༡ ཀོ་རིན་ཐུ་པ། 5 - གློ་བ།ལོག་གཡེམ་པ་ལ་ཆོས་ཚོགས་ནས་བུད་དགོས་ཡས་ཀྱི་སྐོར། 1 ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཁོག་ཏུའང་བྱེད་མེད་ཆོག་གིན་ལོག་གཡེམ་གྱི་ལས་ཀ་གོ། ཁྱེད་ཀྱི་ཁོག་ཏུ་འདུག་སྨྲས་རེ་ངས་དངོས་གནས་ཀྱི་གོ་སོང་། ཁྱེད་ཀྱ་ནས་གཅིག་གིས་རང་གི་ཨ་རྒས་ཀྱི་སྐྱེས་དམན་བཞག་འདུག་སྨྲས་རེ་ངས་གོ་སོང་། 2 དེ་ནས་ཁྱེད་ཀྱ་གོ་ངོམ་གསོ་བྱེད་ད་ལེེ། ཁྱེད་ཀྱ་འགྱོད་པ་བྱེད་དགོས་ཡས་འོད་ད་མ་ལེ། དེ་རེ་ལས་ཀ་བྱེད་མཁན་ལ་ཁྱེད་ཀྱི་གུང་ནས་བུད། 3 ང་ཁྱེད་ཀྱི་གུང་དུ་ལུས་ལ་མེད་ནའང་། སེམས་ཉིད་ཀྱི་ཐོག་ནས་ཁྱེད་ཀྱི་མུ་ལ་འོད། དེ་ནས་ང་ཁྱེད་ཀྱི་མུ་ལ་འོད་ཀྱིན་ཅོག་རེ། ངས་དེ་རེ་ལས་ཀ་བྱེད་ཀྱིན་གོ་ལ་ཁྲིམས་ཐག་བཅད་ཚར་འོད། 4 དེ་ནས་ཁྱེད་ཀྱ་གཙོ་བོ་ཡེ་ཤུའི་མཚན་གྱི་ཐོག་ནས་འཛོམས་མ་རང་། དེ་ནས་ང་སེམས་ཉིད་ཀྱི་ཐོག་ནས་ཁྱེད་ཀྱི་མུ་ལ་འོད་ད་རང་། འོ་རི་གཙོ་བོ་ཡེ་ཤུའི་ནུས་མཐུའི་སྒོ་ནས། 5 དེ་རེ་མི་ལ་བདུད་སཱ་ཏན་གྱི་ལག་ལ་རྩི་རྒྱོབ། དེ་རེ་བྱས་རེ་ཁོའི་སྡིག་པའི་ལུས་གོ་མེད་ད་ལ་སོང་རེ་གཙོ་བོའི་ཉིན་མ་ལ་ཁོའི་སེམས་ཉིད་གོ་སྐྱོབ་ཀྱི་ལགས། 6 ཁྱེད་ཀྱ་ངོམ་གསོ་བྱེད་ཀྱིན་དེ་དགའ་མ་ལགས། སྐྱུར་རྩི་ཅི་མེ་གཅིག་གིས་བག་ཕེ་འོད་ལེ་ལ་སྐྱུར་བསླངས་ང་ལགས་སྨྲས་རེ་ཁྱེད་ཀྱ་མེད་ཤེས་ལ་ལགས་སེ། 7 ཁྱེད་ཀྱ་དངོས་གནས་ཀྱི་སྐྱུར་རྩི་མིན་གྱིན་བྱས་རེ། ཁྱེད་ཀྱ་སྐྱུར་རྩི་མེད་ཀྱིན་བག་ཕེ་གསར་པ་གོ་འབྱུང་ཡས་ཀྱི་ཆེད་དུ་སྐྱུར་རྩི་རྙིང་པ་གོ་སྤོངས། གི་བྱས་རེ་སྨྲ་ན་འོ་རི་པེ་སག་གི་ལུག་ཕྲུག་ཡིན་གྱིན་མཱ་ཤི་ཀ་ནི་མཆོད་པ་ལ་ཕུལ་ཚར་ལགས། 8 འོ་བྱས་རེ་གནོད་སེམས་དང་ངན་སེམས་ཀྱི་སྐྱུར་རྩི་རྙིང་པ་མིན་ད། ཡིན་ནའང་སྐྱུར་རྩི་མེད་ཀྱིན་དྲང་ང་དང་། བདེན་པའི་གྱང་ག་བཟས་རེ་པེ་སག་གི་དུས་ཆེན་འོ་རང་བཏང་བོ། 9 ངས་ཁྱེད་ཀྱ་ལ་བཏང་གིན་ཡིག་གོ་ལ་ལོག་གཡེམ་པ་ཀྱ་མུ་ལ་འབྲེལ་བ་མ་བྱེད་སྨྲས་རེ་བྲིས་པའི། 10 འོ་དེའི་དོན་དག་གོ་འདི་འཇིག་རྟེན་གྱི་ལོག་གཡེམ་པ་ཀྱ་དང་། ཧམ་པ་བྱེད་མཁན་ཀྱ་དང་། སླུ་མཁན་ཀྱ་དང་། སྐུ་འདྲ་ལ་མཆོད་མཁན་ཀྱ་མུ་ལ་ཕུ་ཀི་འབྲེལ་བ་མ་བྱེད་སྨྲས་རེ་སྨྲ་མ་ལགས། དེ་རེ་བྱེད་ཡས་ཡིན་ན། ཁྱེད་ཀྱ་འདི་འཛམ་གླིང་དེ་ནས་རང་ཐོན་ཏེ་འགྲོ་དགོས་གུ་ལགས། 11 ཡིན་ནའང་རང་ལ་མཱ་ཤི་ཀ་བ་སྤུན་ཡིན་སྨྲས་རེ་སྨྲ་གིན། ཡིན་ནའང་ལོག་གཡེམ་དང་། ཧམ་པ་དང་། སྐུ་འདྲ་ལ་མཆོད་ཡས་དང་། དམའ་འབེབ་བཏང་ཡས་དང་། ར་བཟི་ཡས་དང་། སླུ་གིན་ལས་ཀ་བྱེད་མཁན་ཀྱ་མུ་ལ་འབྲེལ་བ་མ་བྱེད་སྨྲས་རེ་ང་ད་ལྟ་ཁྱེད་ཀྱ་ལ་བྲིས་བ་ཡིན། དེ་རེ་མི་ཀྱ་མུ་ལ་ཟ་མའང་མུ་ལ་མ་ཟ། 12 ཕི་དི་མི་ཀྱ་ཡི་ཁྲིམས་གཅོད་བྱས་རེ་ང་ལ་གི་འོང་གི་ལགས་སེ། ཆོས་ཚོགས་ནང་གི་མི་ཀྱ་ལ་ཁྱེད་ཀྱ་ཡིས་ཁྲིམས་བཅད་དགོས་གུ་མ་ལེ། 13 ཕི་དི་མིའི་ཁྲིམས་དཀོན་མཆོག་གིས་རང་མཛད་ཀྱི་ལགས། ཁྱེད་རི་ཁོག་ནས་མི་ངན་པ་ཀྱ་ལ་བུད་དེ་རྫོངས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.