Biblia Todo Logo
Bìoball air-loidhne

- Sanasan -

༡ ཡོ་ཧ་ནན། 4 - གློ་བ།


སེམས་ཉིད་ཀྱ་ཡི་ཚོད་ལྟ་བྱེད་ཡས་ཀྱི་སྐོར།

1 ངའི་གཅེས་བའི་ཀྱ་བོ། སེམས་ཉིད་འོད་ལེ་ལ་དད་པ་མ་བྱེད། ཡིན་ནའང་འོ་དེ་སེམས་ཉིད་ཀྱ་དཀོན་མཆོག་ནས་ཡིན། ཡང་ན་མིན་སྨྲས་རེ་ཚོད་ལྟ་བྱེད། གི་བྱས་རེ་སྨྲ་ན་འཇིག་རྟེན་དུ་མངོན་ཤེས་མཁན་ཟོག་པོ་མང་ང་ཐོན་ཚར་འདུག།

2 ཡེ་ཤུ་མཱ་ཤི་ཀ་སྐུ་ལུས་ལ་ཕེབས་པ་ལགས་སྨྲས་རེ་ཁས་ལེན་བྱེད་ཀྱིན་སེམས་ཉིད་གི་རི་དཀོན་མཆོག་ནས་ལགས། འདིའི་སྒོ་ནས་དཀོན་མཆོག་གི་ཐུགས་ཉིད་ཁྱེད་ཀྱ་ཡིས་ངོ་ཤེས་ལ་ལགས།

3 ཡིན་ནའང་ཡེ་ཤུ་ལ་ཁས་ལེན་མི་བྱེད་ཀྱིན་སེམས་ཉིད་གི་རི་དཀོན་མཆོག་ནས་མ་ལགས། འདི་ནི་མཱ་ཤི་ཀའི་དགྲ་ཡིན་གྱིན་གྱི་སེམས་ཉིད་ལགས། སེམས་ཉིད་འདི་འོང་གི་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་གོ་མྱོང་འོད་ད་ལགས། དེ་ནས་ད་ལྟ་འོ་དེ་འཇིག་རྟེན་དུ་འོང་ཚར་འདུག།

4 གཅེས་བའི་ཕྲུ་བ་ཀྱ་བོ། ཁྱེད་ཀྱ་དཀོན་མཆོག་ནས་ལགས། དེ་ནས་ཁོང་ཀྱ་ཡི་ཁར་ལ་རྒྱལ་ཚར་ལགས། གི་བྱས་རེ་སྨྲ་ན་འཇིག་རྟེན་དུ་འོད་ཀྱིན་གོ་ནས་འང་། ཁྱེད་ཀྱི་ནང་དུ་བཞུགས་མཁན་གོ་ཁག་ཆེ་ལགས།

5 ཁོང་ཀྱ་ནི་འཇིག་རྟེན་ནས་ལགས། འོ་བྱས་རེ་འཇིག་རྟེན་གྱི་རང་ལབ་བཏང་ང་ལགས། དེ་ནས་འཇིག་རྟེན་གྱིས་ཁོང་ཀྱ་ཡི་ལབ་ལ་ཉན་ད་ལགས།

6 འོ་རང་ཀྱ་ནི་དཀོན་མཆོག་ནས་ལགས། དེ་ནས་དཀོན་མཆོག་ལ་ངོ་ཤེས་མཁན་ཀྱ་ཡིས་འི་ཀི་ལབ་ལ་ཉན་ད་ལགས། ཡིན་ནའང་དཀོན་མཆོག་ནས་མིན་མཁན་ཀྱ་ཡིས་འི་ཀི་ལབ་ལ་མེད་ཉན་ད་ལགས། དེ་ནས་འདིའི་སྒོ་ནས་རང་འོ་རང་ཀྱ་ཡིས་བདེན་པའི་སེམས་ཉིད་དང་ཟོག་གི་སེམས་ཉིད་གོ་ངོ་ཤེས་ལ་ལགས།


དཀོན་མཆོག་ནི་བྱམས་པ་ཡིན།

7 ངའི་གཅེས་བའི་ཀྱ་བོ། འོ་རང་ཀྱ་གཅིག་གིས་གཅིག་ལ་བྱམས་པ་བྱེད་དོ། གི་བྱས་རེ་སྨྲ་ན་བྱམས་པ་ནི་དཀོན་མཆོག་ནས་ལགས། དེ་ནས་བྱམས་པ་བྱེད་མཁན་གི་རི་དཀོན་མཆོག་ནས་སྐྱེས་བ་ལགས། དེ་ནས་དཀོན་མཆོག་ལ་ངོ་ཤེས་ལ་ལགས།

8 བྱམས་པ་མི་བྱེད་མཁན་ཀྱ་ཡིས་དཀོན་མཆོག་ལ་ངོ་མེད་ཤེས་ལ་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་ནི་བྱམས་པ་ཡིན།

9 འོ་རང་ཀྱ་སྲས་ཀྱི་ཐོག་ནས་གསོན་པོ་གནས་ཡས་ཀྱི་ཆེད་དུ། དཀོན་མཆོག་གིས་རང་གི་སྲས་གཅིག་གཅིག་པོ་གོ་འཇིག་རྟེན་དུ་མངགས་མཛད་པ་ལགས། འདིའི་སྒོ་ནས་རང་དཀོན་མཆོག་གིས་རང་གི་བྱམས་པ་འོ་རང་ཀྱ་ལ་མངོན་པ་ལགས།

10 བྱམས་པ་ནི་དེ་རང་ལགས། འོ་རང་ཀྱ་ཡིས་དཀོན་མཆོག་ལ་བྱམས་པ་མ་བྱས་བ། དཀོན་མཆོག་གིས་འོ་རང་ལ་བྱམས་པ་མཛད་དེ། རང་གི་སྲས་འོ་རི་སྡིག་པ་བསལ་ཡས་ཀྱི་ཆེད་དུ། སྡིག་བཤགས་ཀྱི་དམར་མཆོད་འབྱུང་ཡས་ལ་མངགས་པ་ལགས།

11 ངའི་གཅེས་བའི་ཀྱ་བོ། དཀོན་མཆོག་གིས་འོ་རང་ལ་དེ་རེ་བྱམས་པ་མཛད་ད་བྱས་རེ། འོ་རང་ཀྱ་ཡིས་འང་གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས་གུ་ལགས།

12 དཀོན་མཆོག་ལ་སུས་འང་མཇལ་མ་མྱོང་འོད་ད་ལགས། ཡིན་ནའང་འོ་རིས་གཅིག་གིས་གཅིག་ལ་བྱམས་པ་བྱེད་ན། དཀོན་མཆོག་འོ་རི་ནང་དུ་བཞུགས་བ་ལགས། དེ་ནས་ཁོང་པ་ཡི་བྱམས་པ་འོ་རི་ནང་དུ་ཚང་གོ་བྱུང་ང་ལགས།

13 དཀོན་མཆོག་གིས་རང་གི་ཐུགས་ཉིད་འོ་རང་ལ་གནང་གིན་གྱི་སྒོ་ནས། འོ་རང་ཁོང་གི་ནང་གནས་ཡས་དང་། ཁོང་འོ་རང་ནང་བཞུགས་ཀྱིན་གོ་འོ་རིས་ཤེས་ལ་ལགས།

14 དེ་ནས་ཡབ་ཀྱིས་རང་གི་སྲས་འཇིག་རྟེན་གྱི་སྐྱབས་མགོན་འབྱུང་ཡས་ཀྱི་ཆེད་དུ། མངགས་ཀྱིན་གོ་འི་ཀིས་མཐོང་བ་ལགས། དེ་ནས་དཔང་པོ་བྱེད་ད་ཡིན།

15 ཡེ་ཤུ་ལ་དཀོན་མཆོག་གི་སྲས་ལགས་སྨྲས་རེ་སུས་ཁས་ལེན་བྱེད་ན། དཀོན་མཆོག་ཁོའི་ནང་བཞུགས་བ་ལགས། དེ་ནས་ཁོ་དཀོན་མཆོག་གི་ནང་གནས་ཀྱི་ལགས།

16 འོ་བྱས་རེ་དཀོན་མཆོག་གི་བྱམས་པ་འོ་རང་ལ་འོད་ཀྱིན་གོ་འོ་རང་ཤེས་ལ་ལགས། དེ་ནས་ཡིད་ཆེས་བྱེད་ད་ལགས། དཀོན་མཆོག་ནི་བྱམས་པ་མཛད་ཀྱིན་དཀོན་མཆོག་ལགས། དེ་ནས་བྱམས་པ་ནང་ལ་གནས་མཁན་གོ་དཀོན་མཆོག་གི་ནང་གནས་ལ་ལགས། དེ་ནས་དཀོན་མཆོག་ཁོའི་ནང་བཞུགས་བ་ལགས།

17 འདིའི་ཐོག་ནས་བྱམས་པ་ནི་འོ་རང་ཀྱ་ཡི་ཁོག་ཏུ་ཚང་གོ་བྱུང་ང་ལགས། དེ་ནས་འོ་བྱས་རེ་ཁྲིམས་གཅོད་ཀྱི་ཉིན་མ་ལ་འོ་རང་ལ་བློ་ཁོག་སྐྱེས་ཀྱི་ལགས། གི་བྱས་རེ་སྨྲ་ན་འདི་འཇིག་རྟེན་དུ་ཡེ་ཤུ་ག་རེ་ཡིན་གྱིན་གོ་ཅོག་རེ་འོ་རང་ལགས།

18 བྱམས་ནང་འཇིག་སྐྲག་མེད་ཡོང་ང་ལགས། ཡིན་ནའང་ཡང་དག་པ་བྱམས་པ་ཡིས་འཇིགས་སྐྲག་བསལ་ལ་ལགས། གི་བྱས་རེ་སྨྲ་ན་འཇིགས་སྐྲག་གི་འབྲེལ་བ་ངན་པ་མུ་ལ་འོང་ང་ལགས། འཇིགས་སྐྲག་བྱེད་མཁན་གྱི་ནང་བྱམས་པ་ཚང་གོ་མེད་ཡོང་ང་ལགས།

19 དཀོན་མཆོག་གིས་ཨེན་ལ་འོ་རང་ལ་བྱམས་པ་མཛད་དེ་འོ་རང་ཀྱའང་བྱམས་བྱེད་ད་ལགས།

20 མི་གཅིག་གིས་ང་དཀོན་མཆོག་ལ་བརྩེ་བ་བྱེད་འདིག་འོད་སྨྲས་རེ་སྨྲས། ཡིན་ནའང་རང་གི་སྤུན་ལ་སྡང་ང་བྱེད་ན། ཁོ་ཟོག་པོ་ལགས། གི་བྱས་རེ་སྨྲ་ན་རང་གི་མིག་གིས་མཐོང་གིན་རང་གི་སྤུན་ལ་བྱམས་པ་མི་བྱེད་མཁན་གྱིས། མིག་གིས་མཐོང་མ་མྱོང་གིན་དཀོན་མཆོག་ལ་བརྩེ་བ་བྱེད་མི་ཐུབ་ཀྱི་ལགས།

21 དཀོན་མཆོག་ལ་བརྩེ་བ་བྱེད་མཁན་གྱིས་རང་གི་སྤུན་ལ་བྱམས་པ་བྱེད་དགོས། འདི་ནི་ཁོང་པ་ཡིས་འོ་རང་ལ་གནང་ན་བཀའ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan