Biblia Todo Logo
Bìoball air-loidhne

- Sanasan -


༡ ཀོ་རིན་ཐུ་པ། 11 - གློ་བ།

1 ངས་མཱ་ཤི་ཀ་ལད་མོ་བྱེད་ཀྱིན་ཅོག་རེ་ཁྱེད་ཀྱ་ཡིས་འང་ངའི་ལད་མོ་བྱེད།


མགོ་གཏུམ་ཡས་ཀྱི་སྐོར་ལ།

2 དོན་གི་རི་ལ་ཁྱེད་ཀྱ་ཡིས་ང་ལ་དྲན་ཏེ། དེ་ནས་ངས་ཁྱེད་ཀྱ་ལ་སྟེར་ཏ་བསླབ་བྱ་ཀྱ་ཁྱེད་ཀྱ་ཡིས་སྲུང་གིན་ལ། ང་ཁྱེད་ཀྱ་ཡི་བསྟོད་སྒྲ་བཏང་ང་ཡིན།

3 ཡིན་ནའང་སྐྱེས་བའི་བུ་གི་རིའི་དབུ་ནི་མཱ་ཤི་ཀ་ལགས། དེ་ནས་སྐྱེས་དམན་གྱི་དབུ་ནི་མོ་རི་ཁྱོ་ག་ལགས། དེ་ནས་མཱ་ཤི་ཀའི་དབུ་ནི་དཀོན་མཆོག་ལགས་སྨྲས་རེ་ཁྱེད་ཀྱ་ཡིས་ཤེས་ཀྱིན་གོ་ང་འདོད་འདིག་འོད།

4 སྨོན་ལམ་བརྒྱབ་བ་རང་ཡང་ན་ལུང་སྟོན་ད་རང་། རང་གི་མགོ་བ་བཏུམས་ཀྱིན་སྐྱེས་བའི་བུ་ཡིས་རང་གི་དབུ་ལ་དམའ་འབེབས་བཏང་ང་ལགས།

5 ཡིན་ནའང་སྨོན་ལམ་བརྒྱབ་བ་རང་ཡང་ན་ལུང་སྟོན་ད་རང་། རང་གི་མགོ་བ་མི་བཏུམས་ཀྱིན་སྐྱེས་བའི་བུ་མོས་རང་གི་དབུ་ལ་དམའ་འབེབས་བཏང་ང་ལགས། དེ་ནི་རང་གི་སྐྲ་གཞར་གྱིན་ཅོག་རེ་ལགས།

6 གི་བྱས་རེ་སྨྲ་ན་སྐྱེས་བའི་བུ་མོ་གཅིག་གིས་རང་གི་མགོ་བ་མི་གཏུམ་ན། མོས་མོ་རི་སྐྲ་འབྲེག་དགོས། ཡིན་ནའང་སྐྱེས་བའི་བུ་མོའི་ཆེད་དུ་རང་གི་སྐྲ་འབྲེག་ཡས། ཡང་ན་གཞར་ཡས་གོ་ངོ་ཚ་གཅིག་ཡིན་ན། མོས་མོ་རི་མགོ་བ་གཏུམ་དགོས།

7 སྐྱེས་བའི་བུ་ནི་དཀོན་མཆོག་གི་དབྱིབས་དང་གཟི་བརྗིད་ཡིན་གྱིན་བྱེད་རེ། ཁོས་ཁོ་རི་མགོ་བ་གཏུམ་ཡས་མེད་ད་ལགས། ཡིན་ནའང་སྐྱེས་བའི་བུ་མོ་ནི་སྐྱེས་བའི་བུའི་གཟི་བརྗིད་ལགས།

8 གི་བྱས་རེ་སྨྲ་ན་སྐྱེས་བའི་བུ་སྐྱེས་བའི་བུ་མོ་ནས་བྱུང་བ་མིན་ད། ཡིན་ནའང་སྐྱེས་བའི་བུ་མོ་ནི་སྐྱེས་བའི་བུ་ནས་བྱུང་བ་ལགས།

9 དེ་ནས་ཡང་སྐྱེས་བའི་བུ་མོའི་ཆེད་དུ་སྐྱེས་བའི་བུ་བཀོད་བ་མིན་ད། སྐྱེས་བའི་བུ་མོ་སྐྱེས་བའི་བུའི་ཆེད་དུ་བཀོད་བ་ལགས།

10 དེ་དོན་ཀྱ་དང་ནམ་མཁའི་བང་ཆེན་ཀྱ་ཆེད་དུ། སྐྱེས་བའི་བུ་མོ་ཡིས་མོ་རང་དབང་འོག་ཏུ་འོད་སྨྲས་རེ་སྟོན་ཡས་ལ་མོ་རི་མགོ་བ་གཏུམ་དགོས།

11 གི་ཡིན་ན་གཙོ་བོའི་ནང་སྐྱེས་བའི་བུ་མོ་ནི་སྐྱེས་བའི་བུ་ལ་རགས་མི་ལུས་ཀྱིན་དང་། སྐྱེས་བའི་བུ་ནི་སྐྱེས་བའི་བུ་མོ་ལ་རགས་མི་ལུས་ཀྱིན་མེད་ཡོང་ང་ལགས།

12 གི་བྱས་རེ་སྨྲ་ན་སྐྱེས་བའི་བུ་མོ་སྐྱེས་བའི་བུ་ནས་འབྱུང་གིན་ཅོག་རེ། སྐྱེས་བའི་བུ་གོའང་སྐྱེས་བའི་བུ་མོ་ནས་སྐྱེས་ལ་ལགས། ཡིན་ནའང་དངོས་པོ་གི་རི་དཀོན་མཆོག་ནས་བྱུང་ང་ལགས།

13 ད་ཁྱེད་རང་ཀྱ་རང་བསམ་བློ་གཏོང་། སྐྱེས་བའི་བུ་མོ་གཅིག་གིས་མགོ་བ་མི་གཏུམ་མ། དཀོན་མཆོག་ལ་སྨོན་ལམ་བརྒྱབ་ཡས་དེ་ལན་པོ་འདུག་བའི།

14 དེ་ནས་རང་གཤིས་ཀྱིས་རང་ཁྱེད་ཀྱ་ལ་བསླབས་བ་མ་ལེ། སྐྱེས་བའི་བུ་གཅིག་ལ་སྐྲ་རིང་ང་འོད་ན། ཁོའི་ཆེད་དུ་འོ་དེ་ངོ་ཚ་གཅིག་ལགས།

15 ཡིན་ནའང་སྐྱེས་བའི་བུ་མོ་གཅིག་ལ་སྐྲ་རིང་ང་འོད་ན། འོ་དེ་མོའི་ཆེད་དུ་གཟི་བརྗིད་ལགས། གི་བྱས་རེ་སྨྲ་ན་སྐྱེས་བའི་བུ་མོའི་སྐྲ་རིང་ང་ནི་མོ་རང་ལ་བཀབ་ཡས་ཀྱི་ཆེད་དུ་གནང་བ་ལགས།

16 ཡིན་ནའང་མི་སུ་གཅིག་གིས་འདིའི་སྐོར་ལ་རྩོད་པ་བརྒྱབ་ཉིད་འདོད་ན། འེ་ཀྱ་དང་དཀོན་མཆོག་གི་ཆོས་ཚོགས་ཀྱ་ལ་དེ་མ་ན་གཞན་མ་ལུགས་སྲོལ་ཀྱ་མེད།


གཙོ་བོའི་ཞལ་ལག།

17 ད་དེ་འོག་གི་བསླབ་བྱ་ཀྱ་ལ་ང་ཁྱེད་ཀྱ་ལ་བསྟོད་སྒྲ་མེད་བཏང་། གི་བྱས་རེ་སྨྲ་ན་ཁྱེད་ཀྱ་འཛོམ་མ་རང་། འོ་དེ་ཕན་ཐོགས་ཀྱི་ཕྱིར་ལ་མིན་ད་གནོད་བསྐྱལ་ཡས་ཀྱི་ཆེད་དུ་བྱུང་བའི།

18 གི་བྱས་རེ་སྨྲ་ན་དང་པོ་གོ་ཁྱེད་ཀྱ་ཆོས་ཚོགས་དུ་མུ་ལ་འཛོམ་མ་རང་། ཁྱེད་ཀྱི་ནང་དུ་ཤོག་ཁག་བས་ཀྱིན་གོ་ངས་གོ་སོང་། དེ་ནས་དེ་ལ་ངས་ཡིད་ཆེས་ཅེ་འདུག།

19 ཁྱེད་ཀྱ་ནས་དད་པ་ལ་བརྟན་པོ་འོད་མཁན་ཀྱ་མངོན་ཡས་ཀྱི་ཆེད་དུ། ཁྱེད་ཀྱི་གུང་དུ་ཤོག་ཁག་བས་ཡས་དེ་འབྱུང་དགོས་ཡས་འདུག།

20 ཁྱེད་ཀྱ་མུ་ལ་འཛོམས་མ་རང་ཁྱེད་ཀྱིས་ཟ་གིན་ཟ་མ་གོ་གཙོ་བོའི་ཞལ་ལག་དངོས་གནས་གོ་མ་ལགས།

21 གི་བྱས་རེ་སྨྲ་ན་ཁྱེད་ཀྱ་ཟའི་གང་ལ་རིང་འགའ་རང་གི་ཟ་མ་གོ་ཨེན་ལ་ཟ་ལགས། དེ་ནས་རིང་འགའ་ལྟོགས་ཏེ་བསྡད་ད་ལགས། དེ་ནས་གཞན་མ་ཀྱ་བཟི་རེ་བསྡད་ད་ལགས།

22 ཁྱེད་ཀྱ་ཟ་འཐུང་བྱེད་ཡས་ལ་ཁྱེད་རི་རང་གི་ཁང་པ་མེད་ད་ལེ། ཡང་མེད་ན་ཁྱེད་ཀྱ་དཀོན་མཆོག་གི་ཆོས་ཚོགས་ལ་མཐོང་ཆུང་བྱེད་ཡས། དེ་ནས་གིའང་མེད་མཁན་ཀྱ་ལ་ངོ་ཚ་རུ་བཅུག་བ་ལེ། ང་ཁྱེད་ཀྱ་ལ་གི་སྨྲ་གུ་ལགས་སེ། ང་ཁྱེད་ཀྱ་ལ་བསྟོད་སྒྲ་བཏང་གུ་ལེ། འདིའི་ཆེད་དུ་ང་ཕུ་ཀི་བསྟོད་སྒྲ་མེད་བཏང་།

23 གི་བྱས་རེ་སྨྲ་ན་གཙོ་བོ་ནས་ང་ལ་གི་ཐོབ་ཀྱིན་གོ་ངས་ཁྱེད་ཀྱ་ལ་སྟེར་འོད། འོ་དེ་གོ་གཙོ་བོ་ཡེ་ཤུ་དགྲའི་ལག་ཏུ་ཆུད་ཀྱིན་མཚན་གོ་ལ། ཁོང་གིས་གྱང་ག་གོ་ཕྱག་ལ་བསྣུམས་པ་ལགས།

24 དེ་ནས་བཀའ་དྲིན་ཆེ་ཞུས་མཛད་དེ་འོ་དེ་གོ་བཅག་མཛད་པ་ལགས། དེ་ནས་གསུངས་བ་ལགས། དེ་ནི་ཁྱེད་ཀྱ་ཡི་ཆེད་དུ་ངའི་ལུས་ཡིན། ངའི་དྲན་གསོ་ཡི་ཕྱིར་ལ་དེ་རེ་བྱེད།

25 དེ་རེ་རང་བྱས་རེ་བཞེས་ཚར་ཏེ་ཁོང་པ་ཡིས་ཕོ་ར་གོ་བསྣུམས་ཏེ་དེ་རེ་གསུངས་བ་ལགས། དེ་ཕོ་ར་ནི་ངའི་ཁྲག་ལ་འོད་ཀྱིན་དམ་བཅའ་གསར་པ་གོ་ཡིན། ཁྱེད་ཀྱ་ཡིས་དེ་ནམ་འཐུང་ན། ངའི་དྲན་གསོའི་ཕྱིར་ལ་བྱེད།

26 གི་བྱས་རེ་སྨྲ་ན་ཁྱེད་ཀྱི་དེ་གྱང་ག་དེ་ཟ་ཡས་དང་ཕོ་ར་དེ་ནས་འཐུང་བའི་གང་ལ། གཙོ་བོ་མ་ཕེབས་ཐུག་པའི་གཙོ་བོ་སྐུ་གྲོངས་ཀྱིན་གོ་ལ་ཁྱེད་ཀྱ་ཡིས་གསལ་བསྒྲགས་བྱེད་ད་ལགས།

27 འོ་བྱས་རེ་གཙོ་བོ་ལ་རྩི་བཀུར་མེད་ཀྱིན་གྱི་ཐོག་ནས་གཙོ་བོའི་གྱང་ག་ཟ། ཡང་ན་ཕོ་ར་ནས་འཐུང་གིན་མི་ལ་གཙོ་བོའི་སྐུ་ལུས་དང་། སྐུ་ཁྲག་གཉིས་ཀ་ར་ལ་སྡིག་པ་བྱེད་ཀྱིན་གྱི་སྐྱོན་ཕོག་གི་ལགས།

28 མི་གི་རི་ཡིས་རང་གི་སེམས་ལ་བརྟག་དཔྱད་བྱེད་དགོས། དེ་ནས་གཅིག་ཀ་གྱང་ག་ཟ་དགོས། དེ་ནས་ཕོ་ར་ནས་འཐུང་དགོས།

29 གི་བྱས་རེ་སྨྲ་ན་གཙོ་བོའི་སྐུ་ལུས་ལ་མི་རྩི་ལ་ཟ་མཁན་དང་འཐུང་མཁན་ཀྱ་ཡིས། རང་གི་ཟ་འཐུང་བྱེད་ཀྱིན་གྱི་རང་ལ་ཆད་པ་འཕོག་ཏུ་བཅུག་གི་ལགས།

30 འོ་བྱས་རེ་ཁྱེད་ཀྱ་ནས་མི་མང་ང་སྐྱོ་བ་དང་ནད་པ་འདུག། དེ་ནས་རིང་འགའ་ཤི་ཚར་འདུག།

31 ཡིན་ནའང་འོ་རང་གིས་རང་རང་ལ་དངོས་གནས་རྟགས་དཔྱད་བྱས་འོད་ན། འོ་རང་ལ་ཁྲིམས་གཅོད་འཕོག་གི་མ་ལགས།

32 ཡིན་ནའང་གཙོ་བོས་འོ་རང་ལ་ཁྲིམས་བཅད་མཛད་དེ་གང་ལ། འོ་རང་འཇིག་རྟེན་པ་ཀྱ་མུ་ལ་མཐའ་མེད་པའི་ཆད་པ་མེད་འཕོག་ཡས་ཀྱི་ཆེད་དུ། ཁོང་གིས་འོ་རང་ལ་སྒྲིག་ཁྲིམས་ལ་བཞག་བ་མཛད་ད་ལགས།

33 འོ་བྱས་རེ་ངའི་སྤུན་ཀྱ་བོ། གཙོ་བོའི་ཞལ་ལག་ཟ་ཡས་ལ་འཛོམ་མ་རང་། ཁྱེད་ཀྱ་གཅིག་གིས་གཅིག་ལ་སྒུག།

34 དེ་ནས་མུ་ལ་འཛོམས་མ་རང་ཁྱེད་ཀྱ་ལ་ཁྲིམས་མེད་འཕོག་ཡས་ཀྱི་ཕྱིར་ལ། ཁྱེད་ཀྱ་ནས་ལྟོགས་མཁན་རེ་འོད་ན། འོ་དེས་རང་གི་ཁྱིམ་དུ་ཟ་དགོས། དེ་ནས་དོན་གཞན་མ་ཀྱ་ཡི་སྐོར་ལ་ང་འོང་བ་རང་ཁྱེད་ཀྱ་ལ་བསླབ་བྱ་སྟེར་ཡས་ཡིན།།

© 2023, Wycliffe Bible Translators, Inc. and Nepal Bible Society

Wycliffe Bible Translators, Inc.
Lean sinn:



Sanasan