Biblia Todo Logo
Bìoball air-loidhne

- Sanasan -

༡ ཡོ་ཧ་ནན། 3 - གློ་བ།


དཀོན་མཆོག་གི་སྲས་དང་སྲས་མོ་ཀྱ།

1 ལྟོས་དང་། ཡབ་ཀྱིས་འོ་རང་ལ་གནང་གིན་བྱམས་པ་དམི་ཅིག་གི་ཆེ་རག་སྟེ། འོ་རང་ཁོང་པ་ཡི་སྲས་དང་སྲས་མོ་བོས་དགོས་བྱུང་བ་ལགས། དེ་ནས་ཡིན་ཡས་གོའང་དངོས་གནས་ལགས། འོ་བྱས་རེ་འཇིག་རྟེན་གྱི་ཁོང་པ་ལ་ངོ་མེད་ཤེས་ཀྱིན་བྱས་རེ་འོ་རང་ལ་ངོ་མེད་ཤེས་ལ་ལགས།

2 གཅེས་བའི་རོགས་བ་ཀྱ་བོ། ད་ལྟ་འོ་རང་དཀོན་མཆོག་གི་སྲས་དང་སྲས་མོ་ལགས། དེ་ནས་འོ་རང་གི་འོང་ཡས་ཡིན་གྱིན་གོ་ད་ལྟ་ཐུག་པའི་མ་མངོན་འོད་ད་ལགས། ཡིན་ནའང་མཱ་ཤི་ཀ་མངོན་ཏེ་གང་ལ། འོ་རང་ཁོང་པ་ཅོག་རེ་འབྱུང་གི་ལགས་སྨྲས་རེ་འོ་རང་ཤེས་ལ་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ག་རེ་འོད་ཀྱིན་ལ་རང་འོ་རི་ཁོང་ལ་མཇལ་གྱི་ལགས།

3 དེ་ནས་ཁོང་པ་གཙང་མ་འོད་ཀྱིན་ཅོག་རེ་ཁོང་གི་ཁར་ལ་དེ་རེ་རེ་བ་བཞག་གིན་གི་རི་ཡིས་རང་ལ་གཙང་མ་བཞག་བ་ལགས།

4 སྡིག་པ་བྱེད་ཀྱིན་གི་རི་ཡིས་དཀོན་མཆོག་གི་ཆོས་ཁྲིམས་རྟོལ་ལ་ལགས། དེ་ནས་སྡིག་པ་རང་དཀོན་མཆོག་གི་ཆོས་ཁྲིམས་རྟོལ་གྱིན་ལགས།

5 ཡིན་ནའང་འོ་རི་སྡིག་པ་ཀྱ་སེལ་ཡས་ཀྱི་ཕྱིར་ལ། ཁོང་པ་མངོན་མཛད་པ་ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ལ་ལགས། དེ་ནས་ཁོང་པ་ཡི་ནང་སྡིག་པ་མེད་ད་ལགས།

6 ཁོང་པ་ཡི་ནང་གནས་ཏེ་བསྡད་མཁན་སུའང་སྡིག་པ་བྱེད་ཇིག་བྱས་རེ་མེད་བསྡད་ད་ལགས། སྡིག་པ་བྱེད་ཇིག་བྱས་རེ་བསྡད་མཁན་གྱིས་ཁོང་པ་ལ་མཇལ་མྱོང་མེད་ད་ལགས། དེ་ནས་ངོ་ཤེས་མྱོང་མེད་ད་ལགས།

7 གཅེས་བའི་ཕྲུ་བ་ཀྱ་བོ། མི་སུས་འང་ཁྱེད་ཀྱ་ལ་མགོ་སྐོར་དུ་མ་ཆུག། ཁོང་པ་དྲང་བདེན་ཡིན་གྱིན་ཅོག་རེ་དྲང་པོ་ཡིན་གྱིན་གོ་བྱེད་ཀྱིན་རང་དྲང་བདེན་ལགས།

8 སྡིག་པ་བྱས་རེ་བསྡད་མཁན་ནི་བདུད་ཀྱི་ལགས། གི་བྱས་རེ་སྨྲ་ན་བདུད་ཀྱིས་ཐོག་མ་ནས་རང་སྡིག་པ་བྱས་རེ་འོང་འོད་ད་ལགས། དེ་ནས་བདུད་ཀྱི་ལས་ཀ་ཀྱ་མེད་ད་ལ་བཏང་ཡས་ཀྱི་ཆེད་དུ་རང་། དཀོན་མཆོག་གི་སྲས་མངོན་ད་མཛད་པ་ལགས།

9 དཀོན་མཆོག་ནས་སྐྱེས་ཀྱ་སུས་འང་སྡིག་པ་བྱེད་ཇིག་བྱས་རེ་མེད་བསྡད་ད་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་ས་ང་ཁོང་ཀྱ་ནང་བཞུགས་བ་ལགས། དེ་ནས་ཁོང་ཀྱ་དཀོན་མཆོག་ནས་སྐྱེས་ཀྱ་བྱས་རེ་ཁོང་ཀྱ་སྡིག་པ་བྱེད་ཇིག་བྱེད་མི་ཐུབ་བ་ལགས།

10 དྲང་པོ་ཡིན་གྱིན་གོ་མི་བྱེད་ཀྱིན་དང་རང་གི་སྤུན་ཀྱ་ལ་བྱམས་པ་མི་བྱེད་ཀྱིན་སུའང་དཀོན་མཆོག་གི་སྲས་དང་སྲས་མོ་མ་ལགས། འདིའི་སྒོ་ནས་རང་དཀོན་མཆོག་གི་སྲས་དང་སྲས་མོ་སུ་ཡིན་མཁན་དང་། བདུད་ཀྱི་ཕྲུ་བ་སུ་ཡིན་མཁན་གོ་འོ་རིས་ངོ་ཤེས་ལ་ལགས།


གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས།

11 འོ་རང་གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས། སྨྲ་གིན་ཁྱེད་ཀྱ་ཡིས་ཨེན་མ་ནས་གོ་གིན་བཀའ་སློབ་གོ་འདི་ལགས།

12 བདུད་ཀྱི་ཡིན་མཁན་དེ་ནས་རང་གི་ནུ་བོ་ལ་བསད་ཀྱིན་ཀ་ཡིན་ཅོག་རེ་མ་འབྱུང་། ཁོས་གི་བྱས་རེ་རང་གི་ནུ་བོ་ལ་བསད་པ་ལེ། གི་བྱས་རེ་སྨྲ་ན་ཁོའི་ལས་ཀ་ཀྱ་ངན་པ་དང་ཁོའི་ནུ་བོ་ཡི་ལས་ཀ་ཀྱ་དྲང་པོ་འོད་ད་ལགས།

13 ངའི་སྤུན་ཀྱ་བོ། འཇིག་རྟེན་གྱིས་ཁྱེད་ཀྱ་ལ་སྡང་ང་བྱེད་ན། ཁྱེད་ཀྱ་ཧང་མ་སང་།

14 འོ་རང་ཀྱ་འཆི་བ་ནས་གསོན་པོ་གྱུར་བ་ལགས་སྨྲས་རེ་འོ་རང་ཤེས་ལ་ལགས། གི་བྱས་རེ་སྨྲ་ན་འོ་རང་འོ་རི་སྤུན་ཀྱ་ལ་བྱམས་པ་བྱེད་ད་ལགས། བྱམས་པ་མི་བྱེད་མཁན་ནི་འཆི་བ་ནང་དུ་གནས་ལ་ལགས།

15 རང་གི་སྤུན་ཀྱ་ལ་སྡང་ང་བྱེད་མཁན་གི་རི་སྲོག་བཅད་མཁན་ལགས། དེ་ནས་སྲོག་བཅད་མཁན་ཀྱ་ཡིས་ནང་མཐའ་མེད་པའི་ཚེ་སྲོག་མེད་གནས་ལ་ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ལ་ལགས།

16 ཡེ་ཤུ་མཱ་ཤི་ཀ་ཡིས་རང་གི་སྐུ་སྲོག་འོ་རི་ཕྱིར་ལ་བློས་བཏང་ང་མཛད་པ་ལགས། འདིའི་སྒོ་ནས་རང་བྱམས་པ་གི་ཡིན་གྱིན་གོ་འོ་རིས་ཤེས་ལ་ལགས། དེ་ནས་འོ་རང་ཀྱ་གིས་འང་རང་གི་སྤུན་ཀྱ་ཡི་ཕྱིར་ལ་རང་གི་སྲོག་བློས་བཏང་དགོས།

17 འཇིག་རྟེན་འདི་རྒྱུ་ནོར་འོད་ཀྱིན་མི་གཅིག་གིས་རང་གི་སྤུན་གཅིག་ལ་དགོས་ཀྱིན་གོ་མཐོང་ང་རང་ཁོ་ལ་སྙིང་རྗེ་མེད་སྐྱེས་ན། དཀོན་མཆོག་གི་བྱམས་པ་ཁོའི་ནང་གང་གི་བྱས་རེ་གནས་ཐུབ་ཀྱི་ལེ།

18 གཅེས་བའི་ཕྲུ་བ་ཀྱ་བོ། འོ་རང་ཚིག་དང་ཁ་ཡིས་གཅིག་ཀ་བྱམས་པ་མིན་ད། ལག་ལེན་དང་བདེན་པའི་སྒོ་ནས་བྱམས་པ་བྱེད་དོ།

19 དེ་ནེ་རང་འོ་རང་བདེན་པ་ཡི་ཡིན་གྱིན་དང་། ཁོང་གི་གདོང་དུ་འོ་རི་སེམས་བློ་བདེ་བ་བཟོ་གིན་གོ་འོ་རི་ཤེས་ལ་ལགས།

20 གི་བྱས་རེ་སྨྲ་ན་འོ་རི་སེམས་ཀྱིས་འོ་རང་ལ་སྐྱོན་བཅུག་ན། དཀོན་མཆོག་འོ་རི་སེམས་ནས་ཆེ་ཡིན་གྱིན་དང་། ཁོང་པ་ཡིས་གི་རི་མཁྱེན་ད་མཛད་ཀྱིན་གོ་འོ་རང་ཤེས་ལ་ལགས།

21 གཅེས་བའི་རོགས་བ་ཀྱ་བོ། འོ་རི་སེམས་ཀྱིས་འོ་རང་ལ་སྐྱོན་མི་བཅུག་ན། འོ་རང་ལ་དཀོན་མཆོག་གི་དྲུང་དུ་བློ་ཁོག་སྐྱེས་ལ་ལགས།

22 དེ་ནས་འོ་རིས་གི་ཞུ་ན། འོ་དེ་གོ་ཁོང་གི་ཐོག་ནས་ཐོབ་པ་ལགས། གི་བྱས་རེ་སྨྲ་ན་འོ་རང་ཁོང་པ་ཡི་བཀའ་ཀྱ་སྲུང་ང་ལགས། དེ་ནས་ཁོང་ལ་ཐུགས་མཉེས་བོ་འོང་གིན་ལས་ཀ་ཀྱ་བྱེད་ད་ལགས།

23 དེ་ནས་དཀོན་མཆོག་གི་བཀའ་ནི་ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་འོ་རིས་དད་པ་བྱེད་དགོས་ཡས་དང་། ཁོང་གིས་འོ་རང་ལ་གནང་ན་བཀའ་ཁྲིམས་ཅོག་རེ། འོ་རང་གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས་ཡས་ལགས།

24 དཀོན་མཆོག་གི་བཀའ་སྲུང་མཁན་གོ་ཁོང་གི་ནང་གནས་ལ་ལགས། དེ་ནས་ཁོང་པའང་ཁོའི་ནང་བཞུགས་བ་ལགས། དེ་ནས་ཁོང་པ་འོ་རི་ནང་དུ་བཞུགས་ཀྱིན་གོ་ཁོང་གིས་གནང་ན་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་འོ་རིས་ཤེས་ལ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan