Biblia Todo Logo
Bìoball air-loidhne

- Sanasan -


༡ ཏི་མོ་ཐེའུ། 3 - གློ་བ།


ཆོས་ཚོགས་ཀྱི་ལྟ་རྟོག་པ་ཀྱ།

1 ཆོས་ཚོགས་ཀྱི་ལྟ་རྟོག་པ་འབྱུང་ཉིད་འདོད་མཁན་གྱིས། ལས་བཟང་ང་གཅིག་འདོད་ད་ལགས་སྨྲ་གིན་ལབ་འདི་བློ་འཁེལ་ལ་འདུག།

2 འོ་བྱས་རེ་ཆོས་ཚོགས་ཀྱི་ལྟ་རྟོག་པ་གོ་སྐྱོན་འཛུགས་གིའང་མེད་ཀྱིན་དང་། སྐྱེས་དམན་གཅིག་གི་ཁྱོ་ག། བསམ་བློ་མཐོང་ང་། ཚོད་ཟིམ་གྱིན་དང་། ཡ་རབས་བཟང་ང་དང་། མགྲོན་པོ་བསུ་ཡས་ལ་དགའ་གིན། དེ་ནས་སློབ་དཔོན་བྱེད་ཡས་ལ་མཁས་བ་འོད་ཀྱིན།

3 དེ་ནས་ཆང་འཐུང་བ་མེད་ཀྱིན། རྩུབ་བ་མེད་ཀྱིན། ཡིན་ནའང་ཞི་བ་འོད་ཀྱིན། དེ་ནས་རྩོད་པ་མེད་བརྒྱབ་ཀྱིན་དང་། དངུལ་ལ་མེད་ཆགས་ཀྱིན་འོང་དགོས་གུ་ལགས།

4 ཁོ་རང་གི་ཕྲུ་བ་ཀྱ་ལ་གི་རི་ནས་ཡ་རབས་ཀྱི་ཐོག་ནས་ཁ་ལ་ཉན་པོ་བཟོས་རེ། རང་གི་ནང་མི་ལ་ག་མོ་མ་སྐྱོང་དགོས་ཀྱི་ལགས།

5 གི་བྱས་རེ་སྨྲ་ན་རང་གི་ནང་མི་ལ་སྐྱོང་མེད་ཤེས་མཁན་གྱིས། དཀོན་མཆོག་གི་ཆོས་ཚོགས་གང་གི་བྱས་རེ་སྐྱོང་ཐུབ་ཀྱི་ལེ།

6 ཁོ་དད་པ་ལ་གསར་པ་འགྱུར་བ་མི་འོང་ཡས་མེད་ད་ལགས། གི་བྱས་རེ་སྨྲ་ན་ཁོ་སྤོབས་བ་སྐྱེས་རེ་བདུད་ཀྱི་ཆད་པ་ནང་ལ་ལྷིམ་ཐུབ་ཀྱི་ལགས།

7 ཕི་དི་མི་ཀྱ་ཡི་ལྟ་སྟངས་དུའང་ཁོ་བཟང་ང་འོད་ཀྱིན་གྱི་སྙན་གྲགས་འོང་དགོས་ཀྱི་ལགས། དེ་རེ་མིན་ན་ཁོ་ངོ་ཚ་དང་བདུད་ཀྱི་རྙི་ལ་ཆུད་ཡས་ཀྱི་ཉེན་ཁ་འོད་ད་ལགས།


ཆོས་ཚོགས་ཀྱི་ཞབས་ཏོག་པ་ཀྱ།

8 ཆོས་ཚོགས་ཀྱི་ཞབས་ཏོག་པ་ཀྱ་ཡ་རབས་དང་། ཁ་གཉིས་མེད་ཀྱིན་དང་། ཆང་མང་ང་འཐུང་ཉིད་མེད་འདོད་ཀྱིན་དང་། དངུལ་ལ་ཧམ་པ་མི་བྱེད་ཀྱིན་འོང་དགོས་ཀྱི་ལགས།

9 ཁོང་ཀྱ་དད་པ་ཡི་གསང་བ་གོ་ལ་ཤེས་རབ་བཟང་པོའི་ཐོག་ནས་སྲུང་དགོས་གུ་ལགས།

10 ཨེན་ལ་འོ་དེ་ཀྱ་ཡི་ཚོད་ལྟ་བྱེད། དེ་ནས་སྐྱོན་མ་ཕོག་པ་ཐོན་ན། ཁོང་ཀྱ་ལ་ཆོས་ཚོགས་ཀྱི་ཞབས་ཏོག་པ་བྱས་རེ་ལས་ཀ་བྱེད་དུ་ཆུག།

11 ཁོང་ཀྱ་ཡི་སྐྱེས་དམན་ཀྱ་འོ་བྱས་རེ་རང་ཡ་རབས་དང་། ཕྲ་མ་མི་བྱེད་ཀྱིན་དང་། བསམ་བློ་མཐོང་ང་དང་། གི་རི་ལ་དྲང་པོ་འོང་དགོས་ཀྱི་ལགས།

12 ཆོས་ཚོགས་ཀྱི་ཞབས་ཏོག་པ་གོ་སྐྱེས་དམན་གཅིག་གི་ཁྱོ་ག་འོང་དགོས་ཀྱི་ལགས། དེ་ནས་རང་གི་ཕྲུ་བ་ཀྱ་དང་ནང་མི་ཀྱ་ལ་ག་མོ་མ་སྐྱོང་གིན་འོང་དགོས་ཀྱི་ལགས།

13 ཞབས་ཏོག་པ་བྱུང་རེ་ཞབས་ཏོག་དགའ་འབུལ་གྱིན་ཀྱ་ལ་རང་ལ་གུས་ཞབས་ཐོབ་ཀྱི་ལགས། དེ་ནས་མཱ་ཤི་ཀ་ཡེ་ཤུ་ཡི་ཐོག་ནས་དད་པ་ལ་བློ་གཏད་ཆེ་ཐོབ་ཀྱི་ལགས།


དད་པ་ཡི་གསང་བ།

14 ང་ཁྱོའི་ཙ་རུ་མགྱོགས་བ་འོང་ཡས་ཀྱི་རེ་བ་བྱས་རེ་ཁྱོད་ལ་དེ་བསླབ་བྱ་ཀྱ་འབྲི་བ་ཡིན།

15 ཡིན་ནའང་ང་ཕི་རག་ན། ཁྱེད་ཀྱི་གསོན་པོ་དཀོན་མཆོག་གི་ནང་ལ་སྤྱོད་པ་ག་རེ་བྱེད་དགོས་ཡས་གོ་ཤེས་ལ་བྱེད་ཡས་ཀྱི་ཕྱིར་ལ་བྲིས་པའི། ནང་འདི་ནི་གསོན་པོ་དཀོན་མཆོག་གི་ཆོས་ཚོགས་དང་། བདེན་པ་ཉིད་ཀྱི་ཀ་བ་དང་རྨང་གཞི་ཡིན།

16 ཆོས་སེམས་ཀྱི་གསང་བ་དམི་ཅིག་གི་ཧ་ལས་བ་འདུག་སྨྲས་རེ་འེ་ཀྱ་ཁས་ལེན་ད་ཡིན། ཁོང་པ་ནི་ལུས་ལ་མངོན། ཐུགས་ཉིད་ཀྱིས་རྣམ་དག་པ་སྟོན། ནམ་མཁའི་བང་ཆེན་ཀྱ་ཡིས་ཁོང་པ་ལ་མཇལ། མི་རིགས་ནང་ལ་ཁོང་ནི་བསྒྲགས། འཇིག་རྟེན་དུ་ཁོང་པ་ལ་དད་པ་བྱས། གཟི་བརྗིད་ཀྱི་ཐོག་ནས་ནམ་མཁའི་ཞིང་ཁམས་ལ་འཕགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan