Biblia Todo Logo
Bìoball air-loidhne

- Sanasan -

༡ པེ་ཏྲོ། 1 - གློ་བ།

1 ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་ང་པེ་ཏྲོ། ཁྱེད་པོན་ཏུ་དང་། ག་ལ་ཏི་ཡཱ་དང་། ཀ་པ་དོག་ཀི་ཡཱ་དང་། ཨེ་ཞི་ཡཱ་དང་། བི་ཐ་ནི་ཡཱ་རུ་འཐོར་ཏེ་བསྡད་ད་ཀྱ་ལ་འདི་ཡིག་དེ་བྲིས་བ་ཡིན།

2 ཡབ་དཀོན་མཆོག་གིས་ཨེན་མ་ནས་རང་ཁྱེད་ཀྱ་ལ་མཁྱེན་ད་མཛད་དེ་བདམས་མ་མཛད་པ་ལགས། དེ་ནས་ཁོང་པ་ཡི་ཐུགས་ཉིད་ཀྱི་ཐོག་ནས་ཁྱེད་ཀྱ་ལ་དམ་པ་མཛད་པ་ལགས། འོ་བྱས་རེ་ཁྱེད་ཀྱ་ཡིས་ཡེ་ཤུ་མཱ་ཤི་ཀའི་བཀའ་ལ་བརྩིས་རེ། ཁོང་པ་ཡི་སྐུ་ཁྲག་གི་ཐོག་ནས་ཁྱེད་ཀྱ་གཙང་མ་བྱུང་འོད་ད་ལགས། དཀོན་མཆོག་གིས་ཁྱེད་ཀྱ་ལ་ཐུགས་རྗེ་དང་ཞི་བདེ་མོད་ཆོ་ལི་གནང་བར་ཤོག།


མཐའ་མེད་པའི་ཚེ་སྲོག་གི་རེ་བ།

3 དཀོན་མཆོག་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་ལ་བསྟོད་པ་འབུལ་ལོ། ཁོང་པ་ཡི་སྙིང་རྗེ་ཆེན་པོས་ཡེ་ཤུ་མཱ་ཤི་ཀ་འཆི་བ་ནས་གསོན་པོ་མཛད་དེ། འདིའི་ཐོག་ནས་འོ་རང་ཀྱ་ལ་རེ་བ་གསོན་པོ་འཐོབ་ཡས་ཀྱི་ཆེད་དུ། འོ་རང་ཀྱ་ལ་ཚེ་གསར་པ་གནང་འོད་ད་ལགས།

4 དེ་ནས་ནམ་མཁའི་ཞིང་ཁམས་དུ་ཁྱེད་ཀྱ་ཡི་ཆེད་དུ་ནམ་མའང་མེད་རྫོགས་ཀྱིན་དང་། དྲི་མ་མེད་ཀྱིན་དང་ཡལ་རེ་མེད་འགྲོ་གིན་རྒྱུད་འཛིན་བཞག་མཛད་འོད་ད་ལགས།

5 དེ་ནས་ཁྱེད་ཀྱི་དད་པའི་སྒོ་ནས་དཀོན་མཆོག་གི་ནུས་མཐུ་ཡིས། ཁྱེད་ཀྱ་ལ་མཐའ་མའི་དུས་ལ་མངོན་ཡས་ཡིན་གྱིན་ཐར་པའི་ཆེད་དུ་སྲུང་རེ་བཞག་འོད་ད་ལགས།

6 དེ་གི་རིའི་བྱས་རེ་ཁྱེད་ཀྱ་ཉམ་མོ་དགའ་ལགས། ཡིན་ནའང་དུས་ཏི་ཏེའི་ཆེད་དུ་ད་ལྟ་ཁྱེད་ཀྱ་སྡུང་ང་སྣ་ཚོགས་ཀྱ་མྱངས་དགོས་ཡས་འོད་ད་ལགས།

7 དེ་ཀྱ་ནི་ཁྱེད་ཀྱི་དད་པ་དངོས་གནས་ཡིན་གྱིན་གྱི་དཔང་པོ་སྟོན་ཡས་དང་། ཡེ་ཤུ་མཱ་ཤི་ཀ་མངོན་ཏེ་གང་ལ་ཁྱེད་ཀྱ་ལ་བསྟོད་པ་དང་། གཟི་བརྗིད་དང་། བཀུར་སྟི་འཐོབ་ཡས་ཆེད་དུ་འོང་ང་ལགས། དཔེ་ལ་ལྟ་ན་མེད་ད་ལ་འགྲོ་གིན་གསེར་ཀྱ་མེ་ལ་བསྲགས་ཏེ་གཙང་ང་བཟོ་བ་ལགས། ཡིན་ནའང་ཁྱེད་ཀྱ་ཡི་དད་པ་གསེར་ལས་རྩ་ཆེ་ལགས།

8 ཁྱེད་ཀྱ་ཡིས་ཁོང་པ་ལ་མཇལ་མ་མྱོང་འོད་ན། ཁོང་ལ་བརྩེ་བ་བྱེད་ད་ལགས། དེ་ནས་ད་ལྟ་ཁྱེད་ཀྱ་ཡིས་ཁོང་པ་ལ་མི་མཇལ་ནའང་ཁྱེད་ཀྱ་ཁོང་པ་ལ་དད་པ་བྱེད་ད་ལགས། དེ་ནས་ཁྱེད་ཀྱ་བཤད་མི་ཐུབ་ཀྱིན་དང་གཟི་བརྗིད་ཀྱིས་ཁངས་ཁ་དགའ་སྤྲོ་ཆེ་བྱེད་ད་ལགས།

9 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡི་དད་པའི་འབྲས་བུ་ནི་ཁྱེད་ཀྱི་སྲོག་གི་ཐར་པ་འཐོབ་ཡས་ལགས།

10 ཁྱེད་ཀྱ་ཡི་ཕྱིར་ལ་འབྱུང་ཡས་ཡིན་གྱིན་ཐུགས་རྗེའི་སྐོར་ལ་མངོན་ཤེས་མཛད་མཁན་མངོན་ཤེས་མཁན་ཀྱ་ཡིས། འདི་ཐར་པའི་སྐོར་ལ་དམི་ཅིག་གི་ཞིབ་ལྟ་བྱས་རེ་རྩད་གཅོད་བྱས་བ་ལགས།

11 ཁོང་ཀྱ་ཡི་སེམས་ནང་དུ་བཞུགས་མཁན་མཱ་ཤི་ཀའི་ཐུགས་ཉིད་ཀྱིས། མཱ་ཤི་ཀའི་སྡུག་པོ་ཀྱ་དང་འདིའི་གཤམ་ལ་འབྱུང་གིན་གཟི་བརྗིད་ཀྱི་སྐོར་ལ་མངོན་ཤེས་མཛད་དེ་གང་ལ། འོ་དེའི་དུས་དང་གནས་ཚུལ་ཀྱ་ཡི་སྐོར་ལ་ཁོང་ཀྱ་ཡིས་རྩད་གཅོད་བྱས་བ་ལགས།

12 དེ་ནས་རང་ལ་མིན་ད་ཁྱེད་ཀྱ་ཡིས་ཞབས་ཕྱི་ཞུ་གིན་གོ་མངོན་ཤེས་མཁན་ཀྱ་ལ་མངོན་པ་ལགས། དེ་ནས་ད་ལྟ་ནམ་མཁའི་ཞིང་ཁམས་ནས་མངགས་ང་དམ་པའི་ཐུགས་ཉིད་ཀྱི་དབང་གི་སྒོ་ནས། ཆོས་གསུངས་ཀྱིན་ཀྱ་ཡིས་ཁྱེད་ཀྱ་ལ་གཏམ་བཟང་དེ་བཤད་འོད་ད་ལགས། དེ་ནས་ནམ་མཁའི་བང་ཆེན་ཀྱ་ཡིས་འང་དོན་དེ་ཀྱ་བཤད་ཉིད་འདོད་ད་ལགས།


དམ་པ་འབྱུང་ཡས་ཀྱི་སྐོར།

13 འོ་བྱས་རེ་ཁྱེད་ཀྱ་རང་གི་སེམས་གྲ་སྒྲིག་བྱེད། དེ་ནས་སྤྱང་རྫེ་བྱས་རེ་སྡོད། དེ་ནས་ཡེ་ཤུ་མཱ་ཤི་ཀ་མངོན་ཏེ་གང་ལ། ཁྱེད་ཀྱ་ལ་གནང་ཡས་ཡིན་གྱིན་ཐུགས་རྗེ་གོ་ལ་རེ་བ་ཚང་གོ་བྱས་རེ་སྡོད།

14 ཁྱེད་ཀྱ་ཕྲུ་བ་ཁ་ལ་ཉན་པོ་ཀྱ་ཅོག་རེ། ཨེན་མ་ཁྱེད་ཀྱིས་མ་ཤེས་བ་ལ་བྱས་བྱ་འདོད་ཆགས་ཀྱ་ལ་ཡང་ཁྱེད་ཀྱ་མ་འདྲེ།

15 ཡིན་ནའང་ཁྱེད་ཀྱ་ལ་བོས་གནང་མཁན་གོ་དམ་པ་ཡིན་གྱིན་ཅོག་རེ། ཁྱེད་ཀྱ་རང་གི་སྤྱོད་ལམ་གི་རི་ལ་དམ་པ་འབྱུང་།

16 གི་བྱས་རེ་སྨྲ་ན་དེ་རེ་བྲིས་འོད་ད་ལགས། ཁྱེད་ཀྱ་དམ་པ་འབྱུང་། གི་བྱས་རེ་སྨྲ་ན་ང་དམ་པ་འོད།

17 ཕྱོགས་རིས་མེད་མཛད་ད་མི་ཀྱ་ཡིས་རང་གི་ལས་ཀ་གི་བྱེད་ཀྱིན་ལ་གཟིགས་ཏེ། ཁྲིམས་གཅོད་མཛད་མཁན་གོ་ལ་ཁྱེད་ཀྱ་ཡིས་ཡབ་སྨྲས་རེ་ཞུ་ནའང་། ཁྱེད་ཀྱ་ཡིས་གནས་ཚང་གཡར་ཏེ་བསྡད་ཡས་ཀྱི་དུས་དེ་ཁོང་པ་ལ་བཀུར་སྟི་བྱས་རེ་མི་ཚེ་བསྐྱལ་དགོས།

18 གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་ཁྱེད་ཀྱི་དང་པའི་ཕ་མ་ནས་བྱུང་བྱ། དོན་མེད་ཀྱིན་སྤྱོད་ལམ་ཀྱ་ནས་ཁྱེད་ཀྱ་ལ་མེད་ད་ལ་འགྲོ་གིན་གསེར། ཡང་ན་དངུལ་གྱི་རིན་ཇང་རེ་བླུས་བ་མིན་ད།

19 ཡིན་ནའང་སྐྱོན་དང་དྲི་མ་མེད་ཀྱིན་ལུག་ཕྲུག་ཅོག་རེ་ཡིན་མཁན་མཱ་ཤི་ཀའི་སྐུ་ཁྲག་རིན་ཆེན་གྱིས་བླུས་བ་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ལ་ལགས།

20 འཇིག་རྟེན་མ་བཀོད་ཨེན་ལ་རང་མཱ་ཤི་ཀ་ལ་བདམས་མ་མཛད་པ་ལགས། ཡིན་ནའང་ཁྱེད་ཀྱ་ཡི་ཆེད་དུ་མཐའ་མའི་དུས་ལ་ཁོང་པ་མངོན་ད་མཛད་པ་ལགས།

21 དེ་ནས་ཁྱེད་ཀྱ་ཁོང་པ་ཡི་སྒོ་ནས་རང་དཀོན་མཆོག་ལ་དད་པ་སྐྱེས་བ་ལགས། དཀོན་མཆོག་གིས་ཁོང་ལ་འཆི་བ་ནས་གསོན་པོ་མཛད་དེ་ཁོང་ལ་གཟི་བརྗིད་མཛད་པ་ལགས། འོ་བྱས་རེ་ཁྱེད་ཀྱ་དཀོན་མཆོག་ལ་དད་པ་བྱས་རེ་རེ་བ་བྱེད་ད་ལགས།

22 དཀོན་མཆོག་གི་བདེན་པའི་བཀའ་ལ་རྩི་གིན་གྱི་སྒོ་ནས། ཁྱེད་ཀྱ་ཡིས་རང་གི་སེམས་གཙང་མ་བཟོས་འོད་ད་ལགས། འོ་བྱས་རེ་སྤུན་ཀྱ་ལ་ནམ་པ་དག་པོ་བརྩེ་བ་བྱེད། དེ་ནས་གཅིག་གིས་གཅིག་ལ་སེམས་གཏིང་ནས་རང་བརྩེ་བ་བྱེད།

23 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་མེད་ད་ལ་འགྲོ་གིན་ས་ང་ནས་མིན་ད། རྒྱུན་ནས་རྒྱུན་དུ་གནས་ཀྱིན་ས་ང་ཡིན་གྱིན་དཀོན་མཆོག་གི་གསོན་པོ་དང་། རྟག་ཏུ་གནས་ཀྱིན་བཀའི་ཐོག་ནས་ལྡབ་ལེ་སྐྱེས་བ་ལགས།

24 གི་བྱས་རེ་སྨྲ་ན། ཤ་ཁྲག་གི་རི་རྩྭ་དང་འདྲ། གཟི་བརྗིད་གི་རི་རྩྭའི་མེ་ཏོག་འདྲ། རྩྭ་ནི་སྐམ་ནས་མེ་ཏོག་ཡལ།

25 ཡིན་ནའང་གཙོ་བོའི་བཀའ་ནི་རྒྱུན་དུ་གནས། འདི་བཀའ་དེ་རང་ཁྱེད་ཀྱ་ལ་བཤད་ཤ་གཏམ་བཟང་གོ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan