Biblia Todo Logo
Bìoball air-loidhne

- Sanasan -


༡ ཀོ་རིན་ཐུ་པ། 4 - གློ་བ།


མཱ་ཤི་ཀའི་སྐུ་ཚབ་ཀྱ།

1 མི་ཀྱ་ཡིས་འེ་ཀྱ་ལ་མཱ་ཤི་ཀའི་ཞབས་ཕྱི་པ་དང་། དཀོན་མཆོག་གི་གསང་བའི་དོན་ཀྱ་ཡི་གཉེར་པ་ཅོག་རེ་རྩི་དགོས།

2 ད་གཉེར་པ་ཀྱ་ནི་བློ་བཀལ་ཐུབ་ཀྱིན་འབྱུང་དགོས།

3 ཁྱེད་ཀྱ་ནས་ཡང་ན་མིའི་ཁྲིམས་ར་ནས་ངས་ཁྲིམས་བཅད་ན། ང་ལ་གིའང་ཕོག་ཡས་མེད། དེ་ནས་ངས་ང་རང་གིའང་རང་ལ་ཁྲིམས་མེད་བཅད་འོད།

4 ངས་ང་རི་བྱས་བྱ་ནོར་འཁྲུལ་ཀྱ་ཡི་སྐོར་ལ་གིའང་དྲན་གསོ་བྱེད་མི་ཐུབ་བ། ཡིན་ནའང་འདི་ང་ལ་སྐྱོན་མེད་ཀྱིན་མེད་བཟོ་བ་ལགས། དེ་ནས་ངའི་ཁྲིམས་བཅད་ཀྱིན་ནི་གཙོ་བོ་ཡིན།

5 འོ་བྱས་རེ་བཀོད་ཀ་དུས་གོ་མ་བབས་ཀྱིན་ཨེན་ལ་མི་སུའི་འང་ཁྲིམས་མ་བཅད། དེ་ནས་གཙོ་བོ་ཕེབས་ཀྱིན་ཐུག་པའི་གུག་སྟེ་སྡོད། ཁོང་པ་ཡིས་མུན་ནག་གི་ནང་སྦས་རེ་བཞག་ཞ་ལབ་གི་རི་འོད་ལ་མངོན་མཛད་ཀྱི་ལགས། དེ་ནས་མིའི་སེམས་པའི་འཆར་གཞི་ཀྱ་མངོན་མཛད་ཀྱི་ལགས། དེ་ནས་འོ་དེ་གང་ལ་མི་རེ་རེའི་དཀོན་མཆོག་ནས་རང་གི་བསྟོད་པ་འཐོབ་ཀྱི་ལགས།

6 ད་སྤུན་ཀྱ་བོ། ཁྱེད་ཀྱ་ལ་ཕན་ཡས་ཀྱི་ཆེད་དུ་ངས་ང་རང་དང་ཨ་པོལ་ལོས་ཀྱི་དཔེ་བཞག་སྟེ། འེ་ཀྱ་ནས་ཁྱེད་ཀྱ་ཡི་གསུང་རབ་ནང་དུ་བྲིས་བྲ་ཅོག་རེ་མི་ཚེ་པུད་ཡས་གོ་སྦྱང་ཡས་ལ་སྟོན་འོད། དེ་ནས་ཁྱེད་ཀྱ་གཅིག་ལ་ངོམ་གསོ་བྱས་རེ་གཞན་མ་ལ་སྡང་ང་བྱེད་ཀྱི་མ་ལགས།

7 ཁྱེད་ཀྱ་ལ་མི་གཞན་མ་ནས་གལ་ཆེ་སུས་བཟོས་སོ་སེ། ཁྱེད་ཀྱ་ལ་དཀོན་མཆོག་ནས་མ་ཐོབ་ཐ་གི་འོད་སེ། དེ་ནས་ཁྱེད་ཀྱི་ཐོབ་འོད་ན། ཁྱེད་ཀྱ་གི་བྱས་རེ་འོ་དེ་གནང་སྦྱིན་མིན་གྱིན་ཅོག་རེ་ངོམ་གསོ་བྱེད་ད་ལེ།

8 ཁྱེད་ཀྱ་ལ་དགོས་ཀྱིན་གི་རི་ཐོབ་ཚར་ལེ། ཁྱེད་ཀྱ་ད་ཕྱུག་པོ་བྱུང་ཚར་ལེ། འེ་ཀྱ་མེད་ན། ཁྱེད་ཀྱ་རྒྱལ་བོ་བྱུང་ཚར་ལེ། ཁྱེད་ཀྱ་དངོས་གནས་རྒྱལ་བོ་བྱུང་འོད་ན་སྒྲིག་ཡས་འོད། དེ་ནས་འེ་ཀྱ་ལ་ཁྱེད་ཀྱི་མུ་ལ་དབང་བྱེད་ཡས་རག་འོད་གྲོ།

9 གི་བྱས་རེ་སྨྲ་ན་འེ་སྐུ་ཚབ་ཀྱ་ནི་བསད་ཡས་ཀྱི་ཁྲིམས་གཅོད་ཕོག་པ་ཀྱ་ཅོག་རེ་དང་། གི་རི་ནས་ཞུག་ཡོག་ལ་དཀོན་མཆོག་གིས་བཞག་མཛད་ཛ་ཅོག་རེ་འདུག་སྨྲས་རེ་ངའི་བསམ་བློ་འོད། གི་བྱས་རེ་སྨྲ་ན་འེ་ཀྱ་ནི་འཇིག་རྟེན་དང་། ནམ་མཁའི་བང་ཆེན་ཀྱ་དང་། མི་ཀྱ་ཡི་ཆེད་དུ་ལྟད་མོ་ཅོག་རེ་བྱུང་འདུག།

10 མཱ་ཤི་ཀའི་དོན་དུ་འེ་ཀྱ་གླེན་ད་དང་ཁྱེད་ཀྱ་མཱ་ཤི་ཀའི་ནང་མཁས་བ་འདུག། འེ་ཀྱ་ནི་སྐྱོ་བ་འོད། ཡིན་ནའང་ཁྱེད་ཀྱ་ཤུགས་ཆེ་འདུག། དེ་ནས་ཁྱེད་ཀྱ་ལ་བཀུར་སྟི་དང་། འེ་ཀྱ་ལ་དམའ་འབེབ་ཐོབ་འདུག།

11 འདི་དུས་ཐུག་པའི་འེ་ཀྱ་ཕོ་བ་ལྟོགས་ཏ་དང་ཁ་སྐོམ་ཀ། དེ་ནས་གོས་ལག་ཧྲུལ་སྡུག་པ་གོན་ག་དང་། གཞན་མ་ཡིས་རྡུང་ད་དང་། རང་ཁང་པ་མེད་ཀྱིན་བྱུང་འོད།

12 དེ་ནས་རང་གི་ལག་པས་ལས་ཀ་བྱས་རེ་དཀའ་ལས་བརྒྱབ་བ་ཡིན། དེ་ནས་མི་གཞན་མ་ཡིས་དམོད་མོ་བརྒྱབ་བ་རང་འེ་ཀྱ་སྨོན་ལམ་ཞུས་འོད། གཞན་མ་ཡིས་འེ་ཀྱ་ལ་སྡུག་པོ་སྟེར་ར་རང་འེ་ཀྱ་བཟོད་པ་སྒོམ་མའི་འོད།

13 འེ་ལ་དམའ་འབེབ་བཏང་ང་རང་འེ་ཀྱ་ལན་འཇམ་པོ་མ་ལོག་བའི་འོད། ད་ལྟ་ཐུག་པའི་འེ་ཀྱ་འཇིག་རྟེན་གྱི་ཛོ་ར་དང་གི་རི་ནས་གོ་མེད་ཆོ་གིན་ཅ་ལག་ཅོག་རེ་བྱུང་འོད།

14 ཁྱེད་ཀྱ་ལ་ངོ་ཚ་རུ་བཅུག་ཡས་ལ་ངས་དེ་བྲིས་བ་མིན། ཡིན་ནའང་ངའི་གཅེས་བའི་ཕྲུ་བ་ཀྱ་ཅོག་རེ་ཁ་ཏ་བསླབ་ཡས་ལ་བྲིས་བ་ཡིན།

15 མཱ་ཤི་ཀའི་ཐོག་ནས་ཁྱེད་ཀྱ་ལ་ལྟ་སྐྱོང་བྱེད་མཁན་མི་ཁྲི་གཅིག་འོད་ན། ཁྱེད་ཀྱ་ལ་ཨ་རྒས་ཀྱ་མང་ང་མེད་ད་ལགས། གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡེ་ཤུའི་ནང་གཏམ་བཟང་གི་སྒོ་ནས་ང་ཁྱེད་ཀྱི་ཨ་རྒས་བྱུང་བ་ལགས།

16 འོ་བྱས་རེ་ང་ཁྱེད་ཀྱ་ལ་ངའི་ལད་མོ་བྱེད་སྨྲས་རེ་སྐུལ་ལ་ཡིན།

17 དེ་ནས་འོ་བྱས་རེ་རང་གཙོ་བོའི་ནང་བློ་བཀལ་ཐུབ་ཀྱིན་ངའི་གཅེས་བའི་བུ་ཏི་མོ་ཐེའུ་ལ་ངས་ཁྱེད་ཀྱི་རྩ་རུ་བརྫངས་འོད། དེ་ནས་ས་ཆ་འོད་ལེ་དུ་ཆོས་ཚོགས་གི་རི་ལ་ངས་ཆོས་བཤད་ཤ་ཅོག་རེ་མཐུན་གྱིན། མཱ་ཤི་ཀ་ཡེ་ཤུའི་ནང་ངའི་མི་ཚེ་ག་རེ་འོད་ཀྱིན་གོ་ཁོས་ཁྱེད་ཀྱ་ལ་དྲན་གསོ་བསླངས་ཀྱི་ལགས།

18 ང་ཁྱེད་ཀྱ་རྩ་རུ་མེད་ཡོང་གི་ལགས་སྨྲས་རེ་བསམས་ཏེ། ཁྱེད་ཀྱ་ནས་རིང་འགའ་རང་དྲགས་ཆེ་བྱུང་འདུག།

19 ཡིན་ནའང་གཙོ་བོའི་ཐུགས་དགོངས་འོད་ན། ང་ཁྱེད་ཀྱི་རྩ་རུ་མགྱོགས་སེ་འོང་ང་ཡིན། དེ་ནས་ང་འོ་དེ་རང་དྲགས་ཆེ་མི་ཀྱ་ཡི་ལབ་ཀྱ་གཅིག་ཀ་མིན་ད། ཡིན་ནའང་ཁོང་ཀྱ་ཡི་ནུས་མཐུ་གོ་གི་ལེ་སྨྲས་རེ་ང་རྩ་དཔྱད་བྱེད་ཡས་ཡིན།

20 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་རྒྱལ་སྲིད་ནི་ལབ་ལ་མིན་ད། ནུས་མཐུ་ལ་འོང་ང་ལགས།

21 ཁྱེད་ཀྱ་གི་འདོད་འདིག་འོད་དོ། ང་ཁྱེད་ཀྱི་རྩ་རུ་རྒྱུག་པ་འཁྱེར་ཏེ་འོང་གུ། ཡང་ན་བྱམས་སེམས་དང་འཇམ་པོ་མ་བྱས་རེ་འོང་གུ།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan