༡ ཀོ་རིན་ཐུ་པ། 1 - གློ་བ།1 དཀོན་མཆོག་གི་ཐུགས་དགོངས་ཐོག་ནས་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་འབྱུང་ཡས་ལ་བོས་པ་ང་པའུ་ལུ་དང་འོ་རི་སྤུན་སོ་ཐེ་ནཱེ་ནས། 2 ཀོ་རིན་ཐུ་རུ་འོད་ཀྱིན་དཀོན་མཆོག་གི་ཆོས་ཚོགས་དང་། མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་དཀོན་མཆོག་གི་དམ་པ་མཛད་ཛ་དང་། དམ་པའི་མི་འབྱུང་ཡས་ལ་བོས་པ་ཀྱ་མུ་ལ། ས་ཆ་འོད་ལེ་ནས་ཁོང་ཀྱ་དང་། འོ་རི་གཙོ་བོ་ཡིན་གྱིན་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་འབོད་མཁན་གི་རི་ལ། 3 འོ་རི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་དང་ཞི་བདེ་ཁྱེད་ཀྱ་ལ་འཐོབ་པར་ཤོག། བཀའ་དྲིན་ཆེ་ཞུ་བ། 4 མཱ་ཤི་ཀ་ཡེ་ཤུའི་སྒོ་ནས་ཁྱེད་ཀྱ་ལ་དཀོན་མཆོག་གིས་གནང་ན་ཐུགས་རྗེའི་བྱས་རེ། ང་དཀོན་མཆོག་ལ་ཙོག་བའི་ཁྱེད་ཀྱི་ཕྱིར་ལ་བཀའ་དྲིན་ཆེ་ཞུས་འོད། 5 གི་བྱས་རེ་སྨྲ་ན་གཏམ་སྣ་གི་རི་དང་ཤོས་ཡོན་སྣ་གི་རིའི་ཐོག་ནས། ཁྱེད་ཀྱ་ཁོང་གི་ནང་ཕྱོགས་གི་རི་ནས་ཕྱུག་པོ་མཛད་འདུག། 6 དེ་ནས་འདི་རང་གི་ཁྱེད་ཀྱ་ལ་མཱ་ཤི་ཀའི་སྐོར་ལ་འི་ཀིས་བཤད་ཀྱིན་གོ་བདེན་པ་ལགས་སྨྲས་རེ་ཐག་བཅད་ད་ལགས། 7 འོ་བྱས་རེ་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་མངོན་སུམ་དུ་མཇལ་ཡས་ལ། ཁྱེད་ཀྱ་གུག་སྟེ་བསྡད་ད་རང་། ཁྱེད་ཀྱི་ནང་སེམས་ཉིད་ཀྱི་གནང་སྦྱིན་གིའང་མེད་ཚང་གིན་མེད་ཡོང་གི་ལགས། 8 དེ་ནས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལྡབ་ལེ་ཕེབས་ཡས་ཡིན་གྱིན་ཉིན་མ་གོ་ལ། ཁྱེད་ཀྱ་སྐྱོན་མེད་ཀྱིན་འབྱུང་ཡས་ཀྱི་ཕྱིར་ལ། ཁོང་པ་ཡིས་ཁྱེད་ཀྱ་ལ་མཐའ་ཐུབ་པ་བརྟན་པོ་མཛད་ཀྱི་ལགས། 9 དཀོན་མཆོག་ནི་བློ་གཏད་ཆོག་པ་འོད་ད་ལགས། དེ་ནས་ཁོང་གིས་རང་ཁྱེད་ཀྱ་ལ་རང་གི་སྲས་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་མུ་ལ། མཉམ་འབྲེལ་མཛད་ཡས་ཀྱི་ཕྱིར་ལ་བོས་མཛད་པ་ལགས། ཆོས་ཚོགས་ནང་གཡས་བ། 10 ད་སྤུན་ཀྱ་བོ། ཁྱེད་ཀྱ་གི་རི་ཁྱེད་རི་ནང་དུ་མཐུན་ཏེ། དེ་ནས་ཁྱེད་རི་ནང་དུ་གཡས་བ་བས་རེ་མིན་ད། ཡིན་ནའང་སེམས་པ་གཅིག་པ་དང་བསམ་བློ་གཅིག་པ་བྱས་རེ་སྡོད་སྨྲས་རེ། ང་འོ་རི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ནས་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། 11 གི་བྱས་རེ་སྨྲ་ན་ངའི་སྤུན་ཀྱ་བོ། ཁྱེད་ཀྱ་འཁྲུག་སྟེ་བསྡད་འདུག་སྨྲས་རེ་ང་ལ་ཀོ་ལཱོ་ཡིའི་ནང་མི་ཀྱ་ཡིས་བཤད་སོང་། 12 ངས་སྨྲ་གིན་གོ་གི་ལགས་སྨྲ་ན་ཁྱེད་ཀྱ་ནས་རིང་འགའ་ཡིས་ང་པའུ་ལུའི་ཡིན། དེ་ནས་རིང་འགའ་ཡིས་ང་ཨ་པོལ་ལོས་ཀྱི་ཡིན། དེ་ནས་རིང་འགའ་ཡིས་ང་ཀེ་ཕཱའི་ཡིན། དེ་ནས་རིང་འགའ་ཡིས་ང་མཱ་ཤི་ཀའི་ཡིན་སྨྲས་རེ་སྨྲིས། 13 མཱ་ཤི་ཀ་བགོས་འོད་ད་ལགས་སེ། པའུ་ལུ་ཁྱེད་ཀྱི་ཕྱིར་ལ་རྒྱང་ཤིང་ཁར་ལ་བརྐྱངས་པ་ལགས་སེ། དེ་ནས་པའུ་ལུའི་མིང་ནས་ཁྱེད་ཀྱ་ཡིས་ཁྲུས་གསོལ་ལེན་པ་ལགས་སེ། 14 ང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། གི་བྱས་རེ་སྨྲ་ན་ངས་ཁྱེད་ཀྱ་ནས་ཀཱ་རིས་པུ་དང་ག་ཡུ་མ་ན་སུ་ལའང་ཁྲུས་གསོལ་མ་སྟེར། 15 འོ་བྱས་རེ་ཁྱེད་ཀྱ་སུས་འང་ངའི་མིང་ནས་ཁྲུས་གསོལ་ལེན་པའི་སྨྲས་རེ་སྨྲ་མེད་ཆོག་གི་ལགས། 16 (ལགས། ངས་སེ་ཏེ་ཕ་ནཱའི་ནང་མི་ལ་ཁྲུས་གསོལ་སྟེར་པའི། ཁོང་ཀྱ་མ་ན་ངས་གཞན་མ་སུ་ལའང་ཁྲུས་གསོལ་སྟེར་གྱིན་གོ་ང་ལ་དྲན་པ་མིན་འདུག) 17 གི་བྱས་རེ་སྨྲ་ན་མཱ་ཤི་ཀ་ཡིས་ང་ལ་ཁྲུས་གསོལ་སྟེར་ཏུ་མིན་ད། གཏམ་བཟང་བཤད་ཡས་ཀྱི་ཆེད་དུ་མངགས་བ་མཛད་པ་ལགས། དེ་ནས་འདི་ནི་འཇིག་རྟེན་པ་ཤེས་རབ་ཀྱི་གཏམ་ཀྱ་ནས་མ་ལགས། དེ་རེ་ཡིན་ན་མཱ་ཤི་ཀའི་རྒྱང་ཤིང་ལ་སྐུ་གྲོངས་ཀྱིན་གོ་དོན་མེད་དུ་འགྲོ་ཡས་འོད། མཱ་ཤི་ཀ་རང་དཀོན་མཆོག་གི་ཤེས་རབ་དང་ནུས་མཐུ། 18 གི་བྱས་རེ་སྨྲ་ན་མེད་ད་ལ་འགྲོ་ཡས་ཡིན་གྱིན་ཀྱ་ཡི་ཆེད་དུ། རྒྱང་ཤིང་གི་གཏམ་ནི་ཆོ་མེད་ཀྱིན་ལགས། ཡིན་ནའང་འོ་རང་ཐར་པ་ཐོབ་བའི་འོད་ཀྱིན་ཀྱ་ཡི་ཆེད་དུ། འོ་དེ་དཀོན་མཆོག་གི་ནུས་མཐུ་ལགས། 19 གི་བྱས་རེ་སྨྲ་ན་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། ང་མི་མཁས་བ་ཀྱ་ཡི་ཤེས་རབ་མེད་ད་ལ་བཏང་ཡས་ཡིན། དེ་ནས་མི་རིགས་པ་ཅན་ཀྱ་ཡི་རིགས་པ་འཕམ་དུ་བཅུག་ཡས་ཡིན། 20 མི་མཁས་བ་གོ་ག་ན། ཆོས་ཁྲིམས་ཀྱི་སློབ་དཔོན་ཀྱ་ག་ན། འདི་དུས་རབས་ཀྱི་རྩོད་གླེང་བྱེད་མཁན་ཀྱ་ག་ན། དཀོན་མཆོག་གིས་འདི་འཇིག་རྟེན་གྱི་ཤེས་རབ་གོ་ལ་གླེན་ད་མཛད་པ་མ་ལགས་སེ། 21 དཀོན་མཆོག་གི་ཤེས་རབ་ཀྱི་ནང་འདི་འཇིག་རྟེན་གྱི་མི་ཀྱ་ཡིས་རང་གི་ཤེས་རབ་ཀྱི་སྒོ་ནས། དཀོན་མཆོག་ལ་ངོ་མེད་ཤེས་ཀྱིན་བྱས་རེ། འོ་རི་གཏམ་བཟང་བཤད་ཀྱིན་ཆོ་མེད་ཀྱིན་ལས་ཀའི་ཐོག་ནས། དད་པ་བྱེད་མཁན་ཀྱ་ལ་སྐྱོབ་ཡས་ལ་དཀོན་མཆོག་ཐུགས་དགྱེས་བ་ལགས། 22 ཡ་ཧུ་དཱ་པ་ཀྱ་རྟགས་ཞུ་ལ་ལགས། དེ་ནས་གྷི་རིག་ཀྱ་ཤེས་རབ་བཙལ་ལ་ལགས། 23 ཡིན་ནའང་ཡ་ཧུ་དཱ་པ་ཀྱ་ཡི་ཆེད་དུ་བཀག་རྡོ་དང་། ཡ་ཧུ་དཱ་པ་མིན་མཁན་ཀྱ་ཡི་ཆེད་དུ་ཆོ་མེད་ཀྱིན་ལབ་ཡིན་གྱིན་རྒྱང་ཤིང་ཁར་ལ་བརྐྱངས་ཀྱ། མཱ་ཤི་ཀ་ལ་འོ་རང་གསལ་བསྒྲགས་བྱེད་ད་ལགས། 24 ཡིན་ནའང་ཡ་ཧུ་དཱ་པ་ཡིན་ན་ཡང་ན་གྷི་རིག་ཡིན་ན། དཀོན་མཆོག་གིས་བོས་པ་ཀྱ་ཡི་ཆེད་དུ་མཱ་ཤི་ཀ་རང་དཀོན་མཆོག་གི་ནུས་མཐུ་དང་ཤེས་རབ་གོ་ལགས། 25 གི་བྱས་རེ་སྨྲ་ན་དཀོན་མཆོག་གི་གླེན་ད་ནི། མིའི་ཤེས་རབ་ལས་ཆེ་འོད་ད་ལགས། དེ་ནས་དཀོན་མཆོག་གི་སྟོབས་སྐྱོ་བ་ནི། མིའི་སྟོབས་ཆེ་ནས་ལྷག་ཆེ་འོད་ད་ལགས། 26 སྤུན་ཀྱ་བོ། ཁྱེད་ཀྱ་ལ་འབོད་ལི་གང་ལ་ཁྱེད་ཀྱ་ག་རེ་འོད་ཀྱིན་གོ་དྲན་གསོ་བྱེད། འཇིག་རྟེན་གྱི་ལྟ་སྟངས་ལ་ཁྱེད་ཀྱ་ནས་མང་ཆེ་མཁས་བ་དང་དབང་ཆེ་དང་ཁག་ཆེ་མེད་ད་ལགས། 27 ཡིན་ནའང་མཁས་བ་ཀྱ་ལ་ངོ་ཚ་པབ་ཡས་ཀྱི་ཆེད་དུ། དཀོན་མཆོག་གིས་འཇིག་རྟེན་གྱི་གླེན་ད་ཀྱ་ལ་བདམས་མ་མཛད་པ་ལགས། དེ་ནས་དབང་ཆེ་ཀྱ་ལ་ངོ་ཚ་པབ་ཡས་ཀྱི་ཕྱིར་ལ། འཇིག་རྟེན་གྱི་སྐྱོ་བ་ཀྱ་ལ་བདམས་མ་མཛད་པ་ལགས། 28 དཀོན་མཆོག་གིས་འཇིག་རྟེན་གྱི་དམའ་བ་དང་། མཐོང་ཆུང་བརྩིས་ཙ་ཀྱ་ལ་བདམས་མ་མཛད་པ་ལགས། དེ་ནས་འོད་ཀྱིན་གོ་ལ་ཆོ་མེད་ཀྱིན་མཛད་ཡས་ཀྱི་ཆེད་དུ། རྩི་འང་མི་རྩི་མཁན་ཀྱ་ལ་བདམས་མ་མཛད་པ་ལགས། 29 དེ་ནི་དཀོན་མཆོག་གི་དྲུང་དུ་སུའང་ངོམ་གསོ་མི་བྱེད་ཡས་ཀྱི་ཆེད་དུ་ལགས། 30 མཱ་ཤི་ཀ་ཡེ་ཤུའི་ནང་ཁྱེད་ཀྱ་འོད་ཀྱིན་དེ་དཀོན་མཆོག་གིས་བྱས་རེ་ལགས། དེ་ནས་མཱ་ཤི་ཀ་ནི་འོ་རི་དོན་ལ་དཀོན་མཆོག་ནས་འོ་རི་ཤེས་རབ་དང་། འོ་རི་དྲང་བདེན་དང་། འོ་རི་དམ་པ་དང་། འོ་རི་ཐར་ལམ་བྱུང་བ་ལགས། 31 འོ་བྱས་རེ་དེ་རེ་བྲིས་འོད་ད་ལགས། ངོམ་གསོ་བྱེད་མཁན་ཀྱ་ཡིས་གཙོ་བོའི་ཁར་ལ་ངོམ་གསོ་བྱེད་དགོས།། |
© 2023, Wycliffe Bible Translators, Inc. and Nepal Bible Society
Wycliffe Bible Translators, Inc.