Biblia Todo Logo
Bìoball air-loidhne

- Sanasan -


༡ ཀོ་རིན་ཐུ་པ། 13 - གློ་བ།


བྱམས་པའི་སྐོར།

1 ངས་མི་ཀྱ་དང་ནམ་མཁའི་བང་ཆེན་ཀྱ་ཡི་སྐད་རིགས་ལ་ལབ་བཏང་ནའང་། ཡིན་ནའང་ངའི་ནང་བྱམས་པ་མེད་ན། ང་སྒྲ་སྐད་བརྒྱབ་ཀྱིན་རྔ་ཡང་ན་ཏིང་སྒྲ་སྟོན་གྱིན་རོལ་མོ་གཅིག་ཅོག་རེ་ལགས།

2 དེ་ནས་ང་ལ་མངོན་བཤད་ཡས་ཀྱི་གནང་སྦྱིན་འོད་ན། དེ་ནས་ངས་གསང་བ་གི་རི་དང་ཤོས་ཡོན་གི་རི་ཧ་གོ་ན། དེ་ནས་རི་ཀྱ་སྤོ་ཐུབ་ཡས་ཀྱི་དད་པ་གི་རི་འོད་ནའང་། ཡིན་ནའང་ངའི་ནང་བྱམས་པ་མེད་ན། ང་གིའང་མ་ལགས།

3 དེ་ནས་ང་ལ་འོད་ཀྱིན་གི་རི་སྦྱིན་པ་བཏང་ན། དེ་ནས་ངའི་ལུས་རང་གསོན་པོ་བསྲགས་ཡས་ལ་སྟེར་ནའང་། ཡིན་ནའང་ངའི་ནང་བྱམས་པ་མེད་ན། ང་ལ་ཕན་ཐོགས་ཡས་གིའང་མེད།

4 བྱམས་པ་ནི་བཟོད་པ་ཅན་དང་། སྙིང་རྗེ་ཅན་འོང་ང་ལགས། བྱམས་པ་ཡིས་ཕྲག་དོག་མི་བྱེད་ད་ལགས། དེ་ནས་རང་བསྟོད་མི་བྱེད་ད་ལགས། དེ་ནས་དེ་ང་རྒྱལ་ཆེ་མེད་ཡོང་ང་ལགས།

5 བྱམས་པ་ནི་རྩུབ་བ་མེད་ཡོང་ང་ལགས། དེ་ནས་རང་དོན་གཅིག་ཀ་མེད་བཙལ་ལ་ལགས། དེ་ནས་དེ་ནི་ཨུ་ཀུ་ར་ཁོང་ཁྲོ་མེད་ལངས་ཀྱིན་དང་། གཞན་གྱི་ཉེས་སྐྱོན་ཀྱ་སེམས་ལ་མེད་བཞག་གིན་འོང་ང་ལགས།

6 དེ་ནས་བྱམས་པ་ནི་ངན་པ་ལ་ཉམ་མོ་མེད་དགའ་ལ་ལགས། ཡིན་ནའང་བདེན་པ་ལ་ཉམ་མོ་དགའ་ལ་ལགས།

7 དེ་ནས་བྱམས་པ་ཡིས་གི་རི་བཟོད་པ་བྱེད་ད་ལགས། དེ་ནས་དོན་གི་རི་ལ་ཡིད་ཆེས་བྱེད་ད་ལགས། དེ་ནས་དོན་གི་རི་ལ་རེ་བ་བྱེད་ཡས་དང་། དོན་གི་རི་ལ་སྡུག་རུས་བྱེད་ད་ལགས།

8 བྱམས་པ་ལ་རྫོགས་ཡས་ཀྱི་མཐའ་མེད་ཡོང་ང་ལགས། ཡིན་ནའང་མངོན་ཤེས་ཀྱ་མེད་ད་ལ་འགྲོ་གི་ལགས། དེ་ནས་སྐད་རིགས་ཀྱི་གནང་སྦྱིན་ཀྱ་འགག་གི་ལགས། དེ་ནས་ཤེས་ཡོན་ཀྱ་མེད་ད་ལ་འགྲོ་གི་ལགས།

9 གི་བྱས་རེ་སྨྲ་ན་འོ་རི་ཤེས་ཡོན་མེད་ཚང་གིན་འོང་ང་ལགས། དེ་ནས་འོ་རི་མངོན་ཤེས་ཀྱ་མེད་ཚང་གིན་འོང་ང་ལགས།

10 ཡིན་ནའང་ཕུན་སུམ་ཚོགས་པ་གོ་ཕེབས་བའི་གང་ལ། མེད་ཚང་གིན་གི་རི་མེད་ད་ལ་འགྲོ་གི་ལགས།

11 ང་ཕྲུ་བ་འོད་དེ་གང་ལ་ངས་ཕྲུ་བ་ཅོག་རེ་ལབ་བཏང་བའི། ཕྲུ་བ་ཅོག་རེ་བསམ་བློ་བཏང་བའི། དེ་ནས་ཕྲུ་བ་ཅོག་རེ་བསམ་གཞི་ཀྱ་སྟོན་པའི། ཡིན་ནའང་ང་ན་ཚོད་ཅེ་ཆེ་བྱུང་རེ་ངའི་ཕྲུ་བ་འོད་དེ་གང་གི་སྤྱོད་པ་ཀྱ་སྤངས་བའི།

12 ད་ལྟ་འོ་རང་སྨུག་པས་བཏུམས་ད་མེ་ལོང་ལ་ལྟ་གིན་ཅོག་རེ་གསལ་བོ་མེད་མཐོང་ང་ལགས། ཡིན་ནའང་གཤམ་ལ་མངོན་སུམ་དུ་མཇལ་གྱི་ལགས། ད་ལྟ་ང་ལ་ཏི་ཏེ་གཅིག་ཤེས་ཡས་འོད། ཡིན་ནའང་གཤམ་ལ་དཀོན་མཆོག་གིིས་ངའི་སྐོར་ལ་གི་རི་མཁྱེན་གྱིན་ཅོག་རེ། ངས་འང་གི་རི་ཤེས་ཀྱི་ལགས།

13 དེ་ནས་ད་དད་པ་དང་། རེ་བ་དང་། བྱམས་པ་གསུམ་གནས་ཀྱི་ལགས། ཡིན་ནའང་དེ་ཀྱ་ནང་ནས་གལ་ཆེ་ཤོས་གོ་བྱམས་པ་ལགས།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan