༡ ཀོ་རིན་ཐུ་པ། 16 - གློ་བ།དཀོན་མཆོག་གི་མི་ཀྱ་ཡི་ཆེད་དུ་ཞལ་འདེབས་འབུལ་ཡས་ཀྱི་སྐོར། 1 ད་དམ་པའི་མི་ཀྱ་ཡི་ཆེད་དུ་ཞལ་འདེབས་འབུལ་ཡས་ཀྱི་སྐོར་ལ། ངས་ག་ལ་ཏི་ཡཱའི་ཆོས་ཚོགས་ཀྱ་ལ་བཀའ་སྟེར་ཏ་ཅོག་རེ་ཁྱེད་ཀྱ་ཡིས་བྱེད། 2 ང་འོངས་བ་རང་ཞལ་འདེབས་སྡུད་མེད་དགོས་ཡས་ཀྱི་ཕྱིར་ལ། བདུན་ཕྲག་རེ་རེའི་ཉིན་མ་དང་པོ་གོ་ལ་ཁྱེད་ཀྱ་ནས་རེ་རེས་འོང་གུང་ནས་ཏི་ཏེ་གཅིག་པད་རེ་བསགས་ཏེ་ཞོག། 3 དེ་ནས་ང་སླེབས་ཏེ་ངས་ཁྱེད་ཀྱ་ཡིས་ཐག་བཅད་ཅ་མི་ཀྱ་ཡི་སྐོར་ལ། ངོ་སྤྲོད་ཀྱི་ཡིག་བྲིས་ཏེ་ཁོང་ཀྱ་ལ་ཁྱེད་ཀྱི་སྔན་པ་གོ་ཡེ་རུ་ཤ་ལེམ་དུ་བསྐྱལ་རུ་བརྫངས་བོ། 4 དེ་ནས་ང་འགྲོ་དགོས་ཡས་ཡིན་ན། ཁོང་ཀྱ་ངའི་མུ་ལ་འགྲོ་གི་ལགས། པའུ་ལུ་ཁོ་རང་གི་འགྲུལ་གྱི་འཆར་གཞི། 5 དེ་ནས་ང་མ་ཀེ་དོན་ཡཱ་ནས་འགྲོ་ཡས་ཡིན་གྱིན་བྱས་རེ། ང་འོ་དུ་རུ་སོང་ཚར་ཏེ་ཁྱེད་ཀྱི་རྩ་རུ་འོང་ང་ཡིན། 6 དེ་ནས་གཅིག་བྱེད་ན་ང་ཁྱེད་ཀྱི་རྩ་རུ་ཞག་མོ་ཏི་ཏེ་གཅིག་བསྡད་ཀྱི་ལགས། ཡང་ན་དགུན་ཁ་གི་རི་བསྡད་ཐུབ་ཀྱི་ལགས། དེ་ནས་འོ་དེ་གཤམ་ནས་ང་ག་རུ་འགྲོ་ཡས་ཡིན་ན། ཁྱེད་ཀྱ་ཡིས་ངའི་འགྲུལ་གྱི་ཕྱིར་ལ་རོགས་བ་བྱེད་ཐུབ་ཀྱི་ལགས། 7 གི་བྱས་རེ་སྨྲ་ན་ད་ལོ་ང་ཁྱེད་ཀྱི་རྩ་རུ་ལམ་སང་འཕྲད་དེ་གཅིག་ཀ་མེད་འགྲོ་བ། གཙོ་བོའི་ཐུགས་དགོངས་འོད་ན། ཁྱེད་ཀྱི་མུ་ལ་ཨ་རུང་མང་ང་དུས་ཚོད་བསྡད་ཡས་ཀྱི་རེ་བ་འོད། 8 ཡིན་ནའང་ཉིན་མ་ལྔ་བཅུའི་དུས་ཆེན་ཐུག་པའི་ང་ཨེ་ཕེ་སུ་རུ་རང་བསྡད་ཡས་ཡིན། 9 གི་བྱས་རེ་སྨྲ་ན་ཕན་ཆེ་ལས་ཀའི་ཆེད་དུ་ང་ལ་གོ་སྐབས་ཆེ་གཅིག་འབྱོར་འོད། དེ་ནས་དེ་ལ་ངོ་རྒོལ་བྱེད་མཁན་ཀྱ་མང་ང་འདུག། 10 ད་ཏི་མོ་ཐེའུ་ཁྱེད་ཀྱི་རྩ་རུ་འོང་ང་རང་ཁྱེད་ཀྱ་ཡིས་ཁོ་ལ་འཇིགས་སྣང་གིའང་མི་བྱུང་ང་བསྡད་དུ་ཆུག། གི་བྱས་རེ་སྨྲ་ན་ཁོའང་ང་ཅོག་རེ་གཙོ་བོའི་ལས་ཀ་བྱེད་ད་ལགས། 11 འོ་བྱས་རེ་སུས་འང་ཁོ་ལ་མཐོང་ཆུང་མི་བྱེད་བ་ཤོག། དེ་ནས་ཁོ་ངའི་རྩ་རུ་ལོག་ཡས་ཀྱི་ཆེད་དུ་ཁོ་ལ་ཞི་བདེའི་སྒོ་ནས་ཁོ་རི་ལམ་དུ་རྫོང་། གི་བྱས་རེ་སྨྲ་ན་ཁོ་སྤུན་ཀྱ་ཡི་མུ་ལ་འོང་གུ་ལགས་སྨྲས་རེ་ང་སྒུག་སྟེ་བསྡད་འོད། 12 ད་འོ་རི་སྤུན་ཨ་པོལ་ལོས་ཀྱི་སྐོར་ལ་སྨྲ་ན། ཁོ་ལ་སྤུན་གཞན་མ་ཀྱ་མུ་ལ་ཁྱེད་ཀྱི་རྩ་རུ་འགྲོ་ཡས་ལ་ངས་དམི་ཅིག་གི་ཨུ་ཚུགས་བརྒྱབ་པའི། ཡིན་ནའང་ད་ལྟ་ཁོ་འགྲོ་ཡས་ལ་ཕུ་ཀི་འདོད་པ་མི་བྱེད་དག། དེ་ནས་གོ་སྐབས་འབྱོར་ར་རང་ཁོ་འོང་གི་ལགས། 13 སྤྱང་ཛེ་བྱེད། དད་པ་ལ་བརྟན་པོ་གནས་ཏེ་སྡོད། དེ་ནས་བློ་ཁོག་ཆེ་དང་། ཤུགས་ཆེ་འབྱུང་། 14 དེ་ནས་ཁྱེད་ཀྱ་གི་བྱེད་ན། གི་རི་བྱམས་པའི་སྒོ་ནས་བྱེད། 15 སྤུན་ཀྱ་བོ། སེ་ཏེ་ཕ་ནཱའི་ནང་མི་ནི་ཨ་ཀ་ཡི་ཡཱ་རུ་དད་པ་བྱེད་ཀྱིན་དང་ཤོས་གོ་ལགས། དེ་ནས་ཁོང་ཀྱ་ཡིས་དམ་པའི་མི་ཀྱ་ཡི་ཞབས་ཏོག་འབུལ་ཡས་ཀྱི་ཆེད་དུ། རང་ལ་ཕུལ་འོད་ད་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ལ་ལགས། 16 དེ་རེ་མི་ཀྱ་དང་དེ་རེ་རང་བྱས་རེ་དཀའ་ལས་བརྒྱབ་ཀྱིན་ལས་རོགས་ཀྱ་ཡི་ཁར་ལ་ཉན་སྨྲས་རེ། ང་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། 17 སེ་ཏེ་ཕ་ནཱ་དང་། ཕོར་ཏོ་ནཱ་ཏོ་དང་། ཨ་ཀ་ཡ་ཀུ་སླེབས་ཏེ་ང་དམི་ཅིག་གི་ཉམ་མོ་དགྱེས་སོང་། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་མེད་དེ་གང་ལ་ཁོང་ཀྱ་ཡིས་ང་ལ་རོགས་བ་བྱས་སོང་། 18 དེ་ནས་ཁོང་ཀྱ་ཡིས་ཁྱེད་ཀྱ་ལ་སེམས་གསོ་སྤོར་གྱིན་ཅོག་རེ་ང་ལ་སེམས་གསོ་སྤར་སོང་། འོ་བྱས་རེ་དེ་རེ་མི་ཀྱ་ལ་བརྩི་བཀུར་བྱེད། མཐའ་མའི་འཚམས་འདྲི། 19 ཨེ་ཞི་ཡཱ་ཡི་ཆོས་ཚོགས་ཀྱ་ཡིས་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། ཨ་ཀུ་ལཱ་དང་པི་རི་སི་ཀཱ་དང་ཁོང་གི་ནང་དུ་ཚུགས་ཀྱིན་ཆོས་ཚོགས་ཀྱིས་ཁྱེད་ཀྱ་ལ་གཙོ་བོའི་མཚན་ནས་འཚམས་འདྲི་ཞུའི། 20 སྤུན་གི་རི་ཡིས་ཁྱེད་ཀྱ་ལ་འཚམས་འདྲི་ཞུའི། གཅིག་གིས་གཅིག་ལ་དམ་པའི་འོ་ཡིས་འཚམས་འདྲི་ཞུས། 21 ང་པའུ་ལུ་ང་རང་གི་ལག་པས་འདི་འཚམས་འདྲི་བྲིས་བའི་འོད། 22 གཙོ་བོ་ལ་བརྩེ་བ་མི་བྱེད་མཁན་གོ་ལ་དམོད་མོ་ཕོག་བར་ཤོག།མ་ར་ན་ཐ། (འི་ཀི་གཙོ་བོ་ཁྱེད་རང་ཕེབས་རོགས་གནང་།) 23 གཙོ་བོ་ཡེ་ཤུའི་ཐུགས་རྗེ་ཁྱེད་ཀྱ་མུ་ལ་གནས་ལ་ཤོག། 24 མཱ་ཤི་ཀ་ཡེ་ཤུའི་ནང་ངའི་བྱམས་པ་ཁྱེད་ཀྱ་གི་རི་མུ་ལ་གནས་ལ་ཤོག། ཨ་མེན།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.