Biblia Todo Logo
Bìoball air-loidhne

- Sanasan -


༡ ཐེ་ས་ལོ་ནི་ཀེ་པ། 2 - གློ་བ།


ཐེ་ས་ལོ་ནི་ཀེ་རུ་པའུ་ལུ་ཡི་ཕྱག་ལས།

1 སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་མུ་ལ་འི་ཀི་ཐུག་འཕྲད་ཆོ་མེད་ཀྱིན་མ་བྱུང་སོང་སྨྲས་རེ་ཁྱེད་ཀྱ་ལ་ཆ་འོད་ད་ལགས།

2 འེ་ཀྱ་ཡིས་ཕི་ལིབ་པཱི་རུ་སྡུག་པོ་དང་སྨད་སྤྲ་མྱངས་ཀྱིན་གོ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས། ཡིན་ནའང་ངོ་ལོག་ཤུགས་ཆེའི་ཁོག་ནས། དཀོན་མཆོག་གི་གཏམ་བཟང་ཁྱེད་ཀྱ་ལ་ཁྱབ་བསྒྲགས་བྱེད་ཡས་ལ་དཀོན་མཆོག་ནས་འེ་ཀྱ་ལ་སྙིང་སྟོབས་འབྱོར་སོང་།

3 འི་ཀིས་བཤད་ཀྱིན་གཏམ་བཟང་འདི་ནོར་འཁྲུལ་ཡང་མིན་ན། བསམ་བློ་མེད་གཙང་ང་དང་མི་ལ་མགོ་སྐོར་ཡས་ལ་མ་ལགས།

4 ཡིན་ནའང་གཏམ་བཟང་འདི་འི་ཀི་ཁར་ལ་བློ་བཀལ་ཡས་ལ། དཀོན་མཆོག་གིས་འེ་ཀྱ་ལ་ཐག་གཅོད་མཛད་དེ་འེ་ཀྱ་མི་ཡི་དགའ་སྤྲོ་ཡི་ཕྱིར་ལ་མིན་ད། འོ་རི་སྙིང་གི་ཚོད་གཟིགས་མཁན་དཀོན་མཆོག་ལ་ཐུགས་མཉེས་པོ་འོང་ཡས་ལ་བཤད་ད་ཡིན།

5 འེ་ཀྱ་ཡིས་ཁྱེད་ཀྱ་ལ་ནམ་མའང་མགོ་སྐོར་གྱིན་ལབ་ཀྱ་མ་བཏང་། དེ་ནས་གིན་གྱི་ཐོག་ནས་འང་འདོད་རྔམས་མ་བྱེད་སྨྲས་རེ་ཁྱེད་ཀྱ་ཤེས་ལ་ལགས། དཀོན་མཆོག་རང་དཔང་པོ་ཡིན།

6 མཱ་ཤི་ཀའི་སྐུ་ཚབ་བྱུང་རེ་འེ་ཀྱ་ཡིས་ཁྱེད་ཀྱ་ལ་དབང་ཆ་བྱེད་ཐུབ་ཡས་འོད། ཡིན་ནའང་མི་སུ་ནས་འང་འི་ཀིས་བསྟོད་སྒྲ་མ་བཙལ། ཁྱེད་ཀྱ་ནས་མིན། དེ་ནས་གཞན་མ་ཀྱ་ནས་མིན།

7 ཡིན་ནའང་ཨ་མས་རང་གི་ཕྲུ་སྐྱོང་གིན་ཅོག་རེ་ཁྱེད་ཀྱ་ཡི་ཁོག་ལ་འེ་ཀྱ་འཇམ་པོ་བྱས་རེ་བསྡད་པའི།

8 འེ་ཀྱ་ཡིས་ཁྱེད་ཀྱ་ལ་དམི་ཅིག་གི་བརྩེ་བ་བྱས་རེ། ཁྱེད་ཀྱ་ལ་དཀོན་མཆོག་གི་གཏམ་བཟང་གཅིག་ཀ་མིན་ད། རང་གི་སྲོག་གོའང་སྦྱིན་པ་བཏང་ཡས་ལ་གྲ་སྒྲིག་བྱུང་བའི། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་འི་ཀི་གཅེས་བའི་སྤུན་བྱུང་བ་ལགས།

9 སྤུན་ཟླ་ཀྱ་བོ། ཁྱེད་ཀྱ་ལ་དཀོན་མཆོག་གི་གཏམ་བཟང་བཤད་དེ་གང་ལ། སུ་ལའང་ཁག་བ་མ་བྱུང་བར་ཤོག་སྨྲས་རེ་འི་ཀིས་ཉིན་མཚན་ལས་ཀ་བྱས་བའི། དེ་ནས་འི་ཀི་བཀལ་ལས་དང་སྡུག་པོ་ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས།

10 ཁྱེད་དད་པ་བྱེད་མཁན་ཀྱ་ཡི་ཁོག་ཏུ་འི་ཀི་སྤྱོད་པ་དམ་པ་དང་། དྲང་པོ་དང་། སྐྱོན་མེད་ཀྱིན་གྱི་དཔང་པོ་གོ་ཁྱེད་ཀྱ་རང་དང་དཀོན་མཆོག་ཡིན།

11-12 ཁྱེད་ཀྱ་ལ་ཤེས་ཡས་འོད་ད་ལགས། ཨ་རྒས་གཅིག་གིས་རང་གི་ཕྲུ་བ་ཀྱ་ལ་ལྕག་བརྒྱབ་ཀྱིན་ཅོག་རེ། འི་ཀིས་ཁྱེད་ཀྱ་ལ་དཀོན་མཆོག་ལ་ཐུགས་མཉེས་པོ་འོང་ཡས་ཀྱི་མི་ཚེ་བསྐྱལ་ཡས་ལ། བསླབ་བྱ་སྟེར་ཏེ་སེམས་ཤུགས་སྤར་ཏེ་ཁྱེད་ཀྱ་ལ་ལྕག་བརྒྱབ་པའི། ཁོང་པ་དཀོན་མཆོག་གིས་རང་ཁྱེད་ཀྱ་ལ་རང་གི་རྒྱལ་སྲིད་དང་གཟི་བརྗིད་ལ་འབོད་གནང་ང་ལགས།

13 འེ་ཀྱ་ནས་གོ་གིན་དཀོན་མཆོག་གི་བཀའ་དེ་ཁྱེད་ཀྱ་ཡིས་འོ་དེ་ལ་མིའི་བཀའ་ཅོག་རེ་མིན་ད། དཀོན་མཆོག་རང་གི་བཀའ་སྨྲས་རེ་ཁས་ལེན་པ་ལགས། དེ་ནས་ཁྱེད་དད་པ་བྱེད་མཁན་ཀྱ་ཡི་ཁོག་ཏུ་དཀོན་མཆོག་གི་ཕྱག་ལས་གྲུབ་ཀྱིན་གོ་ལ། འེ་ཀྱ་མེད་ཆད་ད་དཀོན་མཆོག་ལ་ཐུགས་རྗེ་ཆེ་འབུལ་ལི་འོད།

14 སྤུན་ཟླ་ཀྱ་བོ། ཡུ་དེ་ཡཱ་རུ་འོད་མཁན་ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱེད་མཁན་དཀོན་མཆོག་གི་ཆོས་ཚོགས་ཀྱི་ལད་མོ་བྱེད་མཁན་ཁྱེད་ཀྱ་བྱུང་སོང་། གི་བྱས་རེ་སྨྲ་ན་ཁོང་ཀྱ་ལ་ཡ་ཧུ་དཱ་པ་ཀྱ་ཡིས་སྡུག་པོ་བཏང་གིན་ཅོག་རེ། ཁྱེད་ཀྱ་ལའང་ཁྱེད་རི་རང་གི་མི་ཀྱ་ཡིས་སྡུག་པོ་བཏང་བ་ལགས།

15 འོ་དེ་ཡ་ཧུ་དཱ་པ་ཀྱ་ཡིས་གཙོ་བོ་ཡེ་ཤུ་དང་མངོན་ཤེས་མཁན་ཀྱ་ལ་བསད་པ་ལགས། དེ་ནས་འོ་རང་ཀྱ་ལ་བཏོན་ཏེ་བརྫངས་བ་ལགས། དེ་ནས་དཀོན་མཆོག་ལ་འཐད་ད་མི་བྱེད་ད། མི་གི་རི་ལ་ངོ་ལོག་བྱེད་ད་ལགས།

16 དེ་ནས་མི་རིགས་གཞན་མ་ཀྱ་ལ་ཐར་པའི་ལམ་གྱི་སྐོར་ལ་བཤད་ཡས་ལ། དེ་ཀྱ་ཡིས་འོ་རང་ལ་བཀག་ཡས་ཐབས་ཤེས་བྱས་རེ་རང་གི་སྡིག་པའི་ཚད་གོ་བསགས་བའི། ཡིན་ནའང་མཐའ་ལ་དཀོན་མཆོག་གི་ཐུགས་ཁྲོ་ཁོང་ཀྱ་ཁར་ལ་བབས་པ་ལགས།

17 ཡིན་ནའང་སྤུན་ཟླ་ཀྱ་བོ། འེ་ཀྱ་ཡུན་འཐུང་བ་ཡི་ཕྱིར་ལ་ལུས་ཀྱི་ཐོག་ནས་ཁྱེད་ཀྱ་ནས་བྲལ་ན། སེམས་ཉིད་ནས་མ་བྲལ་འོད། ཁྱེད་ཀྱ་དམི་ཅིག་གི་དྲན་ཏེ་ཁྱེད་ཀྱ་ལ་མངོན་སུམ་མཐོང་ཡས་ལ་འི་ཀི་འདོད་པ་ཆེ་འོད།

18 འེ་ཀྱ་ཁྱེད་ཀྱ་རྩ་རུ་འོང་ཡས་ལ་འདོད་པ་བྱས་བའི། དེ་ནས་ང་པའུ་ལུ་ཡིས་ལྡབ་ལེ་ཀུལ་ལེ་འདོད་པ་བྱས་བའི། ཡིན་ནའང་བདུད་ཀྱིས་འེ་ཀྱ་ལ་བཀག་བྱུང་།

19 གཙོ་བོ་ཡེ་ཤུ་ཕེབས་བའི་གང་ལ། ཁོང་པ་ཡི་དྲུང་དུ་འི་ཀི་རེ་བ་དང་། དགའ་སྤྲོ་དང་། དབུ་རྒྱན་གྱི་ངོམ་སོ་གོ་ཁྱེད་ཀྱ་རང་མ་ལགས་སེ།

20 དངོས་གནས་ཁྱེད་ཀྱ་རང་འི་ཀི་གཟི་བརྗིད་དང་དགའ་སྤྲོ་ཡིན།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan