ཨང་ཇི་གཏོང་། དེ་རེ་བྱེད་ན་གཞན་མ་ཀྱ་འཇིགས་ཀྱི་ལགས།

21 དཀོན་མཆོག་དང་། མཱ་ཤི་ཀ་ཡེ་ཤུ་དང་། བདམས་ད་ནམ་མཁའི་བང་ཆེན་ཀྱ་ཡི་གདོང་དུ། ང་ཁྱོད་ལ་འདི་ཁྲིམས་ཀྱ་དབྱེ་བ་གིན་ད་མི་བྱེད་ད་སྲུང་། དེ་ནས་ཕྱོགས་རིས་བྱས་རེ་གིའང་མ་བྱེད་སྨྲས་རེ་ལྕག་བརྒྱབ་བ་ཡིན།

22 ཆོས་ཚོགས་ཀྱི་འགོ་ཁྲིད་བསྐོ་ཡས་ལ་ཚ་དྲག་མ་བྱེད། དེ་ནས་གཞན་མ་ཡི་སྡིག་པ་ལ་མ་འབྲེལ། རང་གཙང་མ་སྡོད།

23 ཁྱོད་ཐེངས་མང་ང་ན་གིན་བྱས་རེ་ཁྱོའི་ཕོ་བ་ཕན་ཡས་ཀྱི་ཕྱིར་ལ་ཆུ་གཅིག་ཀ་མིན་ད་རྒུན་ཆང་ཏི་ཏེ་འཐུང་།

24 མི་རིང་འགའ་ཡི་སྡིག་པ་ཀྱ་ཁྲིམས་བཅད་ཡས་ཀྱི་ཨེན་ལ་རང་། མངོན་སུམ་དུ་གསལ་བོ་མཐོང་ང་ལགས། ཡིན་ནའང་གཞན་མ་ཀྱ་ཡི་སྡིག་པ་ཀྱ་གཤམ་ལ་གཅིག་ཀ་མཐོང་ང་ལགས།

25 དེ་རེ་བྱས་རེ་རང་ལས་བཟང་ང་ཀྱ་གསལ་བོ་མཐོང་ང་ལགས། དེ་ནས་མངོན་སུམ་དུ་མེད་མཐོང་གིན་ཀྱ་སྦས་རེ་བཞག་མི་ཐུབ་ཀྱི་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan