Biblia Todo Logo
Bìoball air-loidhne

- Sanasan -


༡ ཐེ་ས་ལོ་ནི་ཀེ་པ། 4 - གློ་བ།


དཀོན་མཆོག་ལ་ཐུགས་མཉེས་བའི་མི་ཚེ།

1 སྤུན་ཟླ་ཀྱ་བོ། དཀོན་མཆོག་ལ་ཐུགས་མཉེས་བོ་མི་ཚེ་པུད་ཡས་ལ། འི་ཀིས་ཁྱེད་ཀྱ་ལ་བསླབ་བྱ་བརྒྱབ་པའི། དེ་ནས་ཁྱེད་ཀྱ་འོ་དེ་ཅོག་རེ་མི་ཚེ་བསྐྱལ་ལི། ད་དེ་ལ་ལྷག་བྱེད་རོགས་བྱེད་སྨྲས་རེ་གཙོ་བོ་ཡེ་ཤུ་ཡི་ཕྱོགས་ནས་འེ་ཀྱ་ཁྱེད་ཀྱ་ལ་ཞུ་བ་འབུལ་ལི་འོད།

2 གི་བྱས་རེ་སྨྲ་ན་གཙོ་བོ་ཡེ་ཤུ་ཡི་དབང་ནས་འི་ཀིས་ཁྱེད་ཀྱ་ལ་སྟེར་ད་བསླབ་བྱ་ཀྱ་ཁྱེད་ཀྱ་ཡིས་ཤེས་ལ་ལགས།

3 ཁྱེད་ཀྱ་ལོག་གཡེམ་ནས་འཛེམ་ཡས་དང་། དམ་པ་ལ་འགྱུར་གྱིན་གོ་དཀོན་མཆོག་གི་ཐུགས་དགོངས་ལགས།

4-5 རང་གི་ལུས་ལ་དམ་པ་དང་གུས་ཞབས་བྱེད་ཡས་ལ་ཁྱེད་ཀྱ་གི་རི་ཚོད་ཟིན། ཡིན་ནའང་དཀོན་མཆོག་ལ་མེད་ཤེས་མཁན་ཡ་ཧུ་དཱ་པ་མིན་མཁན་མི་རིགས་ཀྱ་ཅོག་རེ་འདོད་ཆགས་ཆེ་མ་བྱུང་།

6 དོན་དེ་ལ་མི་སུས་རང་གི་སྤུན་ལ་སྡུག་པོ་བཏང་རེ་མགོ་སྐོར་མེད་ཆོག་གི་ལགས། གི་བྱས་རེ་སྨྲ་ན་འི་ཀིས་ཁྱེད་ཀྱ་ལ་ཨེན་དུ་རུ་སྨྲ་གིན་ཅོག་རེ། གཙོ་བོས་དེ་རེ་ལས་ཀ་བྱེད་མཁན་ཀྱ་ལ་དགྲ་ཤ་ལེན་མཛད་ཀྱི་ལགས།

7 དཀོན་མཆོག་གིས་འོ་རང་ལ་མེད་གཙང་ང་འགྱུར་དུ་མ་བོས་བ། དམ་པ་འགྱུར་དུ་བོས་མཛད་པ་ལགས།

8 འོ་བྱས་རེ་དེ་ལབ་ལ་མི་བརྩིས་མཁན་ཀྱ་མིའི་བསླབ་བྱ་ལ་མིན་ད། དམ་པའི་ཐུགས་ཉིད་གནང་མཁན་དཀོན་མཆོག་ལ་ངོ་ལོག་བྱེད་ད་ལགས།

9 ད་སྤུན་ཟླ་གཅིག་གིས་གཅིག་ལ་བྱམས་པ་བྱེད་ཡས་ཀྱི་སྐོར་ལ་སུས་འང་ཁྱེད་ཀྱ་ལ་འབྲི་དགོས་གུ་མ་ལགས། གི་བྱས་རེ་སྨྲ་ན་གཅིག་གིས་གཅིག་ལ་བྱམས་པ་བྱེད་ཡས་ལ་དཀོན་མཆོག་གིས་བསླབས་གནང་བ་ལགས།

10 དེ་ནས་ཁྱེད་ཀྱ་མ་ཀེ་དོན་ཡཱ་རུ་འོད་མཁན་སྤུན་ཟླ་གི་རི་ལ་དེ་རེ་རང་བྱམས་པ་བྱེད་ད་ལགས། དེ་ནས་དོ་རང་འང་དེ་ལ་ལྷག་བྱེད་རོགས་བྱེད་སྨྲས་རེ་འེ་ཀྱ་ཡི་ཞུ་བ་འོད།

11 འེ་ཀྱ་ཡིས་ཁྱེད་ཀྱ་ལ་བསླབ་བྱ་སྟེར་གྱིན་ཅོག་རེ་ཁྱེད་ཀྱ་གཞན་མ་ཡི་དོན་དག་ལ་ཐེ་རུ་མ་རྒྱུག་བ། རང་གི་མི་ཚེ་གོ་འཇམ་པོ་མ་སྐྱོལ། དེ་ནས་རང་གི་ལག་པ་ཡིས་རང་དཀའ་ལས་བྱེད།

12 དེ་རེ་བྱེད་ན་དད་པ་མི་བྱེད་མཁན་ཀྱ་ཡིས་ཁྱེད་རི་མི་ཚེ་བསྐྱལ་སྟངས་ལ་གུས་ཞབས་བྱེད་ཀྱི་ལགས། དེ་ནས་ཁྱེད་ཀྱ་མི་གཞན་མ་ལ་རེ་མེད་དགོས་ཀྱི་ལགས།

13 ཡིན་ནའང་སྤུན་ཟླ་ཀྱ་བོ། རེ་བ་མེད་ཀྱིན་མི་གཞན་མ་ཀྱ་ཅོག་རེ་སྡུག་ང་མ་བྱེད་བར་ཤོག་སྨྲས་རེ་མཱ་ཤི་ཀ་བ་རེ་གྲོངས་ན། འོ་དེའི་སྐོར་ལ་ཁྱེད་ཀྱ་ལ་བདེན་པ་བྱས་རེ་ཤེས་ཡས་ལ་འེ་ཀྱ་ཡི་འདོད་པ་འོད།

14 གི་བྱས་རེ་སྨྲ་ན་ཡེ་ཤུ་གྲོངས་རེ་སྐུ་གསོན་པོ་བཞེངས་བ་ལགས་སྨྲས་རེ་འོ་རང་ཡིད་ཆེས་བྱེད་ད་ལགས། དེ་ནས་དད་པ་བྱེད་མཁན་གྲོངས་མཁན་ཀྱ་ལ་དཀོན་མཆོག་གིས་ཡེ་ཤུ་མུ་ལ་འཁྲིད་བ་མཛད་ཀྱི་ལགས་སྨྲས་རེ་འོ་རང་དད་པ་བྱེད་ད་ལགས།

15 འེ་ཀྱ་ཁྱེད་ཀྱ་ལ་གཙོ་བོའི་བཀའ་ནས་དེ་རེ་སྨྲ་ཡིན། གཙོ་བོ་ཕེབས་བའི་གང་ལ། གསོན་པོ་འོད་མཁན་ཀྱ་གྲོངས་ཚར་མཁན་ཀྱ་ལས་ཨེན་ལ་དཀོན་མཆོག་གི་དྲུང་དུ་མེད་འགྲོ་གི་ལགས།

16 གི་བྱས་རེ་སྨྲ་ན་གཙོ་བོ་ཁོང་པ་རང་ནམ་མཁའི་ཞིང་ཁམས་ནས་གསུང་སྐད་ཆེ་དང་། དཀོན་མཆོག་གི་བང་ཆེན་ཀྱ་ཡི་བོས་སྒྲ་དང་། དཀོན་མཆོག་གི་དུང་ཆེན་གྱི་སྐད་མུ་ལ་ཕེབས་ཀྱི་ལགས། དེ་ནས་གཙོ་བོ་ཡེ་ཤུ་ལ་དད་པ་བྱས་རེ་གྲོངས་མཁན་ཀྱ་ཨེན་ལ་གསོན་པོ་འགྱུར་གྱི་ལགས།

17 དེ་ནས་འོ་རང་གསོན་པོ་འོད་མཁན་དང་། ལས་མཁན་ཀྱ་གཙོ་བོ་ལ་གནམ་ལ་མཇལ་ཡས་ལ། ཁོང་ཀྱ་མུ་ལ་སྲིང་གི་ནང་དུ་འཁྲིད་མཛད་ཀྱི་ལགས། དེ་ནས་འོ་རང་ཀྱ་གཙོ་བོ་མུ་ལ་ཙོག་བའི་གནས་ཀྱི་ལགས།

18 འོ་བྱས་རེ་གཅིག་གིས་གཅིག་ལ་གཏམ་དེ་བཤད་དེ་སེམས་གསོ་སྤོར།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan