Biblia Todo Logo
Bìoball air-loidhne

- Sanasan -

༡ ཡོ་ཧ་ནན། 2 - གློ་བ།


ཡེ་ཤུ་ནི་འོ་རི་ཞུ་བ་འབུལ་གྱིན་ཡིན།

1 ངའི་གཅེས་བའི་ཕྲུ་བ་ཀྱ་བོ། ཁྱེད་ཀྱ་ཡིས་སྡིག་པ་མི་བྱེད་ད་ཤོག་སྨྲས་རེ་ང་ཁྱེད་ཀྱ་ལ་འདི་ལབ་ཀྱ་བྲིས་བ་ཡིན། ཡིན་ནའང་ཁྱེད་ཀྱ་ནས་གཅིག་གིས་སྡིག་པ་བྱེད་ན། ཡབ་ཀྱི་དྲུང་དུ་འོ་རི་ཕྱིར་ལ་ཞུ་བ་འབུལ་མཁན་གཅིག་འོད་ད་ལགས། ཁོང་ནི་དྲང་བདེན་པ་ཡེ་ཤུ་མཱ་ཤི་ཀ་ལགས།

2 ཁོང་ནི་འོ་རི་སྡིག་པ་ཀྱ་བསལ་ཡས་ཀྱི་ཆེད་དུ་སྡིག་བཤགས་ཀྱི་དམར་མཆོད་གོ་ལགས། དེ་ནས་འོ་རི་ཆེད་དུ་གཅིག་ཀ་མིན་ད། འཇིག་རྟེན་འོད་ལེའི་སྡིག་པ་ཀྱ་ཡི་ཆེད་དུ་ལགས།

3 དེ་ནས་དཀོན་མཆོག་གི་བཀའ་ཁྲིམས་ཀྱ་འོ་རིས་སྲུང་ན། འོ་རི་ཁོང་པ་ལ་ངོ་ཤེས་ལ་ལགས་སྨྲས་རེ་ཧ་གོ་བ་ལགས།

4 ང་ཁོང་པ་ལ་ངོ་ཤེས་ལི་འོད་སྨྲས་རེ་སྨྲ་ཡས། ཡིན་ནའང་ཁོང་པ་ཡི་བཀའ་ཁྲིམས་ཀྱ་མི་སྲུང་ན། ཁོ་ཟོག་པོ་ལགས། དེ་ནས་ཁོའི་ནང་ལ་བདེན་པ་མེད་ཡོང་ང་ལགས།

5 ཡིན་ནའང་ཁོང་པ་ཡི་བཀའ་སྲུང་མཁན་གྱིས་ནང་དཀོན་མཆོག་གི་བྱམས་པ་དངོས་གནས་ཀྱི་ཕུན་སུམ་ཚོགས་པ་འོང་ང་ལགས། དེ་ནས་རང་འོ་རང་ཁོང་གི་ནང་གནས་འོད་ཀྱིན་གོ་འོ་རིས་ཧ་གོ་ར་ལགས།

6 ཁོང་པ་ཡི་ནང་གནས་འོད་མཁན་གྱིས་ཡེ་ཤུའི་སྤྱོད་ལམ་ཅོག་རེ་སྤྱོད་ལམ་བྱེད་དགོས།


བཀའ་ཁྲིམས་གསར་པ།

7 གཅེས་བའི་རོགས་བ་ཀྱ་བོ། ང་ཁྱེད་ཀྱ་ལ་བཀའ་ཁྲིམས་གསར་པ་གཅིག་བྲིས་བ་མིན། ཡིན་ནའང་ཁྱེད་ཀྱི་མུ་ལ་ཨེན་མ་ནས་འོད་ཀྱིན་བཀའ་ཁྲིམས་རྙིང་པ་གོ་རང་བྲིས་བ་ཡིན། བཀའ་ཁྲིམས་རྙིང་པ་འདི་ནི་ཁྱེད་ཀྱ་ཡིས་གོ་མྱོང་གིན་བཀའ་རང་ལགས།

8 གི་ཡིན་ན་ངས་ཁྱེད་ཀྱ་ལ་བཀའ་ཁྲིམས་གསར་པ་གཅིག་བྲིས་འོད། འདི་ནི་ཡེ་ཤུ་དང་ཁྱེད་ཀྱ་ནང་བདེན་པ་འདུག། གི་བྱས་རེ་སྨྲ་ན་མུན་ནག་གོ་འབྲི་བའི། དེ་ནས་བདེན་པའི་འོད་གོ་ཤར་ཚར་འདུག།

9 འོད་ནང་དུ་འོད་སྨྲས་རེ་སྨྲ་གིན། ཡིན་ནའང་རང་གི་སྤུན་ཀྱ་ལ་སྡང་ང་བྱེད་མཁན་གོ། དོ་རང་འང་མུན་ནག་ནང་ལ་རང་འོད་ད་ལགས།

10 ཡང་རང་གི་སྤུན་ཀྱ་ལ་བརྩེ་བ་བྱེད་མཁན་གོ། འོད་ནང་ལ་གནས་ལ་ལགས། དེ་ནས་ཁོའི་ནང་ལ་ཕུ་སྡུག་ཤོར་དུ་བཅུག་ཡས་སྐྱོན་གིའང་མེད་ད་ལགས།

11 ཡིན་ནའང་རང་གི་སྤུན་ཀྱ་ལ་སྡང་ང་བྱེད་མཁན་གོ། མུན་ནག་ནང་ལ་གནས་ལ་ལགས། དེ་ནས་མུན་ནག་ནང་འཁོར་ཏེ་བསྡད་ད་ལགས། དེ་ནས་རང་ག་རུ་འགྲོ་གིན་གོ་མེད་ཤེས་ལ་ལགས། གི་བྱས་རེ་སྨྲ་ན་མུན་ནག་གིས་ཁོ་ལ་ཞ་ར་བཟོས་འོད་ད་ལགས།

12 གཅེས་བའི་ཕྲུ་བ་ཀྱ་བོ། ང་ཁྱེད་ཀྱ་ལ་བྲིས་བ་ཡིན། གི་བྱས་རེ་སྨྲ་ན་ཡེ་ཤུའི་མཚན་གྱི་ཐོག་ནས། ཁྱེད་ཀྱི་སྡིག་པ་ཀྱ་བསལ་འོད་ད་ལགས།

13 ཨ་རྒས་ཀྱ་བོ། ང་ཁྱེད་ཀྱ་ལ་བྲིས་བ་ཡིན། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡིས་ཐོག་མ་ནས་བཞུགས་འོད་མཁན་གོ་ལ་ངོ་ཤེས་ལ་ལགས། ཁྱོག་ཐོང་ཀྱ་བོ། ང་ཁྱེད་ཀྱ་ལ་བྲིས་བ་ཡིན། གི་བྱས་རེ་སྨྲ་ན་བདུད་ཀྱི་ཁར་ལ་ཁྱེད་ཀྱིས་རྒྱལ་འོད་ད་ལགས།

14 གཅེས་བའི་ཕྲུ་བ་ཀྱ་བོ། ང་ཁྱེད་ཀྱ་ལ་བྲིས་བ་ཡིན། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡིས་ཡབ་ལ་ངོ་ཤེས་ལ་ལགས། ཨ་རྒས་ཀྱ་བོ། ང་ཁྱེད་ཀྱ་ལ་བྲིས་བ་ཡིན། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཡིས་ཐོག་མ་ནས་བཞུགས་འོད་མཁན་གོ་ལ་ངོ་ཤེས་ལ་ལགས། ཁྱོག་ཐོང་ཀྱ་བོ། ང་ཁྱེད་ཀྱ་ལ་བྲིས་བ་ཡིན། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་སྟོབས་ཤུགས་ཆེ་འདུག། དེ་ནས་དཀོན་མཆོག་གི་བཀའ་ཁྱེད་ཀྱི་ནང་གནས་ལ་ལགས། དེ་ནས་བདུད་ཀྱི་ཁར་ལ་ཁྱེད་ཀྱིས་རྒྱལ་འོད་ད་ལགས།

15 འཇིག་རྟེན་ལ་ཡང་ན་འཇིག་རྟེན་ནང་འོད་ཀྱིན་གིའང་ལ་མ་ཆགས། འཇིག་རྟེན་འདི་ལ་ཆགས་ན། ཁྱོའི་ནང་ཡབ་དཀོན་མཆོག་ལ་བརྩེ་བ་མེད་ཡོང་ང་ལགས།

16 གི་བྱས་རེ་སྨྲ་ན་ལུས་ཀྱི་འདོད་ཆགས་དང་། མིག་གི་འདོད་ཆགས་དང་། ཚེ་འདིའི་ང་རྒྱལ་ཅོག་རེ་འཇིག་རྟེན་ལ་འོད་ཀྱིན་གི་རི་ཡབ་ནས་མེད་ཡོང་ང་ལགས། ཡིན་ནའང་འཇིག་རྟེན་ནས་འོང་ང་ལགས།

17 འདི་འཇིག་རྟེན་དང་འདི་འདོད་ཆགས་ཀྱ་ཡལ་རེ་འགྲོ་བ་ལགས། ཡིན་ནའང་དཀོན་མཆོག་གི་ཐུགས་དགོངས་སྒྲུབ་མཁན་ཀྱ་རྒྱུན་ནས་རྒྱུན་དུ་གནས་ལ་ལགས།


མཱ་ཤི་ཀའི་དགྲའི་སྐོར་ལ་ཉེན་བརྡ།

18 གཅེས་བའི་ཕྲུ་བ་ཀྱ་བོ། ད་ལྟ་དུས་ཀྱི་མཐའ་མ་གོ་ལགས། མཱ་ཤི་ཀའི་དགྲ་གོ་འོང་བའི་སྨྲས་རེ་ཁྱེད་ཀྱིས་ཧ་གོ་མྱོང་འོད་ད་ལགས། དེ་ནས་ད་ལྟ་མཱ་ཤི་ཀའི་དགྲ་མང་ང་འོང་ཚར་འོད་ད་ལགས། འོ་བྱས་རེ་དུས་ཀྱི་མཐའ་མ་གོ་སླེབས་འདུག་སྨྲས་རེ་འོ་རིས་ཧ་གོ་ར་ལགས།

19 ཁོང་ཀྱ་འོ་རི་གུང་ནས་རང་ཐོན་ཏེ་སོང་བ་ལགས། ཡིན་ནའང་ཁོང་ཀྱ་དངོས་གནས་གོ་འོ་རང་ཕྱོགས་ནས་མ་ལགས། གི་བྱས་རེ་སྨྲ་ན་ཁོང་ཀྱ་འོ་རང་ཕྱོགས་ནས་ཡིན་ན། ཁོང་ཀྱ་འོ་རང་མུ་ལ་རང་བསྡད་འོད་གྲོ། ཡིན་ནའང་ཁོང་ཀྱ་གི་རི་འོ་རང་ནས་བྲལ་རེ་འགྲོ་གིན་གྱི་རང་། འོ་རང་ཕྱོགས་ཀྱི་མ་ལགས་སྨྲས་རེ་གསལ་བོ་བྱུང་ང་ལགས།

20 ཡིན་ནའང་དམ་པ་ཡིན་གྱིན་གྱི་ཐོག་ནས་ཁྱེད་ཀྱ་ལ་དམ་པའི་ཐུགས་ཉིད་ཀྱི་དབང་ཐོབ་འོད་ད་ལགས། དེ་ནས་ཁྱེད་ཀྱ་གི་རི་ཡིས་བདེན་པ་གོ་ཧ་གོ་ར་ལགས།

21 ཁྱེད་ཀྱ་ཡིས་བདེན་པ་གོ་ཧ་མེད་གོ་ར་ལགས་སྨྲས་རེ་ང་འདི་བྲིས་བ་མིན། ཡིན་ནའང་ཁྱེད་ཀྱ་ཡིས་ཧ་གོ་ར་ལགས་སྨྲས་རེ་བྲིས་བ་ཡིན། དེ་ནས་བདེན་པ་ནས་ཟོག་གིའང་མེད་ཐོན་ད་ལགས།

22 ད་ཟོག་པོ་གོ་སུ་ལེ། ཟོག་པོ་ནི་ཡེ་ཤུ་རང་མཱ་ཤི་ཀ་ལགས་སྨྲས་རེ་ཁས་མེད་ལེན་མཁན་ཀྱ་ལགས། དེ་རེ་མི་ནི་ཡབ་དང་སྲས་ལ་ཁས་མེད་ལེན་མཁན་མཱ་ཤི་ཀའི་དགྲ་གོ་ལགས།

23 སྲས་ལ་ཁས་མེད་ལེན་མཁན་སུ་ལའང་ཡབ་མེད་ད་ལགས། དེ་ནས་སྲས་ལ་ཁས་ལེན་མཁན་ལ་ཡབ་གོའང་འོད་ད་ལགས།

24 ཁྱེད་ཀྱིས་མགོ་མ་ནས་གོ་མྱོང་གིན་གོ་ཁྱེད་ཀྱི་ནང་ལ་གནས་ལ་ཤོག། དེ་རེ་འབྱུང་ན། ཁྱེད་ཀྱའང་སྲས་དང་ཡབ་ཀྱི་ནང་གནས་ཀྱི་ལགས།

25 དེ་ནས་ཁོང་གིས་འོ་རང་ལ་གནང་ན་དམ་བཅའ་གོ་ནི་མཐའ་མེད་པའི་ཚེ་སྲོག་ལགས།

26 ཁྱེད་ཀྱ་ལ་མགོ་སྐོར་བཏང་འདོད་བྱེད་མཁན་ཀྱ་ལ་དམིགས་ཏེ། ང་ཁྱེད་ཀྱ་ལ་འདི་ལབ་ཀྱ་བྲིས་བ་ཡིན།

27 ཡང་མཱ་ཤི་ཀ་ནས་ཐོབ་ཐ་དམ་པའི་ཐུགས་ཉིད་ཀྱི་དབང་ནི། ཁྱེད་ཀྱི་སེམས་ལ་གནས་འོད་ཀྱིན་བྱས་རེ་ཁྱེད་ཀྱ་ལ་སུས་འང་བསླབ་མེད་དགོས། གི་བྱས་རེ་སྨྲ་ན་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཀྱ་ལ་དོན་གི་རིའི་སྐོར་ལ་གསུངས་ང་ལགས། དེ་ནས་ཁོང་གིས་གནང་གིན་དབང་ནི་ཟོག་པོ་མིན་ད་བདེན་པ་ལགས། འོ་བྱས་རེ་ཁོང་གིས་གསུངས་ཀྱིན་ཅོག་རེ་ཁོང་ནང་ལ་ཁྱེད་ཀྱ་གནས་ཏེ་སྡོད།

28 ད་གཅེས་བའི་ཕྲུ་བ་ཀྱ་བོ། མཱ་ཤི་ཀ་མངོན་ཡས་དུས་ལ་འོ་རང་བློ་ཁོག་ཆེ་འབྱུང་ཡས་དང་། ཁོང་ཕེབས་བའི་གང་ལ་ཁོང་གི་དྲུང་དུ་འོ་རང་ངོ་ཚ་བྱེད་མེད་དགོས་ཡས་ཀྱི་ཆེད་དུ། ཁོང་གི་ནང་གནས་ཏེ་སྡོད།

29 ཁོང་དྲང་པོ་ཡིན་མཁན་གོ་ཁྱེད་ཀྱ་ཡིས་ཧ་གོ་འོད་ན། དྲང་པོ་བྱེད་མཁན་གི་རི་ཁོང་གི་ཐོག་ནས་སྐྱེས་བ་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཧ་གོ་ར་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan