༡ ཀོ་རིན་ཐུ་པ། 8 - གློ་བ།ལྷ་སྐུ་འདྲ་ལ་ཕུལ་པ་ཟ་མའི་སྐོར་ལ། 1 ད་ལྷ་སྐུ་འདྲ་ལ་ཕུལ་པ་ཟ་མའི་སྐོར་ལ་ང་སྨྲ་ཡིན། འོ་རང་གི་རི་ལ་ཤེས་ཡོན་འོད་ཀྱིན་གོ་འོ་རང་ལ་ཤེས་ཡས་འོད་ད་ལགས། ཤེས་ཡོན་གྱི་ང་རྒྱལ་སྐྱེད་རུ་བཅུག་བ་ལགས། ཡིན་ནའང་བྱམས་པ་ཡིས་གཅིག་གིས་གཅིག་ལ་ཡར་རྒྱས་བཏང་ང་ལགས། 2 མི་གཅིག་གིས་ང་ལ་ཤེས་ཡས་འོད་སྨྲས་རེ་བསམ་ན། ཁོས་ཤེས་དགོས་ཀྱིན་གོ་ཁོས་མེད་ཤེས་ལ་ལགས། 3 ཡིན་ནའང་དཀོན་མཆོག་ལ་བརྩེ་བ་བྱེད་ཀྱིན་མི་གོ་ལ་དཀོན་མཆོག་གིས་ངོ་མཁྱེན་ད་ལགས། 4 ད་ཧ་ན་ལྷ་སྐུ་འདྲ་ལ་ཕུལ་པ་ཟ་མའི་སྐོར་ལ་སྨྲ་ན། ལྷ་སྐུ་འདྲ་ནི་འོད་འང་མེད་ད་ལགས། དེ་ནས་དཀོན་མཆོག་གཅིག་མ་ན་གཞན་མ་མེད་ད་ལགས་སྨྲས་རེ་འོ་རང་ལ་ཤེས་ཡས་འོད་ད་ལགས། 5 མི་རིང་འགའ་ཀྱ་ཡིས་གནམ་ས་གཉིས་ནང་ལ་བཞུགས་ཀྱིན་ལྷ་ཀྱ་དངོས་གནས་འོད་ད་ལགས་སྨྲས་རེ་སྨྲ་ལགས། དེ་ནས་མིང་གཅིག་ཀའི་ལྷ་ཀྱ་འོད་ན། 6 ཡིན་ནའང་འོ་རི་ཆེད་དུ་ཡབ་དཀོན་མཆོག་གཅིག་ཀ་འོད་ད་ལགས། ཁོང་ནས་རང་དངོས་པོ་གི་རི་བྱུང་བ་ལགས། དེ་ནས་ཁོང་གི་ཆེད་དུ་རང་འོ་རང་འཚོ་བ་བསྐྱལ་ལ་ལགས། དེ་ནས་གཙོ་བོ་གཅིག་ནི་ཡེ་ཤུ་མཱ་ཤི་ཀ་ལགས། དེ་ནས་ཁོང་གི་ཐོག་ནས་དངོས་པོ་གི་རི་བྱུང་བ་ལགས། དེ་ནས་ཁོང་ནས་འོ་རང་འཚོ་བ་བསྐྱལ་ལ་ལགས། 7 གི་ཡིན་ནའང་མི་གི་རི་ལ་འདི་ཤེས་ཡོན་མེད་ཡོང་ང་ལགས། ཡིན་ནའང་མི་རིང་འགའ་ལ་ལྷ་སྐུ་འདྲ་མཆོད་ཡས་གོ་གོམས་ཚར་ས་བྱུང་རེ། ཁོང་ཀྱ་འོ་རེ་ཟ་མ་ཟའི་གང་ལ་དངོས་གནས་སྐུ་འདྲ་ལ་ཕུལ་པ་ལགས་སྨྲས་རེ་བསམས་མ་ལགས། དེ་ནས་ཁོང་ཀྱ་ཡི་བསམ་བློ་གོ་སྐྱོ་བ་བྱུང་རེ་ཁོང་ཀྱ་མེད་གཙང་ང་བྱུང་ང་ལགས། 8 ཡིན་ནའང་ཟ་མ་ཡིས་འོ་རང་ལ་དཀོན་མཆོག་དྲུང་དུ་མཉེས་བ་མེད་བཟོ་བ་ལགས། དེ་ནས་མེད་ཟ་ནའང་། གནོད་ཡས་གིའང་མེད་ད་ལགས། དེ་ནས་ཟ་ན་ཕན་ཡས་གིའང་མེད་ད་ལགས། 9 ཡིན་ནའང་ཁྱེད་ཀྱི་རང་དབང་དེ་དད་པ་བརྟན་པོ་མེད་མཁན་ཀྱ་ལ་བཀག་རྡོ་མ་འབྱུང་བར་ཤོག། 10 གི་བྱས་རེ་སྨྲ་ན་བསམ་བློ་སྐྱོ་བ་འོད་མཁན་ཀྱ་ཡིས་ཁྱེད་ཤེས་ཡོན་འོད་མཁན་ཀྱ་ལ། ལྷ་སྐུ་འདྲའི་མཆོད་ཁང་ནང་དུ་ཟ་གིན་གོ་མཐོང་ན། ཁོང་ཀྱ་ཡིས་འང་ལྷ་སྐུ་འདྲ་ལ་ཕུལ་པ་ཟ་མ་ཟ་ཡས་ལ་བློ་ཁོག་བྱེད་ཀྱི་མ་ལེ། 11 འོ་བྱས་རེ་ཁྱེད་ཀྱི་ཤེས་ཡོན་གྱི་ཐོག་ནས་བསམ་བློ་སྐྱོ་བ་འོད་ཀྱིན་སྤུན་གོ་མེད་ད་ལ་འགྲོ་གི་ལགས། དེ་ནས་མཱ་ཤི་ཀ་ནི་ཁོའི་ཆེད་དུའང་གྲོངས་བ་ལགས། 12 ད་དེ་རེ་བྱས་རེ་ཁྱེད་ཀྱ་ཁྱེད་རི་སྤུན་ཀྱ་ཡི་རྒྱབ་འགེལ་དུ་སྡིག་པ་བྱས་རེ། ཁོང་ཀྱ་ཡི་བསམ་བློ་སྐྱོ་བ་གོ་ལ་གནོད་བསྐྱལ་རེ་ཁྱེད་ཀྱ་ཡིས་མཱ་ཤི་ཀ་ལའང་སྡིག་པ་བྱེད་ད་ལགས། 13 འོ་བྱས་རེ་ཟ་མ་ཡིས་ངའི་སྤུན་ལ་སྡིག་པ་བྱེད་དུ་བཅུག་ན། ང་ཁོ་ལ་སྡིག་པའི་ནང་ཆུད་དུ་མི་བཅུག་ཡས་ཀྱི་ཆེད་དུ་ནམ་མའང་ཤ་མི་ཟ།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.