༡ པེ་ཏྲོ། 2 - གློ་བ།ཡེ་ཤུ་ནི་རྡོ་གསོན་པོ་ཡིན་གྱིན་གྱི་སྐོར། 1 འོ་བྱས་རེ་ངན་སེམས་དང་། མགོ་སྐོར་དང་། ཟོག་དང་། ཕྲག་དོག་དང་། སྨད་སྤྲ་བཏང་ཡས་གི་རི་ཁྱེད་ཀྱ་ཡིས་སྤོངས། 2 དེ་ནས་ཁྱེད་ཀྱ་ཐར་པའི་ཐོག་ནས་འཚར་ལོངས་འབྱུང་ཡས་ལ་ཕྲུ་སྨ་ཉག་ཀྱ་ཅོག་རེ། སེམས་ཉིད་ཀྱི་འོ་མ་འཐུང་ཡས་ལ་འདོད་པ་བྱེད། 3 ཁྱེད་ཀྱ་ཡིས་གཙོ་བོའི་ཐུགས་རྗེའི་བྲོ་བ་ལེན་ལ་བྱས་རེ་དེ་རེ་བྱེད་དགོས། 4 དེ་ནས་མི་ཡིས་སྤངས་པ་ཡིན་ནའང་དཀོན་མཆོག་གི་དམིགས་བ་རུ་ཁོང་པ་བདམས་ད་དང་། རྩ་ཆེ་ཡིན་གྱིན་རྡོ་གསོན་པོ་ཡིན་གྱིན་གཙོ་བོའི་དྲུང་དུ་ཁྱེད་ཀྱ་འོང་བའི་གང་ལ། 5 དཀོན་མཆོག་གིས་ཁྱེད་ཀྱ་ལའང་རྡོ་གསོན་པོ་ཀྱ་ཅོག་རེ་ཐུགས་ཉིད་ཀྱི་ཕོ་བྲང་རྩིག་ཡས་ལ་བེད་སྤྱོད་མཛད་དུ་ཆུག། དེ་ནས་ཁྱེད་ཀྱ་དམ་པའི་མཆོད་དཔོན་བྱུང་རེ་མཱ་ཤི་ཀ་ཡེ་ཤུའི་བརྒྱུད་ནས། དཀོན་མཆོག་ལ་ཐུགས་མཉེས་བོ་བྱུང་གིན་སེམས་ཉིད་ཀྱི་མཆོད་པ་ཁྱེད་ཀྱ་ཡིས་ཕུལ། 6 གི་བྱས་རེ་སྨྲ་ན་དམ་པའི་གསུང་རབ་ལ་དེ་རེ་གསུངས་འོད་ད་ལགས། ལྟོས་དང་། ང་སི་ཡོན་གྱི་ནང་ལ་རྡོ་གཅིག་བཞག་བ་ཡིན། བདམས་ད་དང་རྩ་ཆེ་ཡིན་གྱིན་ཟུར་རྡོ་གཅིག། ཁོང་ལ་དད་པ་བྱེད་མཁན་སུའང་ངོ་ཚ་རུ་མི་ཆུག 7 འོ་བྱས་རེ་ཁྱེད་དད་པ་བྱེད་མཁན་ཀྱ་ཡི་ཆེད་དུ་ཁོང་རྩ་ཆེ་ལགས། ཡིན་ནའང་དད་པ་མི་བྱེད་མཁན་ཀྱ་ཡི་ཆེད་དུ། རྩིག་དཔོན་ཀྱ་ཡིས་སྤངས་པ་རྡོ་གོ། ཟུར་རྡོ་བྱུང་འདུག 8 དེ་ནས་ཐོགས་ཏེ་སྒྱེལ་གྱིན་རྡོ་ཧྲུག་དང་། སྒྱེལ་རུ་བཅུག་གིན་ཕོང་གིན་ལ་འགྱུར། ཁོང་ཀྱ་སྒྱེལ་ལ་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་བཀའ་ལ་མེད་ཉན་ད་ལགས། དེ་ནས་ཁོང་ཀྱ་ཡི་ཕྱིར་ལ་དེ་རེ་རང་འབྱུང་ཡས་ལ་ཨེན་མ་ནས་རང་ཐག་བཅད་མཛད་འོད་ད་ལགས། 9 ཡིན་ནའང་ཁྱེད་ཀྱ་ནི་བདམས་ད་བརྒྱུད་པ་དང་། རྒྱལ་བོ་རིགས་ཀྱི་མཆོད་དཔོན་དང་། མི་རིགས་དམ་པ་དང་། དཀོན་མཆོག་གི་རང་གི་མི་ཀྱ་ལགས། དེ་ནས་ཁོང་པ་ཡི་ཧང་སང་གིན་གྱི་ཕྱག་ལས་ཀྱ་གསལ་བསྒྲགས་བྱེད་ཡས་ལ། མུན་ནག་ནས་ཁོང་གི་ཧང་སང་གིན་གྱི་འོད་ནང་ལ་ཁྱེད་ཀྱ་བོས་བ་ལགས། 10 དུས་གཅིག་ལ་ཁྱེད་ཀྱ་དཀོན་མཆོག་གི་མི་མ་ལགས། ཡིན་ནའང་ད་ལྟ་ཁྱེད་ཀྱ་དཀོན་མཆོག་གི་མི་ལགས། དེ་ནས་དུས་གཅིག་ལ་ཁྱེད་ཀྱ་ལ་སྙིང་རྗེ་མ་ཐོབ་འོད་ད་ལགས། ཡིན་ནའང་ད་ལྟ་ཁྱེད་ཀྱ་ལ་སྙིང་རྗེ་ཐོབ་འོད་ད་ལགས། དཀོན་མཆོག་གི་ཞབས་ཏོག་པ། 11 གཅེས་བའི་རོགས་བ་ཀྱ་བོ། ང་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། ཁྱེད་ཀྱ་གནས་ཚང་གཡར་ཏེ་བསྡད་ཀྱིན་དང་ངོ་མེད་ཤེས་ཀྱི་མི་ཀྱ་བྱས་རེ། རང་གི་སེམས་ཉིད་ཀྱི་དགྲ་ལ་འོད་ཀྱིན་ལུས་ཀྱི་འདོད་ཆགས་ཀྱ་སྤོངས། 12 དེ་ནས་དད་པ་མི་བྱེད་མཁན་ཀྱ་ཡི་ཁོག་ཏུ་སྤྱོད་པ་བཟང་པོ་བྱེད། གི་བྱས་རེ་སྨྲ་ན་ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་ངན་པ་བྱེད་ཀྱིན་སྨྲས་རེ་སྐྱོན་བཅུག་བའི་གང་ལ། ཁོང་ཀྱ་ཡིས་ཁྱེད་ཀྱི་ལས་བཟང་ང་ཀྱ་མཐོང་བར་ཤོག། དེ་ནས་དཀོན་མཆོག་ཕེབས་ཡས་ཉིན་མ་ལ་ཁོང་ཀྱ་ཡིས་ཁོང་པ་ལ་བསྟོད་པ་འབུལ་ལ་ཤོག། 13 གཙོ་བོའི་ཆེད་དུ་ཁྱེད་ཀྱ་མི་གི་རིའི་དབང་བྱེད་ཀྱིན་དབང་ཆ་མཐོ་ཤོས་ཀྱི་རྒྱལ་བོ་ཀྱ། 14 ཡང་ན་སྤྱི་ཁྱབ་ཀྱ་ཡི་འོག་ལ་སྡོད། ཁོང་ཀྱ་ནི་ངན་པ་བྱེད་མཁན་ཀྱ་ལ་ཆད་པ་བསྐལ་ཡས་དང་། བཟང་ང་བྱེད་མཁན་ཀྱ་ལ་བསྟོད་པ་བཏང་ཡས་ཀྱི་ཆེད་དུ་གཙོ་བོའི་མངགས་པ་ལགས། 15 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་ཐུགས་དགོངས་ནི་ཁྱེད་ཀྱ་ཡིས་བཟང་ང་བྱས་རེ་རང་། མི་བླུན་པ་ཀྱ་ཡི་གཏི་མུག་ལ་ཁ་བཀག་ཡས་ལགས། 16 ཁྱེད་ཀྱ་རང་དབང་གི་མི་ཅོག་རེ་མི་ཚེ་སྐྱོལ། ཡིན་ནའང་རང་གི་རང་དབང་གོ་ངན་པའི་ལས་ཀ་བཀབ་ཡས་ལ་བེད་སྤྱོད་མ་བྱེད། ཁྱེད་ཀྱ་དཀོན་མཆོག་གི་ཞབས་ཕྱི་པ་ཅོག་རེ་མི་ཚེ་སྐྱོལ། 17 གི་རི་ལ་གུས་ཞབས་བྱེད། དེ་ནས་མཱ་ཤི་ཀ་བ་སྤུན་ཀྱ་ལ་བརྩེ་བ་བྱེད། དེ་ནས་དཀོན་མཆོག་ལ་འཇིག་སྣང་བྱེད། དེ་ནས་རྒྱལ་བོ་ཀྱ་ལ་བཀུར་སྟི་བྱེད། སྡུག་པོ་གྱི་དཔེ། 18 གཡོག་པོ་ཀྱ་བོ། བཀུར་སྟི་ཆེན་པོ་སྒོ་ནས་རང་གི་བདག་པོ་ཀྱ་ཡི་འོག་ལ་སྡོད། ཁྱེད་ཀྱ་ལ་དགའ་དང་འཇམ་པོ་བྱེད་ཀྱིན་བདག་པོ་ལ་གཅིག་ཀ་མིན་ད། ཡིན་ནའང་ཁྱེད་ཀྱ་ལ་རྩུབ་བ་བྱེད་ཀྱིན་བདག་པོ་ཀྱ་ཡི་འོག་ལའང་སྡོད། 19 གི་བྱས་རེ་སྨྲ་ན་མི་གཞན་མ་ཡིས་མེད་དྲང་ང་བྱས་རེ་ཁྱེད་ཀྱ་ལ་སྡུག་པོ་བཏང་ནའང་། ཁྱེད་ཀྱ་ཡིས་དཀོན་མཆོག་ལ་བསམས་ཏེ་བཟོད་པ་བྱེད་ན། དེ་ཁོང་པ་ལ་ཐུགས་མཉེས་བོ་བྱུང་ང་ལགས། 20 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡིས་ལས་ངན་པ་བྱས་རེ་རྡུང་རྡག་ཟ་རང་བཟོད་པ་བྱེད་ན། དེ་ལ་གི་ཕན་ད་འོད་ད་ལགས་སེ། ཡིན་ནའང་ལས་བཟང་ང་བྱས་རེའང་སྡུག་པོ་རག་རང་བཟོད་པ་བྱེད་ན། དེ་དཀོན་མཆོག་ལ་ཐུགས་མཉེས་བོ་བྱུང་ང་ལགས། 21 ཁྱེད་ཀྱ་དོན་འདིའི་ཕྱིར་ལ་རང་བོས་བ་ལགས། གི་བྱས་རེ་སྨྲ་ན་མཱ་ཤི་ཀའི་གཤམ་ལ་འབྲང་ཡས་ཀྱི་ཕྱིར་ལ། མཱ་ཤི་ཀ་ཁྱེད་ཀྱི་དོན་དུ་སྡུག་པོ་མྱངས་རེ་ཁོང་གིས་ཁྱེད་ཀྱ་ཡི་ཕྱིར་ལ་དཔེ་གཅིག་བཞག་མཛད་པ་ལགས། 22 ཁོང་པ་ཡིས་སྡིག་པ་གཅིག་འང་མ་བྱེད། དེ་ནས་ཁོང་པ་ཡིས་བསླུ་བྲིད་ཀྱི་ཚིག་མ་གསུངས། 23 ཁོང་ཀྱ་ཡིས་མཱ་ཤི་ཀ་ལ་དམའ་འབེབས་བཏང་བའི་གང་ལ། ཁོང་པ་ཡིས་ལན་སློག་བ་མ་མཛད་པ་ལགས། དེ་ནས་སྡུག་པོ་མྱངས་བའི་གང་ལ། ཁོང་པ་ཡིས་འཇིགས་སྐྲག་མ་སྐུལ་བ་ལགས། ཡིན་ནའང་དྲང་བདེན་གྱི་ཁྲིམས་ཐག་མཛད་མཁན་ལ་བློ་བཀལ་མཛད་པ་ལགས། 24 འོ་རང་སྡིག་པ་ལ་འཚོ་བ་བསྐྱལ་ཡས་གོ་བོར་ཏེ་དྲང་བདེན་གྱི་དོན་ལ་འཚོ་བ་བསྐྱལ་ཡས་ཆེད་དུ། ཁོང་པ་ཡིས་རང་གི་སྐུ་ལུས་ལ་འོ་རི་སྡིག་པ་ཀྱ་རྒྱང་ཤིང་ཁར་ལ་ཁུར་ར་མཛད་པ་ལགས། ཁོང་གི་རྨ་ཀྱ་ཡིས་ཐོག་ནས་ཁྱེད་ཀྱ་ལ་དྲག་གསོ་ཐོབ་པ་ལགས། 25 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལུག་ཀྱ་ཅོག་རེ་མགོ་འཐོམ་ཏེ་བསྡད་འོད་ད་ལགས། ཡིན་ནའང་ད་ལྟ་ཁྱེད་ཀྱ་ཡི་རྫི་བོ་དང་སེམས་སྲུང་མཁན་གོ་རྩ་རུ་ཁྱེད་ཀྱ་ལ་ལོག་སྟེ་འོང་འོད་ད་ལགས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.