Biblia Todo Logo
Bìoball air-loidhne

- Sanasan -


༡ ཀོ་རིན་ཐུ་པ། 14 - གློ་བ།


མངོན་བཤད་ཡས་དང་སྐད་རིགས་ཀྱི་གནང་སྦྱིན་ཀྱ།

1 ཁྱེད་ཀྱ་ཡི་དམིགས་ཡུལ་གོ་བྱམས་པ་འོང་དགོས། དེ་ནས་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་ཀྱ་ཡི་འདོོད་པ་ཆེ་ཞོག། དམིགས་བསལ་དུ་མངོན་བཤད་ཡས་ཀྱི་གནང་སྦྱིན་ལ་འདོད་པ་བྱེད།

2 གི་བྱས་རེ་སྨྲ་ན་སྐད་རིགས་གཞན་མ་ཡི་ཐོག་ནས་ལབ་བཏང་གིན་ཀྱ་མིའི་མུ་ལ་མིན་ད། དཀོན་མཆོག་མུ་ལ་བཏང་ང་ལགས། ཁོས་གི་སྨྲ་གིན་གོ་སུས་འང་ཧ་མེད་གོ་ར་ལགས། ཡིན་ནའང་ཁོ་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་གསང་བའི་ལབ་ཀྱ་བཤད་ད་ལགས།

3 ཡིན་ནའང་ཡང་མངོན་བཤད་མཁན་ཀྱ་མི་ཀྱ་ལ་ཡར་རྒྱས་བཏང་ཡས་དང་། སེམས་ཤུགས་སྟེར་ཡས་དང་། སེམས་གསོ་སྤར་ཡས་ལ་ཁོང་ཀྱ་མུ་ལ་ལབ་བཏང་ང་ལགས།

4 སྐད་རིགས་གཞན་མ་བཤད་མཁན་གྱིས་རང་ལ་ཡར་རྒྱས་བཏང་ང་ལགས། ཡིན་ནའང་མངོན་བཤད་མཁན་གྱིས་ཆོས་ཚོགས་ལ་ཡར་རྒྱས་བཏང་ང་ལགས།

5 ཁྱེད་ཀྱ་གི་རི་སྐད་རིགས་གཞན་མ་ཡི་ཐོག་ནས་ལབ་བཏང་གིན་གོ་ང་འདོད་འདིག་འོད། ཡིན་ནའང་དེ་ལས་ལྷག་མངོན་བཤད་ཀྱིན་གོ་འདོད་འདིག་འོད། ཆོས་ཚོགས་ཡར་རྒྱས་བཏང་ཡས་ཀྱི་ཆེད་དུ། སྐད་རིགས་གཞན་མ་བཤད་ཀྱིན་གྱི་དོན་སུས་འང་མེད་བཀྲོལ་ན། སྐད་རིགས་གཞན་མ་ལ་བཤད་ཀྱིན་ནས་མངོན་བཤད་ཀྱིན་གོ་ཁག་ཆེ་ལགས།

6 ད་སྤུན་ཀྱ་བོ། ཁྱེད་ཀྱི་རྩ་རུ་ང་སྐད་རིགས་གཞན་མ་ལ་ལབ་བཏང་བའི་འོངས་རེ། དེ་ནས་ཁྱེད་ཀྱ་ཡི་ཁོག་ཏུ་དཀོན་མཆོག་གི་བཀའ་ཡི་གསང་བ་གོ་མངོན་ཡས། ཡང་ན་ཤེས་ཡོན། ཡང་ན་མངོན་ཤེས། ཡང་ན་བསླབ་བྱ་གིའང་ཁྱེར་ཏེ་མེད་ཡོང་ན། ང་ནས་ཁྱེད་ཀྱ་ལ་གི་ཕན་ཐོགས་ཀྱི་ལགས་སེ།

7 གླིང་བུ་ཡང་ན་པི་ཝང་ཀྱ་ཅོག་རེ་སྲོག་མེད་ཀྱིན་རོལ་དབྱངས་ཀྱ་ཡི་སྒྲ་གོ་གསལ་བོ་མེད་བཏོན་ན། གདངས་ག་རེ་བཏོན་གྱིན་གོ་གང་གི་བྱས་རེ་ཧ་གོ་ཡས།

8 ཡང་དུང་གི་སྐད་གསལ་བོ་མེད་བཏོན་ན། དམག་འཐྲབ་ཡས་ཀྱི་ཆེད་དུ་སུ་གྲ་སྒྲིག་འབྱུང་གི་ལེ།

9 དེ་རེ་རང་ཁྱེད་ཀྱ་ལ་བྱུང་ང་ལགས། ཁྱེད་ཀྱ་ཡི་ལྕེ་མོ་ཡིས་ཧ་གོ་མི་ཐུབ་ཀྱིན་ཚིག་ཀྱ་བཤད་ན། ཁྱེད་ཀྱི་གི་སྨྲས་སོ་སྨྲས་རེ་སུས་ཧ་གོ་ཡས། ཁྱེད་ཀྱ་ནི་རླུང་ལ་ལབ་བཏང་གིན་ཅོག་རེ་ལགས།

10 འཇིག་རྟེན་དུ་སྐད་རིགས་འདྲ་མི་འདྲ་མང་ང་འོད་ད་ལགས། ཡིན་ནའང་དོན་མེད་ཀྱིན་སྐད་རིགས་གཅིག་འང་མེད་ད་ལགས།

11 མི་གཞན་མ་ཡིས་ལབ་བཏང་གིན་གོ་ངས་ཧ་མེད་གོ་ན། འོ་དེ་ལབ་བཏང་གིན་གྱི་ཆེད་དུ་ང་ཕྱི་རྒྱལ་ཅོག་རེ་ལགས། དེ་ནས་ལབ་བཏང་གིན་གོ་ངའི་ཆེད་དུ་ཕྱི་རྒྱལ་ཅོག་རེ་ལགས།

12 དེ་རེ་རང་བྱས་རེ་ཁྱེད་ཀྱ་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་ཀྱ་འཐོབ་ཡས་ཀྱི་ཆེད་དུ། འདོད་པ་ཆེ་འབྱུང་གིན་བྱས་རེ། ཁྱེད་ཀྱའང་ཆོས་ཚོགས་ཡར་རྒྱས་བཏང་ཡས་ཀྱི་གནང་སྦྱིན་ཀྱ་བཙལ་ཡས་ལ་བརྩོན་འགྲུས་བྱེད།

13 འོ་བྱས་རེ་སྐད་རིགས་གཞན་མ་ལབ་བཏང་མཁན་ཀྱ་ཡིས། འོ་དེའི་དོན་དག་བཀྲོལ་ཡས་ཀྱི་ནུས་པ་འཐོབ་ཡས་ལ་སྨོན་ལམ་བརྒྱབ་དགོས།

14 གི་བྱས་རེ་སྨྲ་ན་ང་སྐད་རིགས་གཞན་མ་ཡི་ཐོག་ནས་སྨོན་ལམ་ཞུ་བ་རང་། ངའི་སེམས་ཉིད་ཀྱིས་སྨོན་ལམ་ཞུ་ལ་ལགས། ཡིན་ནའང་ངའི་རིགས་པ་ཡིས་ཧ་མེད་གོ་ར་ལགས།

15 ད་ཧ་ན་ང་གི་བྱེད་ཡས། ང་སེམས་ཉིད་ཀྱི་ཐོག་ནས་སྨོན་ལམ་ཞུ་ཡས་ཡིན། དེ་ནས་རིགས་པ་ཡིས་འང་སྨོན་ལམ་ཞུ་ཡས་ཡིན། དེ་ནས་ང་སེམས་ཉིད་ཀྱི་ཐོག་ནས་བསྟོད་གླུ་བཏང་ཡས་ཡིན། དེ་ནས་ངའི་རིགས་པ་ཡིས་འང་བསྟོད་གླུ་བཏང་ཡས་ཡིན།

16 དེ་རེ་མིན་ན་ཁྱོའི་སེམས་ཉིད་ནས་དཀོན་མཆོག་ལ་བསྟོད་སྒྲ་བཏང་ང་རང་། ཧ་མེད་གོ་གིན་ཕི་དི་མི་ཡིས་ཁྱོས་བཀའ་དྲིན་ཆེ་ཞུ་གིན་སྨོན་ལམ་གཤམ་ནས། ཁྱོས་ཞུ་གིན་གོ་གིའང་ཧ་མེད་གོ་གིན་བྱས་རེ་གང་གི་བྱས་རེ་ཨ་མེན་སྨྲ་ཡས།

17 ཁྱོས་བཀའ་དྲིན་ཆེ་གོ་དགའ་ཡས་རེ་ཞུས་འོད་གྲོ། ཡིན་ནའང་མི་གཞན་མ་ཀྱ་ལ་དེའི་ཡར་རྒྱས་གིའང་མེད་བཏང་ང་ལགས།

18 ཁྱེད་ཀྱ་གི་རི་ནས་ལྷག་ང་སྐད་རིགས་གཞན་མ་ལ་ལབ་བཏང་གིན་བྱས་རེ། ང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་འོད།

19 ཡིན་ནའང་ཆོས་ཚོགས་ཀྱི་ནང་དུ་ང་སྐད་རིགས་གཞན་མ་ཡི་ཐོག་ནས་ཚིག་ཁྲི་གཅིག་བཏོན་ཏེ་ལབ་བཏང་ཡས་ནས་འང་། ང་རི་རིགས་པ་ཡི་ཐོག་ནས་ཚིག་ལྔ་བཏོན་ཏེ་གཞན་མ་ལ་བསླབ་བྱ་སྟེར་ཡས་ལ་ང་ལབ་བཏང་ཉིད་འདོད་འདིག།

20 སྤུན་ཀྱ་བོ། བསམ་བློ་བཏང་སྟངས་ལ་ཕྲུ་བ་ཅོག་རེ་མ་འབྱུང་། ངན་པའི་ཆད་དུ་ཕྲུ་བ་ཅོག་རེ་འབྱུང་། ཡིན་ནའང་བསམ་བློ་བཏང་སྟངས་ལ་མི་ཆེ་ཅོག་རེ་འབྱུང་།

21 དམ་པའི་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། སྐད་གོ་འདྲོ་བ་བརྒྱབ་ཀྱིན་མི་ཀྱ་ནས། དེ་ནས་ཕྱི་རྒྱལ་གྱི་ཁ་ནས། ང་དེ་མི་ཀྱ་མུ་ལ་ལབ་བཏང་ཡས་ཡིན། ཡིན་ནའང་དེ་ཀྱ་ཡིས་ངའི་ལབ་ལ་མེད་མཉན་གྱི་ལགས། གསུངས་རེ་གཙོ་བོ་ཡིས་གསུངས་ང་ལགས།

22 འོ་བྱས་རེ་སྐད་རིགས་གཞན་མ་ཀྱ་དད་པ་བྱེད་མཁན་ཀྱ་ཡི་ཆེད་དུ་མིན་ད། དད་པ་མི་བྱེད་མཁན་ཀྱ་ཡི་ཆེད་དུ་རྟགས་གཅིག་ལགས། ཡིན་ནའང་མངོན་ཤེས་གོ་དད་པ་མི་བྱེད་མཁན་ཀྱ་ཡི་ཆེད་དུ་མིན་ད། དད་པ་བྱེད་མཁན་ཀྱ་ཡི་ཆེད་དུ་ལགས།

23 ད་ཆོས་ཚོགས་ནང་དུ་གི་རི་འཛོམས་ཏེ་གི་རིའི་སྐད་རིགས་གཞན་མ་ལ་ལབ་བཏང་ན། དེ་ནས་ཕི་དི་མི་ཀྱ་ཡང་ན་དད་པ་མི་བྱེད་མཁན་ཀྱ་འོ་དུ་རུ་འོང་ན། ཁོང་ཀྱ་ཡིས་ཁྱེད་ཀྱ་སྨྱོས་འདུག་སྨྲས་རེ་སྨྲ་གི་མ་ལེ།

24 ཡིན་ནའང་གི་རི་མངོན་བཤད་དེ་བསྡད་དེ་གང་ལ། དད་པ་མི་བྱེད་མཁན་ཡང་ན་ཕི་དི་མི་ཀྱ་འོ་དུ་རུ་འོང་ན། ཁྱེད་ཀྱི་ལབ་ཀྱ་གོ་སྟེ་ཁོང་ཀྱ་ལ་ཁོ་རི་སྡིག་པ་ཀྱ་གསལ་བོ་འབྱུང་གི་ལགས། དེ་ནས་ཁོང་ཀྱ་ལ་ཁྲིམས་གཅོད་འཕོག་གི་ལགས།

25 དེ་ནས་ཁོང་ཀྱ་ཡི་སེམས་ནང་གི་གསང་བ་ཀྱ་མངོན་གྱི་ལགས། འོ་བྱས་རེ་ཁོང་ཀྱ་ཕྱག་འཚལ་རེ་དཀོན་མཆོག་ལ་བསྙེན་བཀུར་ཞུ་གི་ལགས། དེ་ནས་དངོས་གནས་དཀོན་མཆོག་ཁྱེད་ཀྱི་ཁོག་ཏུ་བཞུགས་འདུག་སྨྲས་རེ་གསལ་བསྒྲགས་བྱེད་ཀྱི་ལགས།


ཆོས་ཚོགས་ཀྱི་སྒྲིག་ལམ།

26 སྤུན་ཀྱ་བོ། ད་ཧ་ན་གི་སྨྲ་ཡས། ཁྱེད་ཀྱ་མུ་ལ་འཛོམས་མ་རང་ཁྱེད་ཀྱ་རེ་རེ་ལ་མགུར་གླུ། ཡང་ན་བསླབ་བྱ། ཡང་ན་གསང་བ་མངོན་ཡས། ཡང་ན་སྐད་རིགས་གཞན་མ་བཤད་ཡས། ཡང་ན་དོན་དག་བཀྲོལ་ཡས་འོད་ད་ལགས། དེ་གི་རི་ཆོས་ཚོགས་ཡར་རྒྱས་བཏང་ཡས་ཀྱི་ཆེད་དུ་བྱེད་དགོས།

27 ད་སྐད་རིགས་གཞན་མ་ལ་ལབ་བཏང་གིན་རེ་འོད་ན། མི་གཉིས་ཡང་ན་མང་ང་ལས་གསུམ་གཅིག་ཀའི་རེ་མོས་བརྒྱབ་སྟེ་བཏང་དགོས། དེ་ནས་མི་གཅིག་གིས་འོ་དེའི་དོན་དག་བཀྲོལ་དགོས།

28 ཡིན་ནའང་དོན་དག་བཀྲོལ་གྱིན་མི་མེད་ན། འོ་དེ་ལབ་བཏང་གིན་གོ་ཆོས་ཚོགས་ཀྱི་ནང་དུ་ཁ་པ་བསྡད་དགོས། དེ་ནས་ཁོ་ཁོ་རང་དང་དཀོན་མཆོག་མུ་ལ་གཅིག་ཀ་ལབ་བཏང་དགོས།

29 མངོན་ཤེས་མཁན་གཉིས་ཡང་ན་གསུམ་གྱིས་མངོན་བཤད་དགོས། དེ་ནས་མི་མབ་ཅི་ཀྱ་ཡིས་ཁོང་ཀྱ་ཡིས་བཤད་ཀྱིན་གོ་ལ་ག་མོ་མ་རྟགས་དཔྱད་བྱེད་དགོས།

30 ཡིན་ནའང་འོ་དུ་རུ་བསྡད་མཁན་ཀྱ་ནས་གཅིག་ལ་མངོན་འཐོབ་ན། དང་པོ་མངོན་བཤད་ཀྱིན་གོ་ཁ་པ་བསྡད་དགོས།

31 གི་བྱས་རེ་སྨྲ་ན་གི་རི་ཡིས་སྦྱང་ཡས་དང་གི་རི་ལ་སེམས་ཤུགས་འཐོབ་ཡས་ཀྱི་ཆེད་དུ། ཁྱེད་ཀྱ་གི་རི་ཡིས་རེ་མོས་བརྒྱབ་སྟེ་མངོན་ཤེས་བཤད་དགོས།

32 མངོན་ཤེས་མཁན་ཀྱ་ཡི་སེམས་ཉིད་ནི་མངོན་ཤེས་མཁན་ཀྱ་ཡི་རང་དབང་འོག་ཏུ་འོང་ང་ལགས།

33 གི་བྱས་རེ་སྨྲ་ན་དཀོན་མཆོག་ནི་མགོ་འཁྲུག་ཏུ་བཅུག་གིན་དཀོན་མཆོག་མིན་ད། ཞི་བདེའི་དཀོན་མཆོག་ལགས། དམ་པའི་མི་ཀྱ་ཡི་ཆོས་ཚོགས་གི་རི་ཡི་འགྲོ་སྟངས་ལ་བརྟེན་ཏེ།

34 ཆོས་ཚོགས་ནང་དུ་སྐྱེས་དམན་ཀྱ་ཁ་པ་བསྡད་དགོས། ཁོང་ཀྱ་ལབ་བཏང་མེད་ཆོག་བ་ལགས། ཡིན་ནའང་ཆོས་ཁྲིམས་ཀྱིས་གསུངས་ཀྱིན་ཅོག་རེ་ཁོང་ཀྱ་རང་གི་ཁྱོ་ག་ཡི་དབང་འོག་ཏུ་བསྡད་དགོས།

35 ཁོང་ཀྱ་ལ་ལབ་རེ་འདྲི་ཉིད་འདོད་ན། རང་གི་ཁྱིམ་དུ་རང་གི་ཁྱོ་ག་ལ་འདྲི་དགོས། གི་བྱས་རེ་སྨྲ་ན་ཆོས་ཚོགས་དུ་ལབ་བཏང་ཡས་གོ་བུ་མོ་ཀྱ་ཡི་ཆེད་དུ་ངོ་ཚ་གཅིག་ལགས།

36 ཡང་དཀོན་མཆོག་གི་བཀའ་ཁྱེད་ཀྱ་ནས་བྱུང་བ་ལེ། ཡང་ན་ཁྱེད་ཀྱི་རྩ་རུ་གཅིག་ཀ་འོངས་བ་ལེ།

37 ཁྱེད་ཀྱ་ནས་རང་ལ་མངོན་ཤེས་མཁན་ཡང་ན་ཐུགས་ཉིད་ཀྱི་གནང་སྦྱིན་འོད་ཀྱིན་བསམས་མཁན་གྱིས། ངས་བྲིས་བྲ་ལབ་དེ་ཀྱ་གཙོ་བོའི་བཀའ་ལགས་སྨྲས་རེ་ཁོས་ཁས་ལེན་བྱེད་དགོས།

38 ཡིན་ནའང་དེ་ལ་ཡ་མེད་བཏང་གིན་མི་གོ་ལའང་ཡ་མེད་གཏང་ང་མཛད་ཀྱི་ལགས།

39 འོ་བྱས་རེ་སྤུན་ཀྱ་བོ། མངོན་བཤད་ཡས་ལ་འདོད་པ་ཆེ་བྱེད། དེ་ནས་སྐད་རིགས་གཞན་མའི་ཐོག་ནས་ལབ་བཏང་མཁན་ཀྱ་ལ་མ་བཀག།

40 ཡིན་ནའང་གི་རི་ག་མོ་མ་བྱས་རེ་སྒྲིག་ལམ་གྱི་ཐོག་ནས་འབྱུང་དགོས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan