༡ ཀོ་རིན་ཐུ་པ། 6 - གློ་བ།མཱ་ཤི་ཀ་བ་ཀྱ་ཡི་གུང་དུ་ཁམ་མཆུ་བརྒྱབ་ཡས་ཀྱི་སྐོར་ལ། 1 ཁྱེད་ཀྱ་ཡི་གུང་དུ་གཅིག་གིས་གཞན་མ་མུ་ལ་རྙོག་དྲ་རེ་འབྱུང་ན། དཀོན་མཆོག་གི་མི་ཀྱ་ཡི་དྲུང་དུ་མེད་འགྲོ་བ། ཆོས་ལ་མི་རྩི་གིན་ཁྲིམས་ར་རུ་ཁམ་མཆུ་བརྒྱབ་ཏུ་འགྲོ་ཡས་ལ་ཁྱེད་ཀྱ་ནས་སུའི་བློ་ཁོག་བྱེད་འདིག་འོད་དོ། 2 ཡང་ན་དཀོན་མཆོག་གི་མི་ཀྱ་ཡིས་འཇིག་རྟེན་གྱི་ཁྲིམས་བཅད་ཀྱི་ལགས་སྨྲས་རེ་ཁྱེད་ཀྱ་མེད་ཤེས་ལ་ལེ། ད་ཁྱེད་ཀྱ་འཇིག་རྟེན་གྱི་ཁྲིམས་བཅད་ཀྱིན་ཡིན་ན། འོ་རེ་རྙོག་དྲ་ཆུང་ང་ཀྱ་ཡི་ཁྲིམས་བཅད་མི་ཐུབ་བ་ལེ། 3 ནམ་མཁའི་བང་ཆེན་ཀྱ་ཡི་ཁྲིམས་འོ་རང་བཅད་ཡས་ལགས་སྨྲས་རེ་ཁྱེད་ཀྱ་ལ་ཤེས་ཡས་མེད་དེ། དེ་རེ་ཡིན་ན་འདི་མི་ཚེ་ལ་འབྱུང་གིན་དོན་ཀྱ་གི་ཆེ་ལགས་སེ། 4 འོ་བྱས་རེ་དེ་རེ་རྙོག་དྲ་ཀྱ་ཁྱེད་ཀྱི་གུང་དུ་འོད་ན། འོ་དེ་ཀྱ་གི་བྱས་རེེ་ཆོས་ཚོགས་ཀྱི་མི་རྩི་གིན་མི་ཀྱ་ཡི་དྲུང་དུ་ཁྲིམས་བཅད་ཡས་ལ་ཁྱེད་ཀྱ་འགྲོ་བ། 5 ཁྱེད་ཀྱ་ཡི་ངོ་ཚ་པབ་ཡས་ཀྱི་ཆེད་དུ་ང་འདི་སྨྲ་ཡིན། ཁྱེད་ཀྱ་ནས་མཱ་ཤི་ཀ་བ་སྤུན་ཀྱ་ནང་གི་རྙོག་དྲ་ཀྱ་ཡི་ཁྲིམས་བཅད་ཐུབ་ཀྱིན་མི་མཁས་བ་སུ་འང་མེད་ད་ལགས་སེ། 6 ཡིན་ནའང་སྤུན་གཅིག་གིས་གཅིག་ལ་ཁྲིམས་ཁང་དུ་འཁྲིད་བའི། དེ་ནས་འོ་དེ་གོའང་མཱ་ཤི་ཀ་བ་མིན་གྱིན་ཀྱ་ཡི་གདོང་དུ། 7 ཁྱེད་ཀྱ་གཅིག་གིས་གཅིག་ལ་ཁམ་མཆུ་བརྒྱབ་ཀྱིན་དེ་རང་ཁྱེད་ཀྱ་འཕམ་གྱིན་ལགས། འོ་རེ་བྱེད་ཡས་ལས་ཁྱེད་ཀྱ་གི་བྱས་རེ་བརྙས་བཅོས་མི་སྒུར་ཡས། གི་བྱས་རེ་མགོ་སྐོར་བཏང་དུ་མི་བཅུག་ཡས། 8 ཡིན་ནའང་དེ་རེ་མིན་ད་ཁྱེད་ཀྱ་རང་རང་གི་སྤུན་ཀྱ་ལ་བརྙས་བཅོས་ཤོད། དེ་ནས་མགོ་སྐོར་བཏང་བྱེད་ད་ལགས། 9 ཡང་ན་མེད་དྲང་ང་ཀྱ་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཐོབ་ཐང་མེད་འཐོབ་ཀྱི་ལགས་སྨྲས་རེ་ཁྱེད་ཀྱ་མེད་ཤེས་ལ་ལེ། ཁྱེད་ཀྱ་མགོ་མ་འཁོར། གི་བྱས་རེ་སྨྲ་ན་འདོད་ལོག་སྤྱོད་མཁན་ཀྱ། ཡང་ན་ལྷ་སྐུ་འདྲ་ལ་མཆོད་མཁན་ཀྱ། ཡང་ན་ལོག་གཡེམ་པ་ཀྱ། ཡང་ན་ཕོ་ལོག་མོ་ལོག་བྱེད་མཁན་ཀྱ། ཡང་ན་ཕོ་ཡིས་ཕོ་ལ་སྤྱོད་མཁན་ཀྱ། 10 ཡང་ན་རྐུ་མ་རྐུ་མཁན་ཀྱ། ཡང་ན་ཧམ་པ་བྱེད་མཁན་ཀྱ། ཡང་ན་བཟི་རེ་རྒྱུག་མཁན་ཀྱ། ཡང་ན་དམའ་འབེབ་བཏང་མཁན་ཀྱ། ཡང་ན་སླུ་མཁན་ཀྱ་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཐོབ་ཐང་མེད་འཐོབ་ཀྱི་ལགས། 11 དེ་ནས་ཁྱེད་ཀྱ་ནང་ནས་རིང་འགའ་ཨེན་མ་དེ་རེ་འོད་ད་ལགས། ཡིན་ནའང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་དང་། འོ་རི་དཀོན་མཆོག་གི་ཐུགས་ཉིད་ཀྱི་ཐོག་ནས་ཁྱེད་ཀྱ་གཙང་མ་དང་། དམ་པ་དང་། དྲང་པོ་མཛད་པ་ལགས། ལོག་གཡེམ་གྱི་སྐོར་ལ་གྲོས། 12 ཁྱེད་ཀྱ་ངས་གི་བྱེད་ན་བྱེད་ཆོག་བ་ལགས་སྨྲས་རེ་སྨྲ་ལགས། ཡིན་ནའང་དོན་གི་རི་ཕན་མེད་ཐོག་བ་ལགས། ངས་གི་བྱེད་ན་བྱེད་ཆོག་བ་ལགས་སྨྲས་རེ་ངས་སྨྲ་ཐུབ་ཀྱི་ལགས། ཡིན་ནའང་ང་དབང་གིན་གྱིའང་འོག་ཏུ་ཆུད་དེ་མེད་བསྡད། 13 ཁྱེད་ཀྱ་ཕོ་བའི་ཆེད་དུ་ཟ་མ་དང་ཟ་མའི་ཆེད་དུ་ཕོ་བ་ལགས་སྨྲས་རེ་སྨྲ་ལགས། ཡིན་ནའང་དཀོན་མཆོག་གིས་འདི་གཉིས་ཀ་ར་ལ་མེད་ད་ལ་མཛད་ཀྱི་ལགས། དེ་ནས་ལུས་ནི་ལོག་གཡེམ་གྱི་ཆེད་དུ་མིན་ད་གཙོ་བོའི་ཆེད་དུ་ལགས། དེ་ནས་གཙོ་བོ་ནི་ལུས་ཀྱི་ཆེད་དུ་ལགས། 14 དེ་ནས་དཀོན་མཆོག་གིས་རང་གི་ནུས་མཐུའི་སྒོ་ནས་གཙོ་བོ་ལ་འཆི་བ་ནས་སྐུ་གསོན་པོ་མཛད་པ་ལགས། དེ་ནས་འོ་རང་ལའང་ཁོང་གིས་གསོན་པོ་མཛད་ཀྱི་ལགས། 15 ཁྱེད་ཀྱི་ལུས་ནི་མཱ་ཤི་ཀའི་ཡན་ལག་ཀྱ་ཡིན་གྱིན་གོ་ཁྱེད་ཀྱ་ལ་ཤེས་ཡས་མེད་དེ། ད་ང་མཱ་ཤི་ཀའི་ཡན་ལག་ཀྱ་ཁྱེར་ཏེ་གཞང་བཙོངས་ཀྱིན་གྱི་ཡན་ལག་བཟོ་ཡས། དེ་རེ་ཕུ་ཀི་མ་འབྱུང་བར་ཤོག། 16 གཞང་བཙོངས་མཁན་མུ་ལ་འབྲེལ་གྱིན་མི་ནི། མོའི་མུ་ལ་ལུས་གཅིག་བྱུང་ང་ལགས་སྨྲས་རེ་ཁྱེད་ཀྱ་ཤེས་ཡས་མེད་དེ། གི་བྱས་རེ་སྨྲ་ན་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། འདི་གཉིས་བོ་ནི་ལུས་གཅིག་འབྱུང་གི་ལགས། 17 ཡིན་ནའང་གཙོ་བོ་མུ་ལ་འབྲེལ་མཁན་ནི། ཁོང་མུ་ལ་ཐུགས་ཉིད་ནས་གཅིག་བྱུང་ང་ལགས། 18 ལོག་གཡེམ་ནས་འཛེམ་ཏེ་སྡོད། མི་ཡིས་བྱེད་ཀྱིན་སྡིག་པ་གཞན་མ་གི་རི་ལུས་ཀྱི་ཕི་ལ་འོང་ང་ལགས། ཡིན་ནའང་ལོག་གཡེམ་བྱེད་ཀྱིན་གྱིས་རང་གི་ལུས་ལ་རང་སྡིག་པ་བྱེད་ད་ལགས། 19 ཁྱེད་ཀྱི་ནང་བཞུགས་མཁན་དང་། དཀོན་མཆོག་ནས་ཁྱེད་ཀྱ་ལ་ཐོབ་ཐ་དམ་པའི་ཐུགས་ཉིད་ཀྱི་མཆོད་ཁང་ནི། ཁྱེད་ཀྱི་ལུས་ཡིན་གྱིན་གོ་ཁྱེད་ཀྱ་ལ་ཤེས་ཡས་མེད་དེ། ཁྱེད་ཀྱ་ཁྱེད་རི་རང་གི་མ་ལགས། 20 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ལ་རིན་སྟེར་ཏེ་ཉོས་མཛད་པ་ལགས། འོ་བྱས་རེ་ཁྱེད་ཀྱི་ལུས་ཀྱི་ཐོག་ནས་དཀོན་མཆོག་ལ་བཀུར་སྟི་བྱེད།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.