Biblia Todo Logo
Bìoball air-loidhne

- Sanasan -


༡ ཀོ་རིན་ཐུ་པ། 3 - གློ་བ།


ཆོས་ཚོགས་དང་འགོ་ཁྲིད་ཀྱ།

1 སྤུན་ཀྱ་བོ། ང་ཁྱེད་ཀྱ་མུ་ལ་སེམས་ཉིད་ཀྱི་མི་མུ་ལ་ལབ་བཏང་གིན་ཅོག་རེ་ལབ་བཏང་མ་ཐུབ་སོང་། ཡིན་ནའང་འཇིག་རྟེན་གྱི་མི། དེ་ནས་མཱ་ཤི་ཀའི་ནང་ཕྲུ་བ་སྨ་ཉག་ཀྱ་ལ་ལབ་བཏང་གིན་ཅོག་རེ་བཏང་ཐུབ་སོང་།

2 ངས་ཁྱེད་ཀྱ་ལ་ཟ་མ་དོག་དོག་མིན་ད་འོ་མ་སྟེར་པའི། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་འོ་དེ་ཟ་ཡས་ལ་གྲ་སྒྲིག་མིན་འདུག། དེ་ནས་དོ་རང་འང་གྲ་སྒྲིག་མིན་འདུག།

3 ཁྱེད་ཀྱ་ད་ལྟའང་འཇིག་རྟེན་པ་རང་འདུག། གི་བྱས་རེ་སྨྲ་ན་ཁྱེད་ཀྱི་ཁོག་ཏུ་ཕྲག་དོག་དང་འཐབ་རྩོད་འོད་ན། ཁྱེད་ཀྱ་འཇིག་རྟེན་པ་མ་ལེ། དེ་ནས་མི་དཀྱུས་མ་ཀྱ་ཅོག་རེ་སྤྱོད་པ་བྱེད་ད་མ་ལེ།

4 གི་བྱས་རེ་སྨྲ་ན་གཅིག་གིས་ང་པའུ་ལུའི་ཕྱོགས་བྱེད་ད་ཡིན། དེ་ནས་གཞན་མ་ཡིས་ང་ཨ་པོལ་ལོས་ཀྱི་ཕྱོགས་བྱེད་ད་ཡིན་སྨྲས་རེ་སྨྲིས་གང་ལ། ཁྱེད་ཀྱ་འཇིག་རྟེན་གྱི་མི་ཅོག་རེ་སྤྱོད་པ་བྱེད་ད་མ་ལེ།

5 ད་ཧ་ན་ཨ་པོལ་ལོས་སུ་ལེ། དེ་ནས་པའུ་ལུ་སུ་ལེ། ཁོང་ཀྱ་ནི་གཙོ་བོ་ཡིས་རེ་རེ་ལ་བཀོད་གནང་ན་དང་། ཁོང་ཀྱ་ཡི་ཐོག་ནས་ཁྱེད་ཀྱ་ཡི་དད་པ་བྱས་བྱ་ཞབས་ཕྱི་པ་གཅིག་ཀ་ལགས།

6 ངས་ས་ང་བཏབ་པའི། དེ་ནས་ཨ་པོལ་ལོས་ཀྱིས་ཆུ་བླུགས་སོང་། ཡིན་ནའང་དཀོན་མཆོག་གིས་འོ་དེ་སྐྱེ་རུ་བཅུག་བ་མཛད་པ་ལགས།

7 འོ་བྱས་རེ་བཏབ་མཁན་ཡང་ན་ཆུ་བླུག་མཁན་ནི་གིའང་མ་ལགས། ཡིན་ནའང་འོ་དེ་ལ་སྐྱེ་རུ་བཅུག་མཁན་དཀོན་མཆོག་རང་གལ་ཆེ་ལགས།

8 ས་ང་བཏབ་མཁན་དང་ཆུ་བླུག་མཁན་ནི་གཅིག་པ་ལགས། དེ་ནས་ཁོང་ཀྱ་ལ་རང་གི་དཀའ་ལས་བརྒྱབ་ཀྱིན་གྱི་ཚོད་ལ་རང་གླ་ཆ་འཐོབ་ཀྱི་ལགས།

9 གི་བྱས་རེ་སྨྲ་ན་འེ་ཀྱ་ནི་དཀོན་མཆོག་གི་ལས་རོགས་ཀྱ་ཡིན། དེ་ནས་ཁྱེད་ཀྱ་གོ་དཀོན་མཆོག་གི་ཞིང་དང་བཞུགས་ཁང་ལགས།

10 དཀོན་མཆོག་གིས་ང་ལ་གནང་ན་ཐུགས་རྗེའི་སྒོ་ནས། ངས་ཁང་པ་བཟོ་གིན་མཁས་བ་གཅིག་ཅོག་རེ་ཁང་པའི་རྨང་གཞི་གོ་བཏིང་བའི། དེ་ནས་གཞན་མ་ཀྱ་ཡིས་འོ་དེའི་ཁར་ལ་རྩིག་པ་བརྩིགས་བའི། ཡིན་ནའང་ཁང་པ་རྩིག་མཁན་རེ་རེ་ཡིས་འོ་དེ་རྩིག་བའི་གང་ལ་དོ་སྣང་བྱེད་དགོས།

11 གི་བྱས་རེ་སྨྲ་ན་རྨང་གཞི་བཏིང་ཚར་ས་གོ་ནི་ཡེ་ཤུ་མཱ་ཤི་ཀ་ལགས། དེ་ནས་འོ་དེ་མ་ན་གཞན་མ་རྨང་གཞི་སུས་འང་གཏིང་མི་ཐུབ་ཀྱི་ལགས།

12 ད་འོ་དེ་རྨང་གཞི་ཁར་ལ་མི་སུ་གཅིག་གིས་འང་གསེར་དང་། དངུལ་དང་། རྡོ་རིང་ཆེ་དང་། ཤིང་དང་། རྩྭ་སྐམ་པོ་དང་། སོག་མ་ཡི་ཁང་པ་རྩིག་ནའང་།

13 ཁོང་ཀྱ་རེ་རེའི་ལས་ཀ་གོ་གསལ་བོ་མཐོང་གི་ལགས། གི་བྱས་རེ་སྨྲ་ན་ཁྲིམས་གཅོད་ཀྱི་ཉིན་མ་ཡིས་འོ་དེ་མངོན་གྱི་ལགས། འོ་དེ་ནི་མིའི་སྒོ་ནས་མངོན་གྱི་ལགས། དེ་ནས་མི་རེ་རེའི་ལས་ཀ་ག་རེ་འོད་ཀྱིན་གོ་མེ་ཡིས་རང་བརྟག་དཔྱད་བྱེད་ཀྱི་ལགས།

14 དེ་ནས་རྨང་གཞི་འདིའི་ཁར་ལ་བརྩིགས་ཙ་གོ་གནས་ན། རྩིག་མཁན་གོ་ལ་བྱ་དགའ་འཐོབ་ཀྱི་ལགས།

15 དེ་ནས་འོ་དེ་གོ་ཚིག་སྟེ་འགྲོ་ན། རྩིག་མཁན་གོ་ལ་གྱོང་ཕོག་གི་ལགས། ཡིན་ནའང་ཡང་ཁོ་ཁོ་རང་གོ་མེ་ནས་ཐར་གྱིན་ཅོག་རེ་སྐྱོབ་ཀྱི་ལགས།

16 ཁྱེད་ཀྱ་ནི་དཀོན་མཆོག་གི་མཆོད་ཁང་ཡིན་གྱིན་དང་། དཀོན་མཆོག་གི་ཐུགས་ཉིད་ཁྱེད་ཀྱི་ནང་བཞུགས་ཀྱིན་གོ་ཁྱེད་ཀྱ་ལ་ཤེས་ཡས་མེད་དེ།

17 དཀོན་མཆོག་གི་མཆོད་ཁང་གཏིབ་མཁན་ལ་དཀོན་མཆོག་གིས་རང་མེད་ད་ལ་བཏང་ང་མཛད་ཀྱི་ལགས། གི་བྱས་རེ་སྨྲ་ན་དཀོན་མཆོག་གི་མཆོད་ཁང་དམ་པ་འོང་ང་ལགས། དེ་ནས་ཁྱེད་ཀྱ་རང་འོ་དེ་མཆོད་ཁང་ལགས།

18 མི་སུ་གཅིག་གིས་འང་རང་ལ་མགོ་སྐོར་མ་བཏང་བར་ཤོག། འདི་འཇིག་རྟེན་དུ་རང་ལ་མཁས་བ་བསམས་མཁན་གྱིས། རང་མཁས་བ་འབྱུང་ཡས་ཀྱི་ཆེད་དུ་ཁོ་གླེན་ད་འབྱུང་དགོས།

19 གི་བྱས་རེ་སྨྲ་ན་འདི་འཇིག་རྟེན་གྱི་ཤེས་རབ་ནི་དཀོན་མཆོག་གི་དམིགས་བ་དུ་གླེན་ད་ལགས། གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། མི་མཁས་བ་ཀྱ་ལ་ཁོ་རི་སྤྱང་གྱུ་ནང་ལ་རང་ཁོང་པ་ཡིས་ཟིམ་གྱི་ལགས།

20 དེ་ནས་ཡང་མཁས་བ་ཀྱ་ཡི་བསམ་བློ་དོན་མེད་ཀྱིན་འོང་ང་ལགས་སྨྲས་རེ་གཙོ་བོ་མཁྱེན་ད་ལགས།

21 འོ་བྱས་རེ་སུས་འང་མིའི་ཁར་ལ་ངོམ་གསོ་མ་བྱེད་ད་ཤོག། གི་བྱས་རེ་སྨྲ་ན་དོན་གི་རི་ཁྱེད་ཀྱི་རང་ལགས།

22 འོ་དེ་གོ་པའུ་ལུ་ཡིན་ན། ཨ་པོལ་ལོས་ཡིན་ན། ཀེ་ཕཱས་ཡིན་ན། འཇིག་རྟེན་ཡིན་ན། ཚེ་སྲོག་ཡང་ན་འཆི་བ་ཡིན་ན། ད་ལྟ་ཡང་ན་མ་འོངས་པར་ཡིན་ན། དོན་གི་རི་ཁྱེད་ཀྱ་ཡི་ལགས།

23 དེ་ནས་ཁྱེད་ཀྱ་གོ་མཱ་ཤི་ཀའི་ལགས། དེ་ནས་མཱ་ཤི་ཀ་ནི་དཀོན་མཆོག་གི་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan