༡ པེ་ཏྲོ། 5 - གློ་བ།འགོ་ཁྲིད་ཀྱ་དང་གཞོན་པ་ཀྱ། 1 ང་རང་ཆོས་ཚོགས་ཀྱི་འགོ་ཁྲིད་གཅིག་ཡིན་གྱིན་བྱས་རེ། དེ་ནས་མཱ་ཤི་ཀའི་སྡུག་པོ་མྱངས་ཀྱིན་གྱི་དཔང་པོ་དང་། གཤམ་ལ་མངོན་ཡས་ཡིན་གྱིན་གཟི་བརྗིད་ལ་མུ་ལ་ཐེ་ཡས་ཡིན་གྱིན་གཅིག་བྱས་རེ། ང་ཁྱེད་ཀྱ་ནང་ནས་འགོ་ཁྲིད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། 2 ཁྱེད་ཀྱ་ཡི་ལས་འགན་ལ་གནང་ན་དཀོན་མཆོག་གི་ལུག་ཁྱུ་ལ་འཚོ་སྐྱོང་བྱེད། མིས་ཨུ་ཚུགས་བྱས་རེ་མིན་ད་ཡིན་ནའང་དཀོན་མཆོག་གི་ཐུགས་དགོངས་ལ་རྟེན་ཏེ་རང་གི་འཐད་དེ་བྱེད། དེ་ནས་རྒྱུ་ནོར་ལ་བརྔམས་ཏེ་མིན་ད། ཡིན་ནའང་ཞབས་ཏོག་འབུལ་ཡས་ལ་འདོད་པ་བྱས་རེ་འཚོ་སྐྱོང་བྱེད། 3 ཁྱེད་ཀྱ་ཡི་ལས་འགན་ལ་འོད་མཁན་ཀྱ་ཁར་ལ་དབང་ཆ་བྱས་རེ་མིན་ད། ཡིན་ནའང་ལུག་ཁྱུ་ཀྱ་ཡི་ཕྱིར་ལ་དཔེ་འབྱུང་རེ་འཚོ་སྐྱོང་བྱེད། 4 དེ་ནས་རྫི་བོ་གཙོ་གོ་མངོན་སུམ་དུ་ཕེབས་བའི་གང་ལ། ཁྱེད་ཀྱ་ལ་ནམ་མའང་ཡལ་རེ་མེད་འགྲོ་གིན་གཟི་བརྗིད་ཀྱི་ཅོད་པན་འཐོབ་ཀྱི་ལགས། 5 འདུག་བྱས་རེ་རང་གཞོན་པ་ཀྱ་བོ། རྒན་པ་ཀྱ་ཡི་འོག་ལ་སྡོད། ཁྱེད་ཀྱ་གི་རི་ཉམ་ཆུང་གི་ཐོག་ནས་གཅིག་གིས་གཅིག་ལ་ཞབས་ཕྱི་ཞུས། གི་བྱས་རེ་སྨྲ་ན། དཀོན་མཆོག་གིས་ང་རྒྱལ་ཆེ་ཀྱ་ལ་ངོ་ལོག་མཛད་ད་ལགས། ཡིན་ནའང་ཉམ་ཆུང་ཀྱ་ལ་ཐུགས་རྗེ་མཛད་ད་ལགས། 6 འོ་བྱས་རེ་དཀོན་མཆོག་གི་མཐུ་སྟོབས་ཆེ་ཕྱགས་ཀྱི་འོག་ཏུ། རང་རང་ལ་ཉམ་ཆུང་བཟོས། དེ་ནས་དུས་ཏིག་ཏིག་གོ་བབ་བའི་གང་ལ་ཁོང་པ་ཡིས་ཁྱེད་ཀྱ་ལ་ཡར་བཀྱག་མཛད་ཀྱི་ལགས། 7 དེ་ནས་ཁྱེད་ཀྱ་ཡི་སེམས་ཁྲལ་གི་རི་ཁོང་པ་ལ་ཕུལ། གི་བྱས་རེ་སྨྲ་ན་ཁོང་པ་ཡིས་ཁྱེད་ཀྱ་ཡི་གཟིགས་སྐྱོང་མཛད་ད་ལགས། 8 ཁྱེད་ཀྱ་རང་ཚོད་ཟིམ་ཏེ་སྤྱང་རྫེ་བྱེད། ཁྱེད་ཀྱ་ཡི་དགྲ་ཡིན་གྱིན་བདུད་ནི་ངར་སྐད་སྟོན་གྱིན་སེང་གེ་ཅོག་རེ། སུ་ལ་རྙེད་དེ་ཟ་གུ་ནུང་སྨྲས་རེ་བཙལ་རེ་རྒྱུག་བ་ལགས། 9 རང་གི་དད་པ་ལ་བརྟན་པོ་བྱུང་རེ་བདུད་ཀྱི་ངོ་ལོག་བྱེད། གི་བྱས་རེ་སྨྲ་ན་འཇིག་རྟེན་འོད་ལེ་རུ་ཁྱེད་ཀྱི་སྤུན་ཀྱ་ཡིས་འང་དེ་རེ་སྡུག་པོ་རང་མྱངས་བའི་འོད་ད་ལགས། 10 དེ་ནས་ཁྱེད་ཀྱ་ཡིས་དུས་ཏི་ཏེ་གཅིག་སྡུག་པོ་མྱངས་ཀྱིན་གཤམ་ལ། མཱ་ཤི་ཀའི་ནང་མཐའ་མེད་པའི་གཟི་བརྗིད་ལ་ཁྱེད་ཀྱ་ལ་འབོད་གནང་མཁན་དང་། ཐུགས་རྗེ་ཆེན་པོ་དཀོན་མཆོག་གིས་རང་ཁྱེད་ཀྱ་ལ་སླར་གསོ་ཡས་དང་། བརྟན་པོ་མཛད་ཡས་དང་། སྟོབས་ཤུགས་གནང་ཡས་དང་། ཡིད་ཆེས་ཀྱི་རྨང་གཞི་བརྟན་པོ་མཛད་ཀྱི་ལགས། 11 དུས་གཏན་དུ་དབང་ཁོང་པ་ཡི་འོང་བར་ཤོག། ཨ་མེན། མཐའ་མའི་འཚམས་འདྲི། 12 ངས་བློ་བཀལ་ཐུབ་ཀྱིན་བརྩིས་ཙ་སྤུན་སིལ་ཝ་ནུ་ཡི་ཐོག་ནས་ཡིག་ཐུང་ང་འདི་བྲིས་བ་ཡིན། དཀོན་མཆོག་གི་ཐུགས་རྗེ་བདེན་པ་གོ་དེ་རང་ཡིན་སྨྲས་རེ་ང་ཁྱེད་ཀྱ་ལ་སེམས་ཤུགས་དང་དཔང་པོ་སྟེར་ར་ཡིན། དེ་ནས་དེ་ལ་རང་བརྟན་པོ་གནས་ཏེ་སྡོད། 13 ཁྱེད་ཀྱ་ལ་ཅོག་རེ་བདམས་ད་བཱ་བི་ལོན་ཡུལ་གྱི་ཆོས་ཚོགས་དང་། ངའི་བུ་ཅོག་རེ་ཡིན་མཁན་མར་ཀུ་ཡིས་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། 14 གཅིག་གིས་གཅིག་ལ་བྱམས་པའི་འོ་ཡིས་འཚམས་འདྲི་ཞུས། མཱ་ཤི་ཀ་ནང་འོད་མཁན་ཁྱེད་ཀྱ་གི་རི་ལ་ཞི་བདེ་འོང་བར་ཤོག།།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.