༡ ཀོ་རིན་ཐུ་པ། 7 - གློ་བ།མནའ་མ་ལེན་གྱིན་གྱི་སྐོར་ལ། 1 ད་ཁྱེད་ཀྱ་ཡིས་ང་ལ་བྲིས་བྲ་དོན་འདིའི་སྐོར་ལ་ང་སྨྲ་ཡས་ཡིན། སྐྱེས་བའི་བུ་ནི་བུ་མོ་མུ་ལ་མ་འབྲེལ་ན་དགའ་ལགས། 2 ཡིན་ནའང་ལོག་གཡེམ་མང་ང་འབྱུང་གིན་བྱས་རེ་སྐྱེས་བའི་བུ་རེ་རེ་ལ་སྐྱེས་དམན་རེ་རེ་འོང་དགོས། དེ་ནས་སྐྱེས་དམན་རེ་རེ་ལ་ཁྱོ་ག་རེ་རེ་འོང་དགོས། 3 དེ་ནས་ཁྱོ་ག་ཡིས་རང་གི་སྐྱེས་དམན་ལ་སྟེར་དགོས་ཀྱིན་ལུས་ཀྱི་དབང་ཆ་སྟེར་དགོས། དེ་ནས་དེ་རེ་རང་བྱས་རེ་སྐྱེས་དམན་གྱིས་འང་རང་གི་ཁྱོ་ག་ལ་སྟེར་དགོས། 4 དེ་ནས་སྐྱེས་དམན་གྱིས་རང་གི་ལུས་རང་གི་དབང་ལ་མི་སྡུད་བ། རང་གི་ཁྱོ་གའི་དབང་ལ་བཞག་བ་ལགས། དེ་རེ་རང་བྱས་རེ་ཁྱོ་ག་ཡིས་འང་རང་གི་ལུས་རང་གི་དབང་ལ་མི་སྡུད་བ། རང་གི་སྐྱེས་དམན་གྱི་དབང་ལ་བཞག་བ་ལགས། 5 སྨོན་ལམ་གྱི་ཆེད་དུ་དུས་ཚོད་བསྐྱལ་ཡས་ལ་དུས་ཏི་ཏེ་དང་གཅིག་གིས་གཅིག་ལ་གྲོས་བྱས་རེ་མ་ན། ཁྱོ་ག་སྐྱེས་དམན་གཉིས་ཀ་ར་ཡིས་མུ་ལ་འཆམ་ཡས་ལ་གཅིག་གིས་གཅིག་ལ་མ་བཀག། དེ་ནས་ཁྱེད་ཀྱ་རང་ཚོད་ཟིམ་ཡས་ལ་སྐྱོ་བ་བྱུང་རེ། བདུད་སཱ་ཏན་གྱིས་ཁྱེད་ཀྱ་ལ་སླུ་རུ་མི་བཅུག་ཡས་ཀྱི་ཕྱིར་ལ་ཡང་མུ་ལ་འཆམ་དགོས། 6 ང་ཁྱེད་ཀྱ་ལ་དེ་ལབ་ཀྱ་བཀའ་ཅོག་རེ་མིན་ད། ཡིན་ནའང་ཐོབ་ཐང་གི་ཐོག་ནས་སྨྲ་ཡིན། 7 མི་གི་རི་ང་ཅོག་རེ་འོད་ཀྱིན་གོ་ང་འདོད་འདིག་འོད། ཡིན་ནའང་དཀོན་མཆོག་ནས་མི་གི་རི་ལ་རང་གི་གནང་སྦྱིན་ཐོབ་འོད་ད་ལགས། གཅིག་ལ་སྣ་གཅིག།དེ་ནས་གཞན་མ་ལ་སྣ་གཞན་མ། 8 ཡིན་ནའང་མནའ་མ་མ་ལེན་ལ་དང་ཡུགས་ས་མ་ཀྱ་ལ་ང་སྨྲ་ཡིན། ཁོང་ཀྱ་ང་ཅོག་རེ་མནའ་མ་མེད་ལེན་ད་བསྡད་ན་དགའ་ལགས། 9 ཡིན་ནའང་ཡང་ཁོང་ཀྱ་རང་ལ་ཚོད་མི་ཟིམ་ན། ཁོང་ཀྱ་ཡིས་མནའ་མ་ལེན་དགོས། གི་བྱས་རེ་སྨྲ་ན་འདོད་ཆགས་ཀྱི་མེ་ཡིས་འབར་ཡས་ལས་མནའ་མ་ལེན་ན་དགའ་གུ་ལགས། 10 མནའ་མ་ལེན་ཚར་ས་ཀྱ་ལ་ང་བཀའ་འདི་སྟེར་ར་ཡིན། (འདི་བཀའ་ནི་ངའི་མིན་ད་གཙོ་བོའི་ལགས།) སྐྱེས་དམན་གཅིག་རང་གི་ཁྱོ་ག་ནས་ཁ་མ་བྲལ་ཤོག། 11 (ཡིན་ནའང་ཁ་བྲལ་འོད་ནའང་། མོ་མནའ་མ་ལ་མེད་འགྲོ་བ་བསྡད་དགོས། ཡང་ན་རང་གི་ཁྱོ་ག་མུ་ལ་རང་འཆམ་དགོས།) དེ་ནས་ཁྱོ་ག་ཡིས་འང་རང་གི་སྐྱེས་དམན་ལ་མ་འབོར་ར་ཤོག། 12 དེ་ནས་ཁྱེད་གཞན་མ་ཀྱ་ལ་ང་སྨྲ་ཡིན། (འདི་གཙོ་བོའི་མིན་ད། ང་རང་གི་སྨྲ་སྟངས་ཡིན།) སྤུན་གཅིག་ལ་དད་པ་མི་བྱེད་ཀྱིན་སྐྱེས་དམན་བྱེད་རེ། དེ་ནས་མོ་ཁོའི་མུ་ལ་བསྡད་ཉིད་འདོད་ན། ཁོ་མོའི་མུ་ལ་ཁ་བྲལ་ཡས་མེད་ད་ལགས། 13 དེ་ནས་བུ་མོ་གཅིག་ལ་དད་པ་མི་བྱེད་ཀྱིན་ཁྱོ་ག་བྱས་རེ་ཁོ་མོའི་མུ་ལ་བསྡད་ཉིད་འདོད་ན། མོ་ཁོའི་མུ་ལ་ཁ་བྲལ་ཡས་མེད་ད་ལགས། 14 གི་བྱས་རེ་སྨྲ་ན་དད་པ་མི་བྱེད་ཀྱིན་ཁྱོ་ག་ནི་རང་གི་སྐྱེས་དམན་ཐོག་ནས་དམ་པ་བྱུང་ང་ལགས། དེ་ནས་དད་པ་མི་བྱེད་ཀྱིན་སྐྱེས་དམན་ནི་རང་གི་ཁྱོ་ག་ཐོག་ནས་དམ་པ་འོང་ང་ལགས། དེ་རེ་མིན་ན་ཁོང་ཀྱ་ཡི་ཕྲུ་བ་ཀྱ་མེད་གཙང་ང་འབྱུང་ཡས་འོད། ཡིན་ནའང་ད་ལྟ་ཁོང་ཀྱ་དམ་པ་བྱུང་བ་ལགས། 15 ཡིན་ནའང་དད་པ་མི་བྱེད་ཀྱིན་གྱིས་རང་གི་རོགས་བ་མུ་ལ་ཁ་བྲལ་ཉིད་འདོད་ན། ཁ་བྲལ་རུ་ཆུག། དེ་རེ་བྱུང་ན་དད་པ་བྱེད་ཀྱིན་ཁྱོ་ག། ཡང་ན་སྐྱེས་དམན་གོ་སུའང་དབང་དུ་མེད་ཡོང་ང་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་འོ་རང་ལ་ཞི་བདེའི་ནང་དུ་གནས་ཡས་ལ་བོས་མཛད་པ་ལགས། 16 ཁྱེད་སྐྱེས་དམན་ཀྱ་བོ། ཁྱེད་ཀྱ་ལ་གི་ཤེས་ཡས། ཁྱེད་ཀྱིས་རང་གི་ཁྱོ་ག་ལ་སྐྱོབ་ཐུབ་ཡས་འོད་གྲོ། ཡང་ན་ཁྱེད་ཁྱོ་ག་ཀྱ་བོ། ཁྱེད་ཀྱ་ལ་གི་ཤེས་ཡས། ཁྱོས་རང་གི་སྐྱེས་དམན་ལ་སྐྱོབ་ཐུབ་ཡས་འོད་གྲོ། དཀོན་མཆོག་གིས་བསྐོས་ཀ་ཅོག་རེ་མི་ཚེ་བསྐྱལ་ཡས་ཀྱི་སྐོར། 17 གཙོ་བོ་ཡིས་མི་རེ་རེ་ལ་གི་བསྐོས་ཀ་དང་། གནས་ཚུལ་ག་རེ་ལ་དཀོན་མཆོག་གིས་ཁྱེད་ཀྱ་ལ་བོས་གནང་གིན་མི་ཚེ་གོ་མི་རེ་རེ་ཡིས་པུད་དགོས། ཆོས་ཚོགས་གི་རིའི་ཆེད་དུ་ངའི་ཁྲིམས་ནི་དེ་རང་ལགས། 18 མི་གཅིག་ལ་དཀོན་མཆོག་གིས་འབོད་ལི་གང་ལ་ཁོ་ཨེན་དུ་རུ་དཔག་བོ་བཅད་ཚར་ས་འོད་ན། ཁོས་འོ་དེ་རྟགས་གོ་སུབ་ཡས་མེད་ད་ལགས། དེ་ནས་དཔག་བོ་མ་བཅད་ཅ་འོད་ད་རང་ཁོ་ལ་དཀོན་མཆོག་གིས་བོས་འོད་ན། ཁོས་དཔག་བོ་བཅད་དགོས་གུ་མ་ལགས། 19 ལྤགས་བོ་བཅད་དེ་རྟགས་བརྒྱབ་ན་གིའང་མ་ལགས། དེ་ནས་དཔག་བོ་བཅད་ཀྱིན་རྟགས་མེད་བརྒྱབ་ནའང་། གིའང་མ་ལགས། དཀོན་མཆོག་གི་བཀའ་བསྲུང་ཡས་གོ་རྩ་ཆེ་ལགས། 20 གནས་ཚུལ་ག་རེ་ལ་དཀོན་མཆོག་གིས་ཁོང་ཀྱ་ལ་བོས་འདུག་བའི། འོ་དེ་རང་ལ་མི་རེ་རེ་གནས་དགོས། 21 ཁྱོད་ལ་དཀོན་མཆོག་གིས་འབོད་ལི་གང་ལ་ཁྱོད་བྲན་གཡོག་འོད་དེ། འདི་སྐོར་ལ་སེམས་ཁྲལ་མ་བྱེད། ཡིན་ནའང་བྲན་གཡོག་ནས་ཐར་ཐུབ་ཡས་འོད་ན། འོ་དེ་གོ་སྐབས་བེད་སྤྱོད་བྱེད། 22 གི་བྱས་རེ་སྨྲ་ན་གཙོ་བོའི་ནང་འབོད་ལི་གང་ལ། བྲན་གཡོག་འོད་ཀྱིན་གོ་ད་གཙོ་བོའི་རང་དབང་གི་མི་བྱུང་འོད་ད་ལགས། འོ་དེ་རེ་རང་བྱས་རེ་གཙོ་བོ་ཡིས་འབོད་ལི་གང་ལ། རང་དབང་འོད་ཀྱིན་མི་གོ་ད་མཱ་ཤི་ཀའི་བྲན་གཡོག་བྱུང་འོད་ད་ལགས། 23 ཁྱེད་ཀྱ་ནི་རིན་ཇང་རེ་ཉོས་ཉ་ཀྱ་ལགས། མིའི་བྲན་གཡོག་མ་འབྱུང་། 24 འོ་བྱས་རེ་སྤུན་ཀྱ་བོ། མི་རེ་རེ་ལ་གནས་ཚུལ་ག་རེ་ལ་དཀོན་མཆོག་གིས་བོས་མཛད་འདུག། ཁོ་འོ་དེ་རང་གནས་ཚུལ་ལ་དཀོན་མཆོག་མུ་ལ་གནས་དགོས། མནའ་མ་མ་ལེན་ལ་ཀྱ་ཡི་སྐོར་ལ། 25 ད་བུ་མོ་ན་ཆུང་མ་ཀྱ་ཡི་སྐོར་ལ་གཙོ་བོའི་བཀའ་ང་ལ་མེད། ཡིན་ནའང་ང་གཙོ་བོའི་ཐུགས་རྗེའི་སྒོ་ནས་བློ་བཀལ་ཐུབ་ཀྱིན་མི་གཅིག་བྱས་རེ། ང་རི་བསམ་ཚུལ་བཤད་ད་ཡིན། 26 དེ་སང་གི་སྡུག་ང་ལ་ལྟ་ཡས་ཡིན་ན། ཁྱེད་ཀྱ་ད་ལྟ་ག་རེ་འདུག་བའི། འོ་དེ་རང་ལ་གནས་རེ་བསྡད་ན་དགའ་འོང་གུ་ལགས་སྨྲས་རེ་ང་བསམས་མའི་འོད། 27 ཁྱོས་མནའ་མ་ལེན་འོད་ན། མོ་ནས་ཁ་འབྲལ་ཡས་ཀྱི་ཐབས་ཤེས་མ་བཙལ། ཁྱོས་མནའ་མ་མ་ལེན་འོད་ན། ཁྱོད་མནའ་མ་ལེན་ཡས་ཐབས་ཤེས་མ་བཙལ། 28 ཡིན་ནའང་ཁྱོས་མནའ་མ་ལེན་ན། ཁྱོས་སྡིག་པ་མ་བསགས་འོད་ད་ལགས། དེ་ནས་ན་ཆུང་མ་གཅིག་མནའ་མ་ལ་འགྲོ་ན། མོས་སྡིག་པ་མ་བསགས་འོད་ད་ལགས། གི་ཡིན་ན་མནའ་མ་ལེན་མཁན་ཀྱ་ཡིས་འདི་མི་ཚེ་ལ་སྡུག་པོ་མང་ང་འཕྲད་ཀྱི་ལགས། དེ་ནས་ང་ཁྱེད་ཀྱ་ལ་འོ་དེ་ནས་སྐྱོབ་ཉིད་འདོད་འདིག། 29 སྤུན་ཀྱ་བོ། ངས་སྨྲ་གིན་གྱི་དོན་དག་གོ་དེ་ལགས། དུས་ཚོད་ཐུང་ང་འདུག། ད་དེ་ནས་ཧ་ལ་སྐྱེས་དམན་འོད་ཀྱིན་ཀྱ་སྐྱེས་དམན་མེད་ཀྱིན་ཅོག་རེ་བྱས་རེ་མི་ཚེ་བསྐྱལ་དགོས། 30 སྡུག་སྲུང་མཁན་ཀྱ་སྡུག་མི་སྲུང་མཁན་ཀྱ་ཅོག་རེ། ཉམས་མོ་བཏང་མཁན་ཀྱ་ཉམས་མོ་མེད་བཏང་མཁན་ཀྱ་ཅོག་རེ། དེ་ནས་ཅ་ལག་ཉོ་མཁན་ཀྱ་རང་ལ་གིའང་མེད་ཀྱིན་ཅོག་རེ། 31 དེ་ནས་འཇིག་རྟེན་གྱི་ཅ་ལག་ཀྱ་ལག་ལེན་བཏང་མཁན་ཀྱ་འོ་དེ་ལ་འབྲེལ་བ་གིའང་མེད་ཀྱིན་ཅོག་རེ་བྱེད་དགོས། གི་བྱས་རེ་སྨྲ་ན་འཇིག་རྟེན་གྱི་ད་ལྟའི་རྣམ་པ་ནི་མེད་ད་ལ་འགྲོའི། 32 ཁྱེད་ཀྱ་སྡུང་ང་ནས་ཐར་གྱིན་གོ་ང་འདོད་འདིག་འོད། མནའ་མ་མ་ལེན་ལ་མི་ཡིས་གཙོ་བོ་ལ་གང་གི་བྱས་རེ་ཐུགས་དགྱེས་རུ་བཅུག་ཡས་སྨྲས་རེ། གཙོ་བོའི་དོན་ལ་དོ་སྣང་བྱེད་ད་ལགས། 33 ཡིན་ནའང་མནའ་མ་ལེན་ལ་མི་ནི་རང་གི་སྐྱེས་དམན་ལ་གང་གི་བྱས་རེ་ཉམ་མོ་དགའ་རུ་བཅུག་ཡས་སྨྲས་རེ། འཇིག་རྟེན་གྱི་དོན་ལ་དོ་སྣང་བྱེད་ད་ལགས། 34 དེ་ནས་ཁོའི་སེམས་ནི་ཕྱོགས་གཉིས་ལ་བགོ་ལ་ལགས། མནའ་མ་ལ་མ་སོང་ས་སྐྱེས་དམན་ཡང་ན་ན་ཆུང་མ་ནི། ལུས་དང་སེམས་གཉིས་ཀ་ར་ལ་གང་གི་བྱས་རེ་དམ་པ་འབྱུང་ཡས་འདུག་བོ་སྨྲས་རེ། གཙོ་བོའི་དོན་ལ་དོ་སྣང་བྱེད་ད་ལགས། ཡིན་ནའང་མནའ་མ་ལ་སོང་ས་སྐྱེས་དམན་གོ་རང་གི་ཁྱོ་ག་ལ་གང་གི་བྱས་རེ་ཉམ་མོ་དགའ་རུ་བཅུག་ཡས་འདུག་བོ་སྨྲས་རེ། འཇིག་རྟེན་གྱི་དོན་ལ་དོ་སྣང་བྱེད་ད་ལགས། 35 ཁྱེད་ཀྱ་ལ་ཕན་ཡས་ཀྱི་ཕྱིར་ལ་ངས་དེ་ལབ་ཀྱ་སྨྲ་གིན་གོ་ཁྱེད་ཀྱ་ལ་བཀག་ཡས་ལ་མ་ལགས། ཡིན་ནའང་ཁྱེད་ཀྱི་སྤྱོད་ལམ་བཟང་ང་འབྱུང་ཡས་དང་། ཁྱེད་ཀྱི་སེམས་མེད་གཡོ་ལ་གཙོ་བོ་ལ་ཞབས་ཕྱི་ཞུ་ཡས་ཀྱི་ཆེད་དུ་སྨྲ་ལགས། 36 མི་གཅིག་གིས་རང་མུ་ལ་སློང་ཆང་བྱས་བྱ་ན་ཆུང་མ་བུ་མོ་གོ་ལ་སྤྱོད་པ་དགའ་མ་བྱས་བྱ་ཅོག་རེ་བསམས་ན། དེ་ནས་མོའི་ལོ་རྒས་རེ་འགྲོའི་འོད་ན། ཁོས་འདོད་ཀྱིན་ཅོག་རེ་མོ་ལ་མནའ་མ་ལེན་ཆོག་གི་ལགས། དེ་རེ་བྱེད་ན། སྡིག་པ་མ་ལགས། ཁོང་ཀྱ་ཡིས་མནའ་མ་ལེན་དགོས། 37 ཡིན་ནའང་མི་གཅིག་གིས་རང་གི་སེམས་པ་བརྟན་པོ་བཟོས་ས་འོད་ན། དེ་ནས་ཁོ་དབང་གིན་གྱིའང་འོག་ཏུ་མེད་ད། ཡིན་ནའང་རང་གི་འདོད་པ་ཀྱ་དབང་དུ་འདུས་ཐུབ་ཡས་དང་། འོ་དེ་ན་ཆུང་མ་མུ་ལ་མནའ་མ་མེད་ལེན་ཡས་སྨྲས་རེ་ཐག་བཅད་ས་འོད་ན། འོ་དེ་མི་ཡིས་འང་དགའ་རང་བྱེད་ད་ལགས། 38 དེ་རེ་བྱས་རེ་ན་ཆུང་མ་གོ་ལ་མནའ་མ་ལེན་མཁན་གྱིས་དགའ་རང་བྱེད་ད་ལགས། ཡིན་ནའང་མེད་ལེན་མཁན་གྱིས་ཡོལ་ལེ་དགའ་བྱེད་ད་ལགས། 39 རང་གི་ཁྱོ་ག་གསོན་པོ་འོད་ཀྱིན་ཐུག་པའི་སྐྱེས་དམན་ནི་ཁྱོ་ག་ཡི་དབང་འོག་ལ་འོང་ང་ལགས། ཡིན་ནའང་མོའི་ཁྱོ་ག་གོ་གྲོངས་ཚར་ན། མོ་རི་འདོད་ཀྱིན་མི་མུ་ལ་མོ་མནའ་མ་ལ་འགྲོ་ཆོག་བ་ལགས། ཡིན་ནའང་ཡང་མི་གོ་གཙོ་བོ་ལ་དད་པ་བྱེད་ཀྱིན་འོང་དགོས་བ་ལགས། 40 ཡིན་ནའང་ངའི་བསམ་བློ་ལ་མོ་མོ་རང་མ་རང་བསྡད་ན། མོ་ལ་ཡོལ་ལེ་སྐྱེད་ད་འབྱུང་གི་ལགས། དེ་ནས་ངས་དེ་སྨྲིས་གང་ལ། ང་ཁྱེད་ཀྱ་ལ་དཀོན་མཆོག་གི་ཐུགས་ཉིད་སྒོ་ནས་སློབ་སྟོན་སྟེར་རི་འོད་སྨྲས་རེ་ངའི་བསམ་བློ་འོད།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.