Biblia Todo Logo
Bìoball air-loidhne

- Sanasan -


༡ ཀོ་རིན་ཐུ་པ། 15 - གློ་བ།


མཱ་ཤི་ཀ་སྐུ་གསོན་པོ་བཞེངས་ཀྱིན་གྱི་སྐོར།

1 ད་སྤུན་ཀྱ་བོ། ངས་ཁྱེད་ཀྱ་ལ་བཤད་ཀྱིན་གཏམ་བཟང་གོ་ང་ཁྱེད་ཀྱ་ལ་དྲན་གསོ་བསླངས་ང་ཡིན། དེ་གཏམ་བཟང་ལ་ཁྱེད་ཀྱི་ཁས་ལེན་བྱས་བ་ལགས། དེ་ནས་འོ་དེ་ལ་བརྟན་པོ་གནས་ཏེ་བསྡད་ད་ལགས།

2 དེ་ནས་ངས་ཁྱེད་ཀྱ་ལ་བཤད་ཤ་གཏམ་བཟང་གོ་ལ་ཁྱེད་ཀྱ་བརྟན་པོ་གནས་ན། དེའི་ཐོག་ནས་རང་ཁྱེད་ཀྱ་སྐྱོབ་ཀྱི་ལགས། དེ་རེ་མིན་ན་ཁྱེད་ཀྱ་ཡི་ཆོ་མེད་ད་ལ་དད་པ་བྱས་བ་ལགས།

3 གི་བྱས་རེ་སྨྲ་ན་ང་ལ་ཐོབ་ཐ་དང་པོ་གལ་ཆེ་ཤོས་གོ་འོ་དེ་རེ་རང་ལ་ངས་ཁྱེད་ཀྱ་ལ་བཤད་པའི། དེ་ནི་གསུང་རབ་ལ་བྲིས་བྲ་ཅོག་རེ་མཱ་ཤི་ཀ་འོ་རི་སྡིག་པའི་ཆེད་དུ་གྲོངས་ང་མཛད་པ་ལགས།

4 དེ་ནས་དུར་ཁྲོད་དུ་བཅུག་བ་མཛད་པ་ལགས། དེ་ནས་གསུང་རབ་ནང་ལ་བྲིས་བྲ་ཅོག་རེ་བཞག་མོ་གསུམ་པ་གོ་ལ་དཀོན་མཆོག་གིས་ཁོང་ལ་སྐུ་གསོན་པོ་བཞེངས་ང་མཛད་པ་ལགས།

5 དེ་ནས་ཁོང་ཀེ་ཕཱས་རྩ་རུ་མངོན་མཛད་དེ། དེ་ནས་སྐུ་ཚབ་བཅུ་གཉིས་པ་ཀྱ་ལ་མངོན་མཛད་པ་ལགས།

6 འོ་དེ་གཤམ་ནས་ཁོང་ཐེངས་གཅིག་ལ་རང་སྤུན་ལྔ་བརྒྱ་ནས་ལྷག་མུ་ལ་མངོན་མཛད་པ་ལགས། ཁོང་ཀྱ་ནས་མང་ཆེ་ད་ལྟའང་གསོན་པོ་འོད་ད་ལགས། དེ་ནས་རིང་འགའ་གྲོངས་ཚར་ལགས།

7 དེ་ནས་ཁོང་ཡ་ཀོབ་དང་། དེ་ནས་སྐུ་ཚབ་གི་རི་མུ་ལ་མངོན་མཛད་པ་ལགས།

8 དེ་ནས་གི་རི་ནས་གཤམ་ཡོག་གོ་ལ་དུས་མ་རན་པ་ལ་སྐྱེས་ཀྱ་མི་རྩ་རུ་ཅོག་རེ། ཁོང་པ་ངའི་རྩ་རུའང་མངོན་མཛད་པ་ལགས།

9 གི་བྱས་རེ་སྨྲ་ན་སྐུ་ཚབ་ཀྱ་གི་རི་ནས་ང་དམའ་ཤོས་གོ་ཡིན། དེ་ནས་ང་སྐུ་ཚབ་སྨྲས་རེ་མིང་བཞེས་རིན་ཁ་ཡས་མེད། གི་བྱས་རེ་སྨྲ་ན་ངས་དཀོན་མཆོག་གི་ཆོས་ཚོགས་ལ་སྡུག་པོ་བཏང་བའི།

10 ཡིན་ནའང་ང་ག་རེ་འོད་ཀྱིན་གོ་དཀོན་མཆོག་གི་ཐུགས་རྗེ་སྒོ་ནས་ཡིན། དེ་ནས་ང་ལ་ཐོབ་ཐ་ཁོང་པ་ཡི་ཐུགས་རྗེ་དེ་དོན་མེད་དུ་མ་བྱུང་སོང་། ཡིན་ནའང་ཁོང་ཀྱ་གི་རི་ནས་ལྷག་ངས་དཀའ་ལས་མང་ང་བརྒྱབ་པའི། གི་ཡིན་ན་ངས་ང་རང་གི་བྱས་རེ་མ་ལགས། ཡིན་ནའང་ངའི་མུ་ལ་བཞུགས་ཀྱིན་དཀོན་མཆོག་གི་ཐུགས་རྗེའི་ཐོག་ནས་ལགས།

11 འོ་བྱས་རེ་ངའི་ཡིན་ན་ཡང་ན་ཁོང་ཀྱ་ནས་ཡིན་ན། འེ་ཀྱ་ཡིས་གཏམ་བཟང་བཤད་པའི། དེ་ནས་ཁྱེད་ཀྱ་ཡིས་དད་པ་བྱས་བ་ལགས།


མི་ཀྱ་འཆི་བ་ནས་གསོན་གྱིན་གྱི་སྐོར།

12 ད་མཱ་ཤི་ཀ་འཆི་བ་ནས་སྐུ་གསོན་པོ་བཞེངས་བ་ལགས་སྨྲས་རེ་གསལ་བསྒྲགས་བྱས་འོད་ན། ཁྱེད་ཀྱ་ནས་རིང་འགའ་ཡིས་འཆི་བ་ནས་གསོན་པོ་མེད་ལངས་ང་ལགས་སྨྲས་རེ་གང་གི་བྱས་རེ་སྨྲ་ཐུབ་བ་ལེ།

13 ད་འཆི་བ་ནས་གསོན་པོ་ལངས་ཡས་མེད་ན། མཱ་ཤི་ཀ་ལའང་འཆི་བ་ནས་སྐུ་གསོན་པོ་བཞེངས་ང་མ་མཛད་པ་ལགས།

14 དེ་ནས་མཱ་ཤི་ཀ་ལ་སྐུ་གསོན་པོ་བཞེངས་ང་མ་མཛད་འོད་ན། འི་ཀིས་གཏམས་བཟང་བཤད་ཀྱིན་གོ་དང་ཁྱེད་ཀྱ་ཡི་དད་པ་གོ་དོན་མེད་ཀྱིན་བྱུང་ང་ལགས།

15 དེ་ནས་འང་ལྷག་འེ་ཀྱ་ཡིས་དཀོན་མཆོག་གི་སྐོར་ལ་དཔང་པོ་ཟོག་པོ་སྟེར་གྱིན་བྱུང་ང་ལགས། གི་བྱས་རེ་སྨྲ་ན་ཁོང་པ་ཡིས་མཱ་ཤི་ཀ་ལ་འཆི་བ་ནས་སྐུ་གསོན་པོ་བཞེངས་ང་མཛད་པ་ལགས་སྨྲས་རེ་འི་ཀིས་དཔང་པོ་བྱས་བ་ལགས། ཡིན་ནའང་དངོས་གནས་འཆི་བ་ནས་གསོན་པོ་ལངས་ཡས་མེད་ན། ཁོང་པ་ཡིས་འང་མཱ་ཤི་ཀ་ལ་སྐུ་གསོན་པོ་བཞེངས་ང་མ་མཛད་པ་ལགས།

16 གི་བྱས་རེ་སྨྲ་ན་འཆི་བ་ནས་གསོན་པོ་ལངས་ཡས་མེད་ན། མཱ་ཤི་ཀ་ལ་སྐུ་གསོན་པོ་བཞེངས་ང་མ་མཛད་པ་ལགས།

17 དེ་ནས་ཡང་མཱ་ཤི་ཀ་ལ་སྐུ་གསོན་པོ་བཞེངས་ང་མ་མཛད་འོད་ན། ཁྱེད་ཀྱ་ཡི་དད་པ་གོ་དོན་མེད་ཀྱིན་བྱུང་ང་ལགས། དེ་ནས་ད་ལྟའང་ཁྱེད་ཀྱ་ཁྱེད་རི་སྡིག་པ་ནང་དུ་འོང་ང་ལགས།

18 ད་དེ་རེ་ཡིན་ན་མཱ་ཤི་ཀ་ལ་དད་པ་བྱས་རེ་གྲོངས་གྲ་ཀྱ་མེད་ད་ལ་སོང་བ་ལགས།

19 ད་འདི་ཚེའི་ཆེད་དུ་གཅིག་ཀ་མཱ་ཤི་ཀ་ལ་འོ་རི་རེ་བ་བྱས་འོད་ན། འོ་རང་མི་གཞན་མ་གི་རི་ནས་ཐབ་སྐྱོ་ཡོག་ལགས།

20 ཡིན་ནའང་མཱ་ཤི་ཀ་དངོས་གནས་རང་འཆི་བ་ནས་སྐུ་གསོན་པོ་བཞེངས་ང་མཛད་པ་ལགས། དེ་ནས་ཁོང་ནི་གྲོངས་རེ་སོང་ས་ཀྱ་ནས་གསོན་གྱིན་འབྲས་བུ་དང་པོ་གོ་ལགས།

21 གི་བྱས་རེ་སྨྲ་ན་མི་གཅིག་ནས་འཆི་བ་བྱུང་གིན་ཅོག་རེ་མི་གཅིག་ནས་རང་འཆི་བ་ནས་གསོན་གྱིན་བྱུང་བ་ལགས།

22 ཨ་དམ་གྱི་ཐོག་ནས་མི་གི་རི་གྲོངས་ཀྱིན་ཅོག་རེ། མཱ་ཤི་ཀའི་ཐོག་ནས་གི་རི་གསོན་པོ་མཛད་ཀྱི་ལགས།

23 ཡིན་ནའང་དེ་ནི་རེ་མོས་ལ་འབྱུང་གི་ལགས། འབྲས་བུ་དང་པོ་གོ་མཱ་ཤི་ཀ་ལགས། དེ་ནས་མཱ་ཤི་ཀ་ལྡབ་ལེ་ཕེབས་བའི་གང་ལ་ཁོང་གི་ཡིན་མཁན་ཀྱ་འཆི་བ་ནས་གསོན་གྱི་ལགས།

24 དེ་ནས་ཁོང་གིས་དབང་བྱེད་མཁན་དང་། དབང་ཆ་སྣ་གི་རི་དང་། ནུས་མཐུ་གི་རི་ལ་མེད་ད་ལ་མཛད་ཚར་ཏེ། དེ་ནས་ཡབ་དཀོན་མཆོག་ལ་རྒྱལ་སྲིད་གོ་འབུལ་ལི་གང་ལ་མཐའ་མའི་དུས་གོ་སླེབ་ཀྱི་ལགས།

25 གི་བྱས་རེ་སྨྲ་ན་ཁོང་གིས་རང་གི་དགྲ་གི་རི་ལ་རང་གི་ཞབས་འོག་ཏུ་བཞག་མ་མཛད་ཐུག་པའི། ཁོང་གིས་དབང་བསྒྱུར་མཛད་དགོས་ཀྱི་ལགས།

26 དེ་ནས་གི་རི་ནས་མཐའ་ལ་མེད་ད་ལ་མཛད་དགོས་ཡས་ཡིན་གྱིན་དགྲ་གོ་འཆི་བ་ལགས།

27 གི་བྱས་རེ་སྨྲ་ན་དཀོན་མཆོག་གིས་དངོས་པོ་གི་རི་ཁོང་གི་ཞབས་འོག་ཏུ་བཞག་མཛད་འོད་ད་ལགས། ད་དངོས་པོ་གི་རི་ཁོང་གི་དབང་འོག་ཏུ་བཞག་མཛད་འོད་ད་ལགས་སྨྲིས་གང་ལ། གི་རི་མཱ་ཤི་ཀའི་དབང་འོག་ཏུ་བཞག་མཛད་ཀྱིན་དཀོན་མཆོག་ནི། ཁོང་གི་དབང་དུ་མེད་ཀྱིན་གོ་གསལ་བོ་སྟོན་ད་ལགས།

28 དེ་ནས་གི་རི་ཁོང་གི་དབང་འོག་ཏུ་བཞག་མཛད་ཚར་ཏེ། གི་རི་ཁོང་གི་དབང་འོག་ཏུ་བཞག་མཛད་མཁན་དཀོན་མཆོག་གི་དབང་འོག་ཏུ་སྲས་ཁོ་རང་གནས་ཀྱི་ལགས། དེ་ནི་དཀོན་མཆོག་དངོས་པོ་གི་རིའི་ཐོག་ལ་མཐོ་ཤོས་འབྱུང་ཡས་ཀྱི་ཆེད་དུ་ལགས།

29 དེ་རེ་མིན་ན་གཤིན་པོའི་ཐོག་ནས་མི་ཀྱ་ཡིས་ཁྲུས་གསོལ་ལེན་གྱིན་གྱི་དོན་གོ་གི་ལེ། གཤིན་པོ་ཀྱ་གསོན་པོ་མཛད་ཡས་མིན་ན། གཤིན་པོ་ཀྱ་ཡི་ཆེད་དུ་མི་ཀྱ་གི་བྱས་རེ་ཁྲུས་གསོལ་ལེན་ད་ལེ།

30 དེ་ནས་འེ་ཀྱ་གི་བྱས་རེ་ཆུ་ཚོད་རེ་རེ་ལ་རང་གི་མི་ཚེ་ཉེན་ཁ་ལ་བཏང་ཡས།

31 སྤུན་ཀྱ་བོ། འོ་རི་གཙོ་བོ་མཱ་ཤི་ཀ་ཡེ་ཤུའི་ནང་ང་ཁྱེད་ཀྱ་ཡི་ཆེད་དུ་ངོམ་གསོ་བྱེད་འདིག་འོད་སྨྲ་གིན་ལབ་དེ། དངོས་གནས་བདེན་པ་ཡིན་གྱིན་ཅོག་རེ། ཞག་མོ་གྲང་བའི་ང་འཆི་བའི་ཁར་ལ་སླེབས་ཡས་ཀྱི་ཉེན་ཁ་འོད་ཀྱིན་དེའང་བདེན་པ་ལགས།

32 ད་འཇིག་རྟེན་པ་མི་ཅོག་རེ་ཨེ་ཕེ་སུ་རུ་སེམས་གཅན་ཀྱ་ཅོག་རེ་མུ་ལ་ངས་འཐབས་ཀྱིན་གོ་ནས་ང་ལ་གི་ཕན་ཐོགས་སོ་སེ། ད་འཆི་བ་ནས་གསོན་པོ་འབྱུང་ཡས་མིན་ན། འོ་རང་ཟ་འཐུང་བྱེད་དོ། གི་བྱས་རེ་སྨྲ་ན་ཉེ་དྲོ་ནི་འོ་རང་ཤི་གུ་ལགས།

33 རང་ལ་མགོ་སྐོར་བཏང་དུ་མ་ཆུག། རོགས་བ་ངན་པ་མུ་ལ་བསྡེབས་ན། སྤྱོད་པ་བཟང་ང་གོ་མེད་ད་ལ་འགྲོ་བ་ལགས།

34 ཁྱེད་ཀྱ་རིགས་པ་ཟིན། དེ་ནས་ད་དེ་ནས་ཧ་ལ་སྡིག་པ་མ་བྱེད། ཁྱེད་ཀྱ་ནས་རིང་འགའ་ཡིས་དཀོན་མཆོག་ལ་ངོ་གོའང་མེད་ཤེས་ཀྱིན་བྱས་རེ། ཁྱེད་ཀྱ་ངོ་ཚ་དགོས་ཡས་འདུག་སྨྲས་རེ་ང་སྨྲ་ཡིན།


སླར་གསོན་གྱིན་ལུས་ཀྱི་སྐོར།

35 ཡིན་ནའང་རིང་འགའ་ཡིས་འདྲི་གི་ལགས། གཤིན་པོ་ཀྱ་གང་གི་བྱས་རེ་གསོན་གྱི་ལེ། ཁོང་ཀྱ་ཡིས་ལུས་ག་རེ་གཅིག་འཁྱེར་ཏེ་འོང་གི་ལེ།

36 ཁྱེད་གླེན་ད་ཀྱ་བོ། ཁྱེད་ཀྱིས་བཏབ་ཀྱིན་ས་ང་གོ་མ་ཤི་བ་ལ་མེད་སྐྱེ་ལ་ལགས།

37 གྲོ་ཡང་ན་གཞན་མ་འབྲུ་ག་རེ་ཡིན་ན། ཁྱེད་ཀྱིས་གི་བཏབ་ན་འོ་དེ་གོ་གཤམ་ལ་འབྱུང་ཡས་ཡིན་གྱིན་ལུས་གོ་མ་ལགས། ཡིན་ནའང་འོ་དེའི་ས་ང་གཅིག་ཀ་ལགས།

38 ཡིན་ནའང་དཀོན་མཆོག་གིས་རང་གི་ཐུགས་དགོངས་ཀྱི་ཐོག་ནས་འོ་དེ་ལ་ལུས་གཅིག་གནང་གི་ལགས། དེ་ནས་ས་ང་སྣ་རེ་རེ་ལ་འོ་དེ་ཡིས་རང་ལུས་གནང་གི་ལགས།

39 ལུས་གི་རི་གཅིག་པ་མེད་ཡོང་ང་ལགས། མིའི་ལུས་སྣ་གཅིག། དེ་ནས་སེམས་གཅན་ཀྱ་ཡི་གཞན་མ། དེ་ནས་བྱ་ཀྱ་ཡི་གཞན་མ། དེ་ནས་ཉ་ཀྱ་ཡི་གཞན་མ་ལུས་འོང་ང་ལགས།

40 དེ་ནས་ནམ་མཁའི་ལུས་ཀྱ་དང་ས་གཞིའི་ལུས་ཀྱ་འོང་ང་ལགས། ཡིན་ནའང་ནམ་མཁའི་ལུས་ཀྱ་ཡི་གཟི་བརྗིད་སྣ་གཅིག་དང་། ས་གཞིའི་ལུས་ཀྱ་ཡི་གཟི་བརྗིད་སྣ་མི་འདྲ་བ་འོང་ང་ལགས།

41 ཉི་མའི་འོད་སྣ་གཅིག། དེ་ནས་ཟླ་བའི་འོད་སྣ་གཞན་མ། དེ་ནས་སྐར་མ་ཀྱ་ཡི་འོད་སྣ་གཞན་མ་འོང་ང་ལགས། དེ་ནས་སྐར་མ་གཅིག་གི་འོད་སྐར་མ་གཞན་མ་ནས་མེད་འདྲ་བ་འོང་ང་ལགས།

42 དེ་རེ་རང་འཆི་བ་ནས་གསོན་མཁན་ཀྱ་ཡིའང་འོང་གི་ལགས། ས་འོག་ཏུ་སྦེད་ཀྱིན་ལུས་ནི་མེད་ད་ལ་འགྲོ་བ་ལགས། དེ་ནས་སླར་གསོན་པོ་ལངས་ཀྱིན་ནི་མེད་ད་ལ་མེད་འགྲོ་བ་ལགས།

43 ལུས་ནི་གཟི་བརྗིད་མེད་ད་ལ་ས་ལ་སྦེད་བ་ལགས། དེ་ནས་གཟི་བརྗིད་ལ་འོ་དེ་གསོན་གྱི་ལགས། སྟོབས་མེད་ད་ལ་འོ་དེ་སྦེད་བ་ལགས། དེ་ནས་སྟོབས་ལ་འོ་དེ་གསོན་གྱི་ལགས།

44 ཤ་ཁྲག་གི་ལུས་ལ་འོ་དེ་སྦེད་བ་ལགས། དེ་ནས་སེམས་ཉིད་ཀྱི་ལུས་ལ་འོ་དེ་གསོན་གྱི་ལགས། ཤ་ཁྲག་གི་ལུས་འོད་ཀྱིན་ཅོག་རེ་སེམས་ཉིད་ཀྱི་ལུས་འང་འོང་ང་ལགས།

45 འོ་བྱས་རེ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། དང་པོ་མི་ཨ་དམ་གོ་གསོན་པོ་བྱུང་བ་ལགས། དེ་ནས་མཐའ་མའི་ཨ་དམ་གོ་ཚེ་གནང་གིན་ཐུགས་ཉིད་བྱུང་བ་ལགས།

46 གི་ཡིན་ན་སེམས་ཉིད་གོ་དང་པོ་མིན་ད། ཡིན་ནའང་ཤ་ཁྲག་གི་ལུས་གོ་དང་པོ་ལགས། དེ་ནས་འོ་དེ་གཤམ་ནས་སེམས་ཉིད་ཀྱི་ལུས་ལགས།

47 དང་པོ་མི་གོ་ཐལ་ལ་ཡིས་བཀོད་ཀ་ས་གཞི་ནས་ལགས། དེ་ནས་གཉིས་བ་གོ་ནམ་མཁའི་ཞིང་ཁམས་ནས་ལགས།

48 ཐལ་ལ་ནས་བཟོས་ཟ་ཀྱ་ཐལ་ལ་ནས་བཟོས་ཟ་མི་གོ་ཅོག་རེ་འོང་ང་ལགས། དེ་ནས་ནམ་མཁའི་ཞིང་ཁམས་ཀྱི་ཡིན་མཁན་ཀྱ་ནམ་མཁའི་ཞིང་ཁམས་ཀྱི་མི་ཅོག་རེ་འོང་ང་ལགས།

49 དེ་ནས་འོ་རང་ཐལ་ལ་ཡི་མིའི་དབྱིབས་ལ་སྐྱེས་ཀྱ་ཅོག་རེ། ནམ་མཁའི་ཞིང་ཁམས་ཀྱི་མིའི་དབྱིབས་ལའང་སྐྱེ་གི་ལགས།

50 ད་སྤུན་ཀྱ་བོ། ང་ཁྱེད་ཀྱ་ལ་སྨྲ་ཡིན། ཤ་ཁྲག་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཐོབ་ཐང་མེད་འཐོབ་བ་ལགས། དེ་ནས་མེད་ད་ལ་འགྲོ་གིན་ལུས་ལ་མེད་ད་ལ་མེད་འགྲོ་གིན་གྱི་ཐོབ་ཐང་མེད་འཐོབ་བ་ལགས།

51-52 ཉན་དང་། ངས་ཁྱེད་ཀྱ་ལ་གསང་བའི་ལབ་གཅིག་སྨྲ་བོ། འོ་རང་གི་རི་ཤི་གི་མ་ལགས། ཡིན་ནའང་འོ་རང་གི་རི་ཐེངས་གཅིག་དང་མིག་བཙུམ་བྱེད་ཀྱིན་གཅིག་ལ། དེ་ནས་དུང་གི་མཐའ་མའི་སྐད་ལ་འགྱུར་བ་ཐེབས་ཀྱི་ལགས། གི་བྱས་རེ་སྨྲ་ན་དུང་སྐད་བརྒྱབ་ཀྱི་ལགས། དེ་ནས་གཤིན་པོ་ཀྱ་མེད་ད་ལ་མེད་འགྲོ་གིན་ཚེ་ལ་གསོན་གྱི་ལགས། དེ་ནས་འོ་རང་འགྱུར་གྱི་ལགས།

53 གི་བྱས་རེ་སྨྲ་ན་མེད་ད་ལ་འགྲོ་གིན་གྱི་མེད་ད་ལ་མེད་འགྲོ་གིན་ལུས་ལ། དེ་ནས་འཆི་བ་ལ་འགྲོ་ཡས་ཡིན་གྱིན་ལུས་ཀྱི་འཆི་བ་མེད་ཀྱིན་ལུས་ལ་འགྱུར་དགོས་ཀྱི་ལགས།

54 དེ་ནས་མེད་ད་ལ་འགྲོ་གིན་གྱི་མེད་ད་ལ་མེད་འགྲོ་གིན་དང་། འཆི་བ་ལ་འགྲོ་ཡས་ཡིན་གྱིན་ལུས་ཀྱི་འཆི་བ་མེད་ཀྱིན་ལུས་ལ་འགྱུར་རི་གང་ལ། དེ་རེ་བྲིས་བྲ་བཀའ་གོ་འགྲུབ་ཀྱི་ལགས། འཆི་བ་ནི་དམག་འཐབ་ཀྱིན་ལ་ཕམ་པ་ལགས།

55 ཡེ་འཆི་བ། ཁྱོའི་རྒྱལ་ཁ་ག་ན། ཡེ་འཆི་བ། ཁྱོའི་མདུང་གོ་ག་ན།

56 འཆི་བའི་མདུང་ནི་སྡིག་པ་ལགས། དེ་ནས་སྡིག་པའི་དབང་ནི་ཆོས་ཁྲིམས་ལགས།

57 ཡིན་ནའང་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་འོ་རང་ལ་རྒྱལ་ཁ་གནང་གིན། ཁོང་དཀོན་མཆོག་ལ་བཀའ་དྲིན་ཆེ་འབུལ་ལ་ཡིན།

58 འོ་བྱས་རེ་ངའི་གཅེས་བའི་སྤུན་ཀྱ་བོ། ཁྱེད་ཀྱ་བརྟན་པོ་དང་འགུལ་འགུལ་མི་བྱེད་ད་སྡོད། དེ་ནས་གཙོ་བོའི་ནང་ཁྱེད་ཀྱི་དཀའ་ལས་བརྒྱབ་ཀྱིན་གོ་དོན་མེད་ཀྱིན་མེད་ཡོང་ང་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ཀྱིན་བྱས་རེ། ཁྱེད་ཀྱ་གཙོ་བོའི་ཕྱག་ལས་དམི་ཅིག་གི་ཧུ་ར་བྱས་རེ་བྱེད་འདིག་སོང་།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan