Biblia Todo Logo
Bìoball air-loidhne

- Sanasan -

༡ པེ་ཏྲོ། 3 - གློ་བ།


ཁྱོ་ག་དང་སྐྱེས་དམན།

1 སྐྱེས་དམན་ཀྱ་བོ། དེ་རེ་རང་བྱས་རེ་རང་གི་ཁྱོ་གའི་འོག་ལ་སྡོད། དེ་ནས་ཁོང་ཀྱ་ནས་རིང་འགའ་ཡིས་དཀོན་མཆོག་བཀའ་ལ་མི་བརྩིས་ནའང་། ཁོ་རི་སྐྱེས་དམན་ཀྱ་ཡིས་སྤྱོད་པའི་བྱས་རེ་བཤད་མེད་དགོས་ལ་ལགས། ཁོང་ཀྱ་ཡིས་སེམས་འགྱུར་བ་ཐེབས་ཐུབ་ཀྱི་ལགས།

2 ཁྱེད་རི་སྤྱོད་པ་གཙང་མ་དང་གུས་ཞབས་འོད་ཀྱིན་གོ་མཐོང་རེ། ཁོང་ཀྱ་འགྱུར་སྲིད་ཀྱི་ལགས།

3 སྐྲ་ལྷས་མ་ལྷས་རེ་དེ་ནས་གསེར་གྱི་རྒྱན་ཆ་ཀྱ་དང་གོས་སྤུས་མ་གོན་ཏེ་ཁྱེད་རི་ཕི་ཏི་གཟབ་སྤྲོས་མ་འོང་བར་ཤོག།

4 ཡིན་ནའང་ཁྱེད་ཀྱི་གཟབ་སྤྲོས་ནི་ཁྱེད་རི་སེམས་ནང་དུ་ཡལ་རེ་མེད་འགྲོ་གིན་འཇམ་པོ་དང་ཁུ་སིམ་པོའི་སེམས་འོང་དགོས། དེ་ནི་དཀོན་མཆོག་གི་དམིགས་བ་རུ་རྩ་ཆེ་འོད་ད་ལགས།

5 གི་བྱས་རེ་སྨྲ་ན་དེ་རེ་རང་བྱས་རེ་དཀོན་མཆོག་ལ་རེ་བ་བྱེད་མཁན་ཨེན་མའི་དམ་པའི་སྐྱེས་དམན་ཀྱ། རང་གི་ཁྱོ་ག་ཀྱ་ཡི་འོག་ལ་བསྡད་དེ་རང་ལ་མཛེས་བ་བཟོ་བ་ལགས།

6 དཔེ་ལ་ལྟ་ན། ས་རཱ་ཡིས་རང་གི་ཁྱོ་ག་ཨབ་ར་ཧམ་ལ་བརྩིས་རེ་ཁོང་ལ་རང་གི་བདག་པོ་སྨྲས་རེ་བོས་བ་ལགས། ཁྱེད་ཀྱ་ཡིས་འང་འཇིགས་སྣང་མི་བྱེད་ད་ལས་བཟང་ང་ཀྱ་བྱེད་ན། ཁྱེད་ཀྱ་མོའི་བུ་མོ་ཀྱ་བྱུང་ང་ལགས།

7 ཁྱོ་ག་ཀྱ་བོ། དེ་རེ་རང་བྱས་རེ་རང་གི་སྐྱེས་དམན་མུ་ལ་བསམ་བློ་མཐོང་ང་བྱུང་རེ་མི་ཚེ་སྐྱོལ། དེ་ནས་དཀོན་མཆོག་གིས་གནང་ན་མི་ཚེའི་ཐུགས་རྗེ་ནང་ལ། ཁྱོའི་མུ་ལ་ཁོང་ཀྱ་རྒྱུད་འཛིན་ཡིན་གྱིན་བྱས་རེ། མོ་རོགས་བ་སྐྱོ་བ་གཅིག་ཡིན་ན་མོ་ལ་བཀུར་སྟི་བྱེད། དེ་ནས་ཁྱེད་ཀྱི་སྨོན་ལམ་ལ་གིའང་བར་ཆད་འོང་གི་མ་ལགས།


ལས་བཟང་གི་ཕྱིར་ལ་སྡུག་ང་མྱངས་བ།

8 མཐའ་མ་ལ་ཁྱེད་ཀྱ་གི་རི་སེམས་མཐུན་པ་དང་། སྙིང་རྗེ་དང་། ཕན་ཚུན་ལ་བྱམས་པ་དང་། བརྩེ་སེམས་དང་། ཉམ་ཆུང་འབྱུང་དགོས།

9 ངན་པ་ལ་ངན་པ་ཡང་ན་དམའ་འབེབས་ཚབ་ལ་དམའ་འབེབས་ཀྱི་ལན་མ་སློག། ཡིན་ནའང་འདི་ཚབ་ལ་བྱིན་རླབས་སྟེར། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་བྱིན་རླབས་འཐོབ་ཡས་ཀྱི་ཕྱིར་ལ་རང་ཁྱེད་ཀྱ་བོས་བ་ལགས།

10 གི་བྱས་རེ་སྨྲ་ན། རང་གི་སྲོག་ལ་བརྩེ་བ་བྱེད་ཡས། དང་སྐྱིད་པའི་ཉིན་མ་ཀྱ་མཐོང་ཉིད་འདོད་མཁན་ཀྱ་ཡིས། རང་གི་ལྕེ་མོ་ལ་ངན་པ། དང་རང་གི་ཁ་ལ་མགོ་སྐོར་གྱིན་ལབ་ཀྱ་ནས་སྲུང་དགོས།

11 ངན་པ་སྤངས་ཏེ་བཟང་ང་བྱེད་དགོས། དེ་ནས་ཞི་བདེ་བཙལ་རེ་འོ་དེ་གཤམ་ལ་འབྲང་དགོས།

12 གི་བྱས་རེ་སྨྲ་ན་གཙོ་བོའི་སྤྱན་དྲང་བདེན་ཀྱ་ཡི་ཁར་ལ་འོང་ང་ལགས། དེ་ནས་ཁོང་པ་ཡི་ཨམ་མཆོག་གིས་ཁོང་ཀྱ་ཡི་སྨོན་ལམ་ལ་གསན་ད་ལགས། ཡིན་ནའང་ཁོང་པ་ཡི་ཞལ་ངན་པ་བྱེད་མཁན་ཀྱ་ནས་སློག་བ་ལགས།

13 ཁྱེད་ཀྱ་བཟང་ང་བྱེད་ཡས་ལ་སེམས་ཤུགས་འོད་ན། སུས་ཁྱེད་ཀྱ་ལ་གནོད་བསྐྱལ་གྱི་ལེ།

14 ཡིན་ནའང་དྲང་བདེན་གྱི་ཆེད་དུ་ཁྱེད་ཀྱ་སྡུག་པོ་མྱངས་དགོས་ན། ཁྱེད་ཀྱ་བྱིན་རླབས་ཆེ་ལགས། ཁོང་ཀྱ་ཡིས་འཇིགས་སྐྲག་སྐུལ་གྱིན་ལ་མ་འཇིགས། དེ་ནས་རང་གི་སེམས་འཁྲུག་ཏུ་མ་ཆུག།

15 ཡིན་ནའང་རང་གི་སེམས་ནང་ནས་མཱ་ཤི་ཀ་ལ་ཁྱེད་རི་གཙོ་བོ་བརྩིས་རེ་སྙིང་བཀུར་བྱེད། དེ་ནས་ཁྱེད་ཀྱ་ལ་འོད་ཀྱིན་རེ་བའི་སྐོར་ལ་དྲི་བ་བྱེད་མཁན་ཀྱ་ལ་ལན་སྟེར་ཡས་ལ་ཙོག་བའི་གྲ་སྒྲིག་སྡོད། ཡིན་ནའང་ལན་སྟེར་རེ་གང་ལ་འཇམ་པོ་མ། དེ་ནས་གུས་ཞབས་དང་།

16 བསམ་བློ་རྣམ་པ་དག་པའི་སྒོ་ནས་བྱེད་དགོས། དེ་རེ་བྱེད་ན་མཱ་ཤི་ཀ་ནང་འོད་ཀྱིན་ཁྱེད་ཀྱི་སྤྱོད་པ་བཟང་ང་ལ་སྨད་སྤྲ་པབ་མཁན་ཀྱ། རང་གི་སྨད་སྤྲ་ཡིས་རང་ངོ་ཚ་རུ་བཅུག་གི་ལགས།

17 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་ཐུགས་དགོངས་འོད་ན། ངན་པ་བྱས་རེ་མྱངས་ཡས་ནས་འང་བཟང་ང་བྱས་རེ་མྱངས་ཡས་དེ་དགའ་གུ་ལགས།

18 གི་བྱས་རེ་སྨྲ་ན་འོ་རང་ལ་དཀོན་མཆོག་དྲུང་དུ་འཁྲིད་ཡས་ཀྱི་ཕྱིར་ལ། མཱ་ཤི་ཀའང་འོ་རི་སྡིག་པ་ཀྱ་ཡི་ཆེད་དུ་གྲོངས་བ་ལགས། དྲང་བདེན་གོ་མེད་དྲང་ང་ཡི་ཆེད་དུ་གྲོངས་པ་ལགས། ཁོང་པ་ལུས་ལ་བསད་པ་ལགས། ཡིན་ནའང་ཐུགས་ཉིད་ཀྱི་ཐོག་ནས་ཁོང་སྐུ་གསོན་པོ་མཛད་པ་ལགས།

19 ཁོང་པ་ཐུགས་ཉིད་ཐོག་ནས་ཕེབས་ཏེ་བཙོན་ཁང་ལ་འོད་མཁན་སེམས་ཉིད་ཀྱ་ལ་ཆོས་གསུངས་ང་མཛད་པ་ལགས།

20 ཁོང་ཀྱ་ནི་ནོ་ཨ་ཡིས་གྲུ་གཟིངས་བཟོ་གིན་དུས་ལ་དཀོན་མཆོག་གིས་བཟོད་པ་བྱས་རེ་སྒུག་མཛད་ཀྱིན་གང་ལ། བཀའ་ལ་མེད་ཉན་གྱིན་མི་ཀྱ་ལགས། འོ་དེ་གྲུ་གཟིངས་ནང་ལ་ཆུ་ལོག་ནས་མི་བརྒྱད་མ་ན་མ་ཐར་པ་ལགས།

21 ཆུ་འདི་ནི་ཁྱེད་ཀྱ་ལ་ད་ལྟ་སྐྱོབ་ཀྱིན་ཁྲུས་གསོལ་གྱི་རྟགས་ལགས། འདི་ནི་ལུས་ཀྱི་དྲི་མ་འཁྲུད་ཀྱིན་ཅོག་རེ་མ་ལགས། ཡིན་ནའང་བསམ་བློ་ནམ་པ་དག་པ་ཡི་ཕྱིར་ལ་དཀོན་མཆོག་གི་དྲུང་དུ་དམ་བཅའ་གཅིག་ལགས། ཡེ་ཤུ་མཱ་ཤི་ཀ་འཆི་བ་ནས་སྐུ་གསོན་པོ་འགྱུར་གྱིན་གྱི་ཐོག་ནས་ཁྲུས་གསོལ་གྱིས་ཁྱེད་ཀྱ་ལ་སྐྱོབ་ཀྱི་ལགས།

22 ཁོང་པ་ནམ་མཁའི་ཞིང་ཁམས་དུ་ཕེབས་ཏེ་དེ་ནས་དཀོན་མཆོག་གི་ཕྱག་གཡས་ཕྱོགས་ལ་བཞུགས་འོད་ད་ལགས། དེ་ནས་ནམ་མཁའི་བང་ཆེན་ཀྱ་དང་། དབང་དང་། ནུས་མཐུ་འོད་མཁན་སེམས་ཉིད་ཀྱ་ཁོང་པ་ཡི་འོག་ལ་འོད་ད་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan