Biblia Todo Logo
Bìoball air-loidhne

- Sanasan -


༡ ཏི་མོ་ཐེའུ། 1 - གློ་བ།

1 འོ་རི་སྐྱབས་མགོན་དཀོན་མཆོག་དང་འོ་རི་རེ་བ་མཱ་ཤི་ཀ་ཡེ་ཤུའི་བཀའ་ལ་རྟེན་ཏེ། མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ང་པའུ་ལུ་ནས།

2 དད་པ་ལ་ངའི་བདེན་པའི་བུ་ཏི་མོ་ཐེའུ་ལ། ཡབ་དཀོན་མཆོག་དང་འོ་རི་གཙོ་བོ་མཱ་ཤི་ཀ་ཡེ་ཤུ་ནས་ཐུགས་རྗེ་དང་། སྙིང་རྗེ་དང་། ཞི་བདེ་བབ་པར་ཤོག།


ཆོས་ཟོག་པོ་ཀྱ་ཡི་སྐོར་ལ་ཉེན་བརྡ།

3 ང་མ་ཀེ་དོན་ཡཱ་ཡུལ་དུ་འགྲོའི་གང་ལ། ངས་ཁྱོད་ལ་ཞུ་གིན་ཅོག་རེ་འོ་དུ་རུ་འོད་ཀྱིན་ལྟ་བ་ཟོག་པོའི་ཆོས་བསླབས་མཁན་ཀྱ་ལ་ཉེན་བརྡ་བཏང་ཡས་ལ། ཁྱོད་ཨེ་ཕེ་སུ་རྒྱལ་ས་རུ་རང་སྡོད།

4 དེ་ནས་ཁུངས་ལུང་མེད་ཀྱིན་གཏམ་ཀྱ་དང་། རྫོགས་ཡས་མེད་ཀྱིན་རིགས་རྒྱུད་ཀྱ་ཡི་གཤམ་ལ་ཁོང་ཀྱ་ལ་འབྲང་དུ་མ་ཆུག། དེ་རེ་ཀྱ་ཡི་དད་པ་ནས་རག་ལུས་ཀྱིན་དཀོན་མཆོག་གི་ཕྱག་ལས་ཀྱ་སྒྲུབ་ཏུ་མི་བཅུག་བ་ལགས།

5 འོ་རི་བསླབ་བྱ་ཡི་དམིགས་ཡུལ་ནི་སེམས་གཙང་མ་དང་། ཤེས་རབ་བཟང་པོ་དང་། བདེན་པའི་དད་པ་ནས་འབྱུང་གིན་བྱམས་པ་ལགས།

6 མི་རིང་འགའ་དེ་ཀྱ་སྤངས་རེ་དོན་དག་མེད་ཀྱིན་བགྲོ་གླེང་ལ་མགོ་འཁོར་སྟེ་བསྡད་འདུག།

7 དེ་རེ་མི་ཀྱ་རང་གི་གི་སྨྲ་གིན་ཡང་ན་གིན་གྱི་ཐོག་ལ་སྤོབས་བ་སྐྱེས་རེ་སྨྲ་གིན་གོ། གིའང་ཧ་མ་གོ་བ་ལའང་ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་འབྱུང་ཡས་ཀྱི་འདོད་པ་བྱེད་ད་ལགས།

8 ཆོས་ཁྲིམས་དེ་དྲང་པོ་བྱས་རེ་བརྩིས་ན། ཆོས་ཁྲིམས་གོ་བཟང་ང་འདུག་སྨྲས་རེ་འོ་རང་ཤེས་ལ་ལགས།

9 དེ་ཤེས་རེ་ཆོས་ཁྲིམས་དེ་མི་དྲང་པོའི་ཕྱིར་ལ་མིན་ད་ཁྲིམས་གཏོར་མཁན་དང་། ཁ་ལ་མེད་ཉིན་མཁན། དེ་ནས་ཆོས་མི་རྩི་མཁན་ཀྱ་དང་། སྡིག་ཅན་ཀྱ། དེ་ནས་དམ་པ་མེད་མཁན་དང་། ཆོས་ལ་དོ་སྣང་མི་བྱེད་མཁན་ཀྱ། དེ་ནས་ཕ་མ་བསད་མཁན་ཀྱ་དང་། མི་བསད་མཁན་ཀྱ།

10-11 ལོག་གཡེམ་པ་ཀྱ་དང་། ཕོ་ལ་སྤྱོད་མཁན། དེ་ནས་མི་བྲན་གཡོག་ལ་བཙོངས་མཁན་དང་། ཟོག་བཤད་མཁན་ཀྱ། དེ་ནས་མནའ་མི་རྩི་མཁན་དང་། བྱིན་རླབས་ཅན་གྱི་དཀོན་མཆོག་གིས་ང་ལ་གནང་གིན་གཟི་བརྗིད་ཅན་གྱི་གཏམ་བཟང་གི་ལྟ་བ་དྲང་པོ་ལ་མི་མཐུན་གྱིན་གི་རིའི་ཕྱིར་ལ་ལགས།


པའུ་ལུ་ལ་དཀོན་མཆོག་གི་ཐུགས་རྗེ་གཟིགས་བ།

12 ང་ལ་ཤུགས་གནང་གིན་འོ་རི་གཙོ་བོ་མཱ་ཤི་ཀ་ཡེ་ཤུ་ལ་ང་ཐུགས་རྗེ་ཆེ་འབུལ་ལ་ཡིན། གི་བྱས་རེ་སྨྲ་ན་ཨེན་མ་ང་དཀོན་མཆོག་ལ་སྐུར་བ་འདེབས་ཀྱིན་གཅིག་དང་། སྡུག་སྦྱོང་བཏང་གིན་དང་། མི་རྩུབ་པོ་གཅིག་བྱེས་རེའང་ཁོང་པ་ཡི་ཞབས་ཕྱི་ལ་ང་ལ་བསྐོས་མཛད་དེ། ཁོང་པ་ཡིས་ང་ལ་བློ་གཏད་མཛད་སོང་།

13 དེ་ནས་ང་ལ་སྙིང་རྗེ་ཐོབ་བྱུང་། གི་བྱས་རེ་སྨྲ་ན་འོ་དེ་གི་རི་དད་པ་མེད་དེ་གང་ལ་ངས་མ་ཤེས་བ་བྱས་བ་ལགས།

14 འོ་རི་གཙོ་བོ་ཡེ་ཤུའི་ཐུགས་རྗེ་མཱ་ཤི་ཀ་ཡེ་ཤུ་ནས་འབྱུང་གིན་དད་པ་དང་། བྱམས་པ་མུ་ལ་ང་ལ་མོད་ཆོད་ལི་གནང་ང་མཛད་སོང་།

15 མཱ་ཤི་ཀ་ཡེ་ཤུ་ནི་སྡིག་ཅན་ཀྱ་ལ་སྐྱོབ་ཡས་ལ་འཇིག་རྟེན་དུ་ཕེབས་པ་ལགས་སྨྲ་གིན་དེ། བློ་བཀལ་ཐུབ་ཀྱིན་དང་གི་རིའི་ཐོག་ནས་ཁས་ལེན་བྱེད་དགོས་ཀྱིན་འདུག། འོ་དེ་སྡིག་ཅན་ཀྱ་ནས་ང་གོ་གཙོ་ཡིན།

16 ཡིན་ནའང་ང་སྡིག་ཅན་གྱི་གཙོ་བྱས་རེའང་། དཀོན་མཆོག་གིས་ང་ལ་ཐུགས་རྗེ་གཟིགས་ཏེ། མཱ་ཤི་ཀ་ཡེ་ཤུ་ཡིས་རང་གི་ཡང་དག་པའི་བཟོད་པ་ཡི་དཔེ་འབྱུང་ཡས་ལ་ང་ལ་བེད་སྤྱོད་གནང་སོང་། དེ་རེ་བྱས་རེ་མི་གཞན་མ་ཀྱ་ཡིས་འང་ཁོང་ལ་དད་པ་བྱས་རེ། མཐའ་མེད་པའི་ཚེ་སྲོག་འཐོབ་ཀྱི་ལགས་སྨྲས་རེ་ཧ་གོ་གི་ལགས།

17 དུས་གཏན་དུ་གནས་ཀྱིན་རྒྱལ་བོ། རྫོགས་ཡས་མེད་ཀྱིན། མིག་གིས་མཐོང་མེད་ཐུབ་ཀྱིན་དཀོན་མཆོག་གཅིག་གཅིག་པོ་ལ། རྒྱུན་ནས་རྒྱུན་དུ་བཀུར་བསྟི་དང་བསྟོད་པ་འབྱུང་བར་ཤོག། ཨ་མེན།

18 ངའི་བི་ཛ་ཏི་མོ་ཐེའུ། ཁྱོའི་སྐོར་ལ་ཨེན་མ་མངོན་ཤེས་ཀྱིན་ཚིག་ཀྱ་ལ་བལྟས་རེ། ང་ཁྱོད་ལ་བཀའ་འདི་བློ་བཀལ་རེ་སྐུལ་ལ་ཡིན། འོ་དེ་ཚིག་ཀྱ་ལ་ཁ་ལ་མཉན་ཏེ་དང་། རང་གི་དད་པ་དང་། ཤེས་རབ་བཟང་པོ་ལ་རྟེན་ཏེ་དམག་བཟང་པོ་ཐྲོབ།

19 རིང་འགའ་ཡིས་རང་གི་ཤེས་རབ་བཟང་པོ་ལ་མེད་ཉན་ད་རང་གི་དད་པ་རང་མེད་ད་ལ་བཏང་བ་ལགས།

20 འོ་དེ་ཀྱ་ནས་ཧུ་མེ་ནཱ་ཡུ་དང་ཨ་ལེག་སན་དེར་གཉིས་བོ་ལགས། དཀོན་མཆོག་ལ་སྐུར་བ་མེད་འདེབས་ཡས་ཀྱི་སྐོར་ལ་སྦྱང་ཡས་ལ། ངས་འདི་གཉིས་བོ་ལ་བདུད་ཀྱི་ལག་པ་ལ་རྩིས་བརྒྱབ་འོད།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan