Biblia Todo Logo
Bìoball air-loidhne

- Sanasan -


༡ ཏི་མོ་ཐེའུ། 4 - གློ་བ།


སློབ་དཔོན་ཟོག་པོ་ཀྱ་ནས་གཟབ་གཟབ་བྱེད།

1 གཤམ་གྱི་དུས་ལ་མི་རིང་འགའ་སླུ་གིན་སེམས་ཉིད་ཀྱ་དང་། འདྲེའི་ཆོས་ལ་རྟེན་ཏེ་རང་གི་དད་པ་སྤོང་གི་ལགས་གསུངས་རེ། དམ་པའི་ཐུགས་ཉིད་ཀྱིས་གསལ་ཡས་རེ་གསུངས་འོད་ད་ལགས།

2 དེ་རེ་བསླབ་བྱ་ཀྱ་ཟོག་བཤད་མཁན་ཀྱ་ཡི་སླུ་བྲིད་ནས་འོང་གི་ལགས། ཁོང་ཀྱ་ཡི་ཤེས་རབ་བཟང་པོ་མེ་ལྕགས་ཀྱིས་བསྲགས་ར་ཅོག་རེ་འོང་ང་ལགས།

3 དེ་རེ་མི་ཀྱ་ཡིས་མནའ་མ་ལེན་ཡས་མེད་ད་ལགས། དེ་ནས་ཟ་མ་སྣ་རིང་འགའ་ཟ་ཡས་མེད་ད་ལགས་སྨྲས་རེ་སྨྲ་གི་ལགས། ཡིན་ནའང་དད་པ་བྱེད་མཁན་ཀྱ་དང་། བདེན་པ་ཧ་གོ་གིན་ཀྱ་ཡིས་བཀའ་དྲིན་ཆེ་ཞུས་རེ་ལེན་ཡས་ལ། དཀོན་མཆོག་གིས་ཟ་མ་དེ་ཀྱ་བཀོས་མཛད་པ་ལགས།

4 གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་མཛད་ཛ་གི་རི་བཟང་པོ་ལགས། དེ་ནས་བཀའ་དྲིན་ཆེ་ཞུས་ན། གིའང་སྤོང་དགོས་གུ་མ་ལགས།

5 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་བཀའ་དང་སྨོན་ལམ་གྱིས་འོ་དེ་ལ་གཙང་མ་མཛད་ད་ལགས།

6 བསླབ་བྱ་དེ་ཀྱ་ཁྱོས་ཁྱེད་རི་སྤུན་ཀྱ་ཡི་གདོང་དུ་སྟོན་ན། ཁྱོད་དད་པ་ཡི་བཀའ་སྦྱངས་རེ་འོངས་བ་དང་། ལྟ་བ་བཟང་པོ་ལ་བརྩིས་རེ་འོངས་བ། མཱ་ཤི་ཀ་ཡེ་ཤུ་ཡི་ཞབས་ཏོག་པ་བཟང་པོ་གཅིག་འབྱུང་གི་ལགས།

7 ཆོས་མེད་ཀྱིན་དང་ཁུངས་ལུང་མེད་ཀྱིན་གཏམ་ཀྱ་ནས་འཛེམ་ཏེ་སྡོད། ཡིན་ནའང་ཆོས་བྱེད་ཡས་ལ་སྦྱོངས།

8 གི་བྱས་རེ་སྨྲ་ན་ལུས་ཀྱི་ལུས་རྩལ་སྦྱོང་བརྡར་གྱི་ཏི་ཏེ་གཅིག་ཀ་ཕན་ཐོགས་བ་ལགས། ཡིན་ནའང་ཆོས་སེམས་འདི་གི་རིའི་ཐོག་ལ་ཕན་ཐོགས་བ་ལགས། གི་བྱས་རེ་སྨྲ་ན་འདིའི་ད་ལྟ་ཡི་ཚེ་དང་ཕྱི་མ་ཡི་ཚེ་གཉིས་འགའ་ར་ལ་ཕན་ཐོགས་ཀྱི་དམ་བཅའ་གནང་ང་ལགས།

9 འདི་གཏམ་དེ་བློ་བཀལ་ཐུབ་ཀྱིན་དང་གི་རིའི་ཐོག་ནས་ཁས་ལེན་བྱེད་དགོས་ཀྱིན་འདུག།

10 དོན་འདིའི་ཕྱིར་འོ་རང་ཀྱ་སྡུག་པོ་མྱངས་རེ་དཀའ་ལས་བརྒྱབ་བ་ལགས། གི་བྱས་རེ་སྨྲ་ན་འོ་རི་རེ་བ་གསོན་པོ་དཀོན་མཆོག་ལ་གནས་ལ་ལགས། ཁོང་པ་ནི་མི་གི་རི་དང་དམིགས་བསལ་དུ་དད་པ་བྱེད་མཁན་ཀྱ་ཡི་སྐྱབས་མགོན་ལགས།

11 འདི་བསླབ་བྱ་ཀྱ་སློབ། དེ་ནས་སྦྱང་ཡས་ལ་བཀའ་སྟེར།

12 ཁྱོད་གཞོན་པ་བྱས་རེ་སུས་འང་ཁྱོད་ལ་མཐོང་ཆུང་བྱེད་དུ་མ་ཆུག། ཡིན་ནའང་དད་པ་བྱེད་མཁན་ཀྱ་ཡི་གདོང་དུ་ཁྱོའི་ངག་དང་། སྤྱོད་པ་དང་། བྱམས་པ་དང་། དད་པ་དང་། གཙང་མའི་སྒོ་ནས་རང་ལ་དཔང་པོ་གཅིག་སྟོན།

13 ང་མ་འོང་ཐུག་པའི་ཁྱོད་མི་ཚོགས་ཀྱ་ལ་གསུང་རབ་ཀློག་ཡས་དང་། ཆོས་སྟོན་ཡས་དང་། བསླབ་བྱ་བསླབ་ཡས་ལ་དོ་སྣང་བྱེད།

14 ཆོས་ཚོགས་ཀྱི་རྒན་པ་ཀྱ་ཡིས་ཁྱོའི་ཁར་ལ་ལག་པ་བཞག་སྟེ། མངོན་ཤེས་མཁན་གྱི་ཐོག་ནས་ཁྱོད་ལ་ཐོབ་ཐ་གནང་སྦྱིན་གོ་ལ་ཁྱོད་སྣང་མེད་མ་བྱེད།

15 ཁྱོའི་ཡར་རྒྱས་གི་རི་ཡིས་མཐོང་ཡས་ཀྱི་ཕྱིར་ལ་འདི་ལབ་ཀྱ་ལ་ལག་ལེན་གཏོང་། དེ་ནས་འདི་ལ་རང་གནས་རེ་སྡོད།

16 ཁྱོད་རང་དང་ཁྱོད་རི་བསླབ་བྱ་ལ་གཟབ་གཟབ་བྱས་རེ་སྡོད། འདི་ལ་རང་བརྟན་པོ་མ་གནས་རེ་སྡོད། དེ་རེ་བྱེད་ན་ཁྱོས་རང་དང་ཁྱོད་ལ་ཉན་མཁན་གཉིས་འགའ་ར་ལ་སྐྱོབ་ཀྱི་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan