Biblia Todo Logo
Bìoball air-loidhne

- Sanasan -


༡ ཀོ་རིན་ཐུ་པ། 2 - གློ་བ།

1 སྤུན་ཀྱ་བོ། ང་ཁྱེད་ཀྱ་རྩ་རུ་འོང་བ་རང་དཀོན་མཆོག་གི་གསང་བ་གོ་དམི་ཅིག་གི་ལབ་མཁས་བ་ཀྱ་དང་། ཤེས་རབ་ཀྱི་སྒོ་ནས་གསལ་བསྒྲགས་བྱས་རེ་མ་ཡོང་།

2 གི་བྱས་རེ་སྨྲ་ན་ང་ཁྱེད་ཀྱི་མུ་ལ་འོད་ད་རང་ཡེ་ཤུ་མཱ་ཤི་ཀ་དང་ཁོང་གི་རྒྱང་ཤིང་གི་ལབ་མ་ན། གཞན་མ་གི་རི་དྲན་པ་བརྗེད་ཡས་ལ་ངས་ཐག་བཅད་པའི།

3 ང་ཁྱེད་ཀྱི་རྩ་རུ་སྐྱོ་བ་བྱུང་རེ་དམི་ཅིག་གི་འཇིགས་ཏེ་དང་འདར་ཏེ་འོངས་བའི།

4-5 ཁྱེད་ཀྱ་ཡི་དད་པ་མིའི་ཤེས་རབ་ལ་མིན་ད། ཡིན་ནའང་དཀོན་མཆོག་གི་ནུས་མཐུ་ལ་སྟོན་ཡས་ཀྱི་ཆེད་དུ། ངས་བཤད་ཀྱིན་གཏམ་ཀྱ་དང་། ཆོས་ཀྱ་གཏམ་མཁས་བ་དང་ཤེས་རབ་ཀྱི་ཐོག་ནས་མིན་ད། དམ་པའི་ཐུགས་ཉིད་དང་ནུས་མཐུའི་སྒོ་ནས་བྱུང་བ་ལགས།


དམ་པའི་ཐུགས་ཉིད་ཀྱི་ཤེས་རབ་ཀྱི་སྐོར་ལ།

6 ད་དད་པ་བརྟན་པོ་འོད་མཁན་ཀྱ་ཡི་གུང་དུ་འེ་ཀྱ་ཤེས་རབ་ཀྱི་གཏམ་ཀྱ་བཤད་ད་ཡིན། ཡིན་ནའང་ཤེས་རབ་དེ་ནི་འདི་དུས་རབས། ཡང་ན་མེད་ད་ལ་འགྲོ་ཡས་ཡིན་གྱིན་འདི་དུས་རབས་ཀྱི་དབང་བྱེད་མཁན་ཀྱ་ཡི་ཤེས་རབ་མ་ལགས།

7 ཡིན་ནའང་གསང་བ་དུ་སྦས་རེ་བཞག་ཞ་དཀོན་མཆོག་གི་ཤེས་རབ་དེ་འེ་ཀྱ་བཤད་ད་ཡིན། ཤེས་རབ་དེ་ནི་འཇིག་རྟེན་མ་བཀོད་ཨེན་ལ་ནས་རང་། འི་ཀི་གཟི་བརྗིད་ཀྱི་ཕྱིར་ལ་དཀོན་མཆོག་གིས་བཀོད་བ་ལགས།

8 འདི་དུས་རབས་ཀྱི་དབང་བྱེད་མཁན་ཀྱ་སུས་འང་དེ་ཤེས་རབ་དེ་ཧ་མ་གོ་བ་ལགས། ཁོང་ཀྱ་ཡིས་ཧ་གོ་འོད་ན། གཟི་བརྗིད་ཀྱི་གཙོ་བོ་ལ་ཁོང་ཀྱ་ཡིས་རྒྱང་ཤིང་དུ་བརྐྱངས་ཡས་མེད།

9 གི་ཡིན་ན་གསུང་རབ་ཏུ་དེ་རེ་བྲིས་འོད་ད་ལགས། མིག་གིས་མ་མཐོང་ཐ་དང་ཨམ་མཆོག་གིས་མ་གོ་ག། དང་མིའི་སེམས་ཀྱིས་མ་བསམས་ས་ཀྱ་རང་། དཀོན་མཆོག་གིས་རང་ལ་བརྩེ་བ་བྱེད་མཁན་ཀྱ་ལ་གྲ་སྒྲིག་མཛད་འོད་ད་ལགས།

10 ཡིན་ནའང་དེ་ཀྱ་ནི་དཀོན་མཆོག་གིས་འོ་རང་ལ་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་མངོན་མཛད་འོད་ད་ལགས། གི་བྱས་རེ་སྨྲ་ན་དམ་པའི་ཐུགས་ཉིད་ཀྱིས་དོན་གི་རི་དང་། དཀོན་མཆོག་གི་གསང་བ་གཏིང་རིང་ང་ཀྱའང་བཙལ་ལ་ལགས།

11 མི་གཅིག་གི་བསམ་བློ་ཀྱ་རང་གི་སེམས་ཀྱིས་མ་ན། སུས་ཤེས་ཀྱི་ལགས་སེ། འོ་དེ་ཅོག་རེ་དཀོན་མཆོག་གི་ཐུགས་དགོངས་ཀྱ་དཀོན་མཆོག་གི་ཐུགས་ཉིད་ཀྱིས་མ་ན། སུས་འང་མེད་ཤེས་ལ་ལགས།

12 ད་འེ་ཀྱ་ལ་ཐོབ་ཐ་སེམས་ཉིད་ནི་འཇིག་རྟེན་གྱི་མ་ལགས། ཡིན་ནའང་དཀོན་མཆོག་གི་ཐུགས་རྗེའི་ཐོག་ནས་འེ་ཀྱ་ལ་གནང་ན་དོན་གི་རི་ཧ་གོ་ར་ཤོག་སྨྲས་རེ། དཀོན་མཆོག་ནས་དམ་པའི་ཐུགས་ཉིད་ཐོབ་པ་ལགས།

13 དེ་ནས་འེ་ཀྱ་ཡིས་བཤད་ཀྱིན་གཏམ་ཀྱ་ནི་མིའི་ཤེས་རབ་ཀྱི་བསླབས་ལ་ཚིག་ཀྱ་ནས་མ་ལགས། ཡིན་ནའང་དམ་པའི་ཐུགས་ཉིད་ཀྱི་གནང་གིན་ཚིག་ཀྱ་ལ་བརྟན་ཏེ། འེ་ཀྱ་ཐུགས་ཉིད་ཀྱི་ཚིག་ཀྱ་ཡི་སྒོ་ནས་ཐུགས་ཉིད་ཀྱི་བདེན་པའི་དོན་ཀྱ་བཀྲོལ་ལ་ལགས།

14 དམ་པའི་ཐུགས་ཉིད་ལ་མེད་བརྟེན་གྱིན་མི་ཀྱ་ཡིས་དཀོན་མཆོག་གི་ཐུགས་ཉིད་ཀྱི་ལབ་ཀྱ་ལ་ཁས་ལེན་མི་བྱེད་ད་ལགས། གི་བྱས་རེ་སྨྲ་ན་འོ་དེ་ལབ་ཀྱ་ཁོང་ཀྱ་ཡི་ཆེད་དུ་ཆོ་མེད་ཀྱིན་ལགས། དེ་ནས་ཁོང་ཀྱ་ཡིས་འོ་དེ་ཧ་གོ་མི་ཐུབ་བ་ལགས། གི་བྱས་རེ་སྨྲ་ན་འོ་རེ་ལབ་ཀྱ་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་གཅིག་ཀ་ཤེས་ལ་ལགས།

15 དམ་པའི་ཐུགས་ཉིད་ལ་བརྟན་གྱིན་མི་ཀྱ་ཡིས་གི་རིའི་བརྟག་དཔྱད་བྱེད་ད་ལགས། ཡིན་ནའང་ཁོ་ལ་སུས་འང་བརྟག་དཔྱད་བྱེད་མི་ཐུབ་བ་ལགས།

16 གི་བྱས་རེ་སྨྲ་ན། གཙོ་བོའི་ཐུགས་དགོངས་སུས་ཤེས་ལ་ལེ། ཁོང་ལ་སུས་བསླབ་བྱ་བརྒྱབ་ཐུབ་ཀྱི་ལེ། ཡིན་ནའང་འི་ཀི་མུ་ལ་མཱ་ཤི་ཀའི་ཐུགས་འོད་ད་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan